འོད་ཟེར་སྟོང་གི་ལོ་རྒྱུས་ཀྱི་བཞུད་ལམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »འོད་ཟེར་སྟོང་གི་ལོ་རྒྱུས་ཀྱི་བཞུད་ལམ།
འོད་ཟེར་སྟོང་གི་ལོ་རྒྱུས་ཀྱི་བཞུད་ལམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-01ལྟ་ཀློག (4821)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་གི་རིང་ལ་མི་དམངས་དམངས་གཙོའི་ཆེད་དུ་འབད་འཐབ་ལྷོད་མེད་གནང་བའི་འོད་ཟེར་སྟོང་གི་ལོ་རྒྱུས་ཀྱི་བཞུད་ལམ།


ཞཱན་པའོ་ཅཱན་གྱིས་བརྩམས།

མཐེབ་ཐོགས་ཕྲུག་གིས་བསྒྱུར།

   མི་དམངས་དམངས་གཙོ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་དུས་གཏན་དུ་མཐོན་པོར་སྒྲེང་བའི་འོད་སྟོང་འཕྲོ་བའི་དར་ཆ་ཞིག་ཡིན་ལ། ལོ་ངོ་བརྒྱ་ལྷག་གི་རིང་ལ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཆོད་སེམས་བརྟན་པོས་འབད་བརྩོན་ལྷོད་མེད་བྱས་ཏེ། ལོ་ངོ་སྟོང་གི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་དང་ཉེ་རབས་སུ་མི་སེར་སྤེལ་ཡུལ་དུས་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་དུས་ཕྱེད་ཙམ་དུ་གྱུར་མྱོང་བའི་སྤྱི་ཚོགས་ཤིག་གི་རྒྱལ་ཁབ་ཅིག་ཏུ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་དབང་བཙུགས་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཆབ་སྲིད་ལམ་ལུགས་རྒྱུན་འབྱམས་འཐུས་ཚང་དུ་བཏང་སྟེ།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་འདིར་ཕུགས་བསམ་བཅོལ་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དམངས་གཙོ་བརྩོན་ལེན་དང་། དམངས་གཙོ་འཛུགས་སྐྲུན། དམངས་གཙོ་འཕེལ་རྒྱས། དམངས་གཙོ་གོང་སྤེལ་བཅས་ཀྱི་འོད་སྟོང་འབར་བའི་བཞུད་ལམ་བུ་བརྒྱུད་དེ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་མི་དམངས་དམངས་གཙོ་སྔར་ལས་ལྷག་པར་འཕེལ་རྒྱས་འབྱུང་བར་རྩ་བའི་རྨ་གཞི་བརྟན་པོ་བསྐྲུན།

དམངས་གཙོའི་རིང་ལུགས་ཀྱིས་གསར་བའི་གསར་བརྗེར་རྒྱལ་ཁ་ཐོབ་སྟེ་མི་དམངས་དམངས་གཙོ་བརྩོན་ལེན་མཛད།

  《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་འཁོལ་པ་ལྟར“བཟོ་པའི་གསར་བརྗེའི་གོམ་པ་དང་པོ་ནི་འབྱོར་མེད་གྲལ་རིམ་པ་དབང་སྒྱུར་གྲལ་རིམ་དུ་འཕར་ནས་དམངས་གཙོ་བརྩོན་ལེན་བྱ་རྒྱུ་དེ་རེད”ཅེས་ཁྱབ་བསྒྲགས་བྱས་ཡོད་ལ། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ང་ཚོའི་ཏང་གི་ཕྲག་པའི་ལས་འགན་གཙོ་བོ་ནི་ཀྲུང་གོའི་མི་དམངས་ཀྱི་གཉོམ་ཆུང་མཐའ་ནས་སྐྱོང་བ་དང་བཙན་པོའི་གཉའ་ནས་འཛིན་བཞིན་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ནས་མི་རིགས་རང་བཙན་བརྩོན་ལེན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྩ་བའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན།

   དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་ལོ་རྒྱུས་དེ་རྩ་བའི་དོན་སྙིང་ཐོག་ནས་བཤད་ན་ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མི་རིགས་རང་བཙན་མངོན་འགྱུར་བྱས་པ་དང་མི་དམངས་དམངས་གཙོ་བརྩོན་ལེན་བྱས་རྒྱུ་དེ་ཡིན་ལ།དེ་ཡང་གཙོ་འཛིན་མའོ་ཙེ་ཏུང་གིས་ནན་གྱིས་བསྟན་པ་ལྟར། ཀྲུང་གོའི་གསར་བརྗེའི་ཕྲག་སྟེང་དུ་ལས་འགན་ཆེན་པོ་གཉིས་ཡོད་དེ། གཅིག་ནི“ཕྱི་ཕྱོགས་སུ་བཙན་རྒྱལ་རིང་ལུགས་ཀྱི་གཉའ་གནོན་མགོ་རྟིང་སློག་པའི་མི་རིགས་ཀྱི་གསར་བརྗེ”དང་། གཞན་གཅིག་ནི“ནང་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བདག་གི་གཉའ་གནོན་མགོ་རྟིང་སློག་པའི་དམངས་གཙོའི་གསར་བརྗེག”གཉིས་ཡིན། ལས་འགན་ཆེན་པོ་དེ་གཉིས་“ངོ་བོ་གཅིག་ལ་རྣམ་པ་ཐ་དད་ཡིན།”མི་རིགས་རང་བཙན་དང་མི་དམངས་དམངས་གཙོའི་ལས་འགན་ཆེན་པོ་དེ་གཉིས་ཀྱི་ཆེད་དུ་ང་ཚོའི་ཏང་གིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་གསར་བརྗེ་ཆེན་པོའི་དུས་སྐབས་དང་། རྩྭ་སྐྱ་མེ་རུ་སྲེག་པའི་ས་ཞིང་གསར་བརྗེ་ཡི་དམག་འཁྲུག་གི་དུས།དམངས་ཡོངས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱིས་རི་འགོག་དམག་འཁྲུག་གི་ཚེ།སྟོབས་ཤུགས་སྨྱུག་མ་ལྟ་བུའི་བཅིངས་འགྲོལ་དམག་འཁྲུག་གི་སྐབས་སོགས་བརྒྱུད་དེ་ཀྲུང་ཧྭ་མི་དམངས་བཙན་རྒྱལ་རང་ལུགས་ཀྱི་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་ཡོད་ཚད་རྩ་མེད་བཟོས་ཏེ།ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་གྱི་སྒེར་གཅོད་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་གདོང་མཆོང་གི་ཕུགས་བསམ་མངོན་འགྱུར་བྱུང་པ་དང་། འཛམ་གླིང་གི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་འཛམ་གླིང་ཡོངས་ཀྱི་གཉའ་གནོན་མྱོང་མཁན་མི་རིགས་དང་མི་དམངས་ཀྱིས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ཆོད་སེམས་ལ་སྐུལ་མ་བཏང་བ་རེད། རླབས་ཆེན་གྱི་རྒྱལ་ཁ་དེས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་རྩ་བའི་རྨང་གཞི་བཏིང་ནས་མི་དམངས་དམངས་གཙོ་གྲུབ་པ་དང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་མཐུན་རྐྱེན་བླ་མེད་བསྐྲུན་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བདེ་ལེགས་ལམ་ལྷོང་བྱུང་སྟེ་དེའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་དམངས་དམངས་གཙོ་འཛུགས་སྐྱོང་གནང་བ།

   དམངས་གཙོ་ནི་ངོ་བོའི་ཐོག་ནས་བཤད་ན་རྒྱལ་ཁབ་ཀྱི་ལམ་ལུགས་ཤིག་ཡིན།མར་ཁེ་སིས་གཏིང་ཟབ་ངང་བསྟན་དོན།དམངས་གཙོའི་འཕེལ་རྒྱས་ཀྱི་གཏན་ཚིགས་ནི་“རྒྱལ་ཁབ་ཀྱི་ལམ་ལུགས་ཀྱིས་མི་དམངས་གསར་སྐྲུན་བྱེད་པ་མིན་པར་མི་དམངས་ཀྱིས་རྒྱལ་ཁབ་ལམ་ལུགས་གསར་སྐྲུན་བྱེད་པ་དེ་རེད།”མི་དམངས་ཀྱི་གཙོ་ཤུགས་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་གསར་སྐྲུན་དང་།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཛུགས་སྐྱོང་བྱེད་པ་ནི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་མི་དམངས་དམངས་གཙོའི་ཆེད་དུ་འབད་འཐབ་ལྷོད་མེད་བྱས་པའི་བྱས་རྗེས་མངོན་གསལ་དོད་པོ་ཞིག་རེད།

ཀྲུང་གོ་གསར་པ་དབུ་བརྙེས་པའི་སྔོན་ལ་ང་ཚོའི་ཏང་གིས་གསར་བརྗེར་རྒྱལ་ཁ་ཐོབ་རྗེས་ཇི་ལྟར་བྱས་ནས་རྒྱལ་ཡོངས་ཀྱི་མི་དམངས་དམངས་གཙོའི་ལམ་ལུགས་འཛུགས་རྒྱུའི་གནད་དོན་ལ་བསམ་གཞིགས་བྱེད་འགོ་བརྩམས་པ་དང་། གཙོ་འཛིན་མའོ་ཙེ་ཏུང་གིས《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྐོར་གླེང་བ》སོགས་གསུང་རྩོམ་གལ་ཆེན་མང་བོའི་ནང་དུ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྩ་བའི་ལམ་ལུགས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་གནང་བ“དེ་ནི་ང་ཚོའི་གཞི་རྩ་གཙོ་བོ་ཡིན།”བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་མིས་དུས་ནམ་ཡང་ཀྲུང་གོ་གསར་པའི་རྒྱལ་ཁབ་ཀྱི་ལམ་ལུགས་འཛུགས་སྐྲུན་བྱེད་པའི་མི་དམངས་ཀྱི་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་དབང་བཙུགས་པ་མ་ཟད་སྲ་བརྟན་དུ་བཏང་སྟེ་རྒྱལ་ཁབ་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་རྩ་བའི་མཐུན་རྐྱེན་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བར་རྩ་བའི་ཁག་ཐེག་ཐུབ་ཡོད།

   ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་ཆེད་མའོ་ཙེ་ཏུང་གིས་དམངས་གཙོའི་ལམ་ལུགས་འཛུགས་པའི་རྩ་བའི་སྒྲིག་འཛུགས་ཆེན་པོ་གཉིས་དམ་པོར་བཟུང་སྟེ་གཅིག་ནི་སྐུ་ངོ་མས་གཙོ་སྐྱོང་གནང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འཆར་ཟིན》བྲིས་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཆེན་པོའི་རྣམ་པའི་ཐོག་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གོ་གནས་གཏན་འཁེལ་དང་གཉིས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་འཚོག་རྒྱུའི་ལྟ་གོན་ཇི་བཞིན་རྒྱལ་ཁའི་འཚོགས་ཏེ་འཐུས་མི་བདམས་ཐོན་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་རྒྱལ་ཁབ་ཀྱི་སྒྲིག་གཞི་འདེམས་བསྐོ་བྱ་རྒྱུ་དེ་ཡིན།སྤྱི་ལོ1954ལོའི་ཟླ་9པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་དུ་རྒྱལ་ཁའི་ངང་འཚོགས་ཤིང་དེས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྒྱལ་ཁབ་འཛུགས་སྐྲུན་ལམ་ལུགས་ཅན་དང་ཁྲིམས་ལུགས་ཅན་གྱི་ཕུགས་རིང་བའི་ལམ་ཁ་གསར་པར་བསྐྱོད་པ་མཚོན་ཡོད།

   ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་འོག་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དམངས་གཙོའི་ལམ་ལུགས་དེ་ཀྲུང་གོའི་ཤར་ཕྱོགས་ཀྱི་ས་གཞི་ཆེན་པོ་འདིར་བརྟན་པོར་གནས་ཡོད། དུས་སྐབས་དེའི་ནང་ཏང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་གཏན་འཁེལ་བྱེད་པར་འགོ་ཁྲིད་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ལམ་ལུགས་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད། ཏང་གིས་འགོ་ཁྲིད་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་དང་སྲ་བརྟན་དུ་བཏང་བ་དང་མི་རིགས་ཁག་བར་འདྲ་མཉམ་རོགས་རེས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བཙུགས་ཏེ་འཕེལ་རྒྱས་སུ་གཏང་། རྒྱལ་ཡོངས་ཀྱི་བཟོ་པ་དང་ཞིང་པ། ཤེས་ཡོན་ཅན་དང་གྲལ་རིམ་གཞན་དག་གིས་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་དང་སྲ་བརྟན་དུ་བཏོང་བཞིན་རྒྱ་ཁྱབ་ཀྱི་འཐབ་ཕྱོགས་གཅིག་གྱུར་ལ་ཤུགས་སྣོན་དང་རྒྱ་སྐྱེད་བཏང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དེས་རང་རྒྱལ་གྱི་ཡར་ཐོན་དང་འཕེལ་རྒྱས་ཡོད་ཚད་ལ་རྨང་གཞི་ཡག་པོ་བཏིང་ཡོད།“མི་དམངས་དམངས་གཙོ་འཛུགས་སྐྲུན་བྱེད་པའི”རླབས་ཆེན་གྲུབ་འབྲས་དེས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་བར་འཛད་མཐའ་མེད་པའི་ལམ་ལུགས་ཀྱི་ནུས་ཤུགས་མཁོ་འདོན་བྱས་པ་དང་རྣམ་པ་ཀུན་ཏུ་མི་དམངས་དམངས་གཙོར་འགྱུར་དང་འཕེལ་རྒྱས་སུ་གཏོང་བར་རྩ་བའི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་ཕྱག་ལས་གནང་སྟེ་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས།

   སྤྱི་ལོ1978ལོའི་ཟླ12པར་འཚོགས་པའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་པ་བཙུགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཛུགས་སྐྱོང་གི་རྒྱང་སྐྱོད་ལམ་བུ་གསར་པའང་བཏོད་ཡོད།བཅོས་བསྒྱུར་སྒོ་འབྱེད་ནི་ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་ཕྱག་ལས་ཤིག་ཡིན་ལ།གསར་བརྗེ་ཡི་ཕྱག་ལས་འདི་ལ་གྲུབ་འབྲས་མངོན་གསལ་ཞིག་ཡོད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལམ་ལུགས་བཅོས་བསྒྱུར་བྱས་པ་བརྒྱུད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཛུགས་སྐྱོང་གི་བགྲོད་ལམ་ལམ་ལྷོང་བྱུང་ཡོད།བཅོས་བསྒྱུར་གྱི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བཞིན་དམངས་གཙོའི་ལམ་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱུས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་རིགས་ནི་དམངས་གཙོའི་ཆབ་སྲིད་ཀྱི་ལྟེ་བའི་གནད་དོན་ཞིག་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་རྒྱལ་ཁབ་གཞུང་ལུགས་ཀྱིས་གསལ་པོར་བསྟན་དོན། གུང་ཁྲན་ཏང་གིས་སྲིད་སྐྱོང་བ་དང་རྒྱལ་ཁབ་ཀྱི་ལམ་ལུགས་བསྒྱུར་བཅོས་བྱེད་པའི་རྩ་བའི་ལས་འགན་ཞིག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ནས་རྒྱལ་ཁབ་དང་སྤྱི་ཚོགས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་རྒྱུ་དེ་ཡིན། རྒྱལ་ཁབ་ཀྱི་དབང་ཆ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕན་པའི་ཕྱོགས་སུ་སྲུང་སྐྱོང་དང་སྐུལ་འདེད་ཀྱི་ནུས་པ་འདོན་པར་ཁག་ཐེག་བྱེད་པ་དང་། ཏེང་ཞའོ་ཕིང་གིས་ཡང་དང་བསྐྱར་དུ་ནན་གྱིས་བཤད་དོན།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལམ་ལུགས་བཅོས་བསྒྱུར་བྱེད་པར་ངེས་པར་དུ་ཕྱོགས་གསུམ་གྱི་ལས་འགན་མངོན་འགྱུར་བྱེད་དགོས་ལ། གཅིག་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་རིམ་བཞིན་ལེགས་བཅོས་བྱེད་དགོས། གཉིས་ནས་མི་དམངས་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཏེ་མི་དམངས་ཡོངས་ལ་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་དང་ལྷག་པར་དུ་གཞི་རིམ་གྱི་ས་གནས་སྲིད་དབང་དང་ཁེ་ལས་བྱ་གཞག་ཁག་ལ་དོ་དམ་བྱེད་པའི་དབང་ཆ་དངོས་གནས་ལོངས་སུ་སྤྱོད་ཐུབ་པར་ཁག་ཐེག་བྱ་དགོས། གསུམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་མཁན་ཡོན་ཏན་ཅན་འབོར་ཆེན་གསོ་སྐྱོང་དང་། གསར་རྙེད་དང་གནས་སྤར། བཀོལ་སྤྱོད་བཅས་བྱ་དགོས། ཕྱོགས་ཆེན་པོ་འདི་གསུམ་གྱི་བསྒྱུར་བཅོས་ཀྱི་ལས་འགན་གཙོ་གནད་གཅིག་ལ་ཁྱབ་ཡོད་པ་དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་བར་གྱི་འབྲེལ་བ་མཐུན་སྦྱོར་ཡོང་བ་དང་མི་དམངས་མང་ཚོགས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་པའི་དབང་ཆ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་འགན་སྲུང་། ཏང་གི་འགོ་ཁྲིད་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས“སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་གཞག་གོང་དུ་འཕེལ་ཚད་མགྱོགས་སུ་གཏོང་རྒྱུ”དེ་རེད། བསྒྱུར་བཅོས་ཀྱི་བསམ་བློ་འདིའི་མཛུབ་ཁྲིད་འོག་རང་རྒྱལ་གྱི་དུས་སྐབས་གསར་པའི་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་དེ་སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་བ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་འབྲེལ་བ། ཏང་དང་མང་ཚོགས་ཀྱི་འབྲེལ་བ་སོགས་འབྲེལ་བ་གལ་ཆེན་གྱི་གནད་དོན་ཐད་འགག་སྒྲོལ་གལ་ཆེན་རབ་དང་རིམ་པ་མངོན་འགྱུར་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དམངས་གཙོ་ཅན་དང་། དཔལ་འབྱོར། སྤྱི་ཚོགས་དོ་དམ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཟང་བོ་ཐེབས་ཡོད།“མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི”རླབས་ཆེན་གྱི་འཕོ་འགྱུར་འདིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་གི་གཞི་རྩའི་རྣམ་པ་བཏིངས་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གྲུབ་པ་དང་འཕེལ་རྒྱས་གཏོང་བར་ཡང་དག་པའི་བགྲོད་ལམ་བཏོད་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཕྱོགས་ཏེ་མི་དམངས་དམངས་གཙོ་གོང་འཕེལ་གཏོང་དགོས།

   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རྒྱལ་ཁབ་བཅོས་སྐྱོང་དང་འཛུགས་སྐྲུན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་དབང་ཆ་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་བ་དེ་རེད། མི་གྲངས་དུང་ཕྱུར་བཅུ་གྲངས་ཀྱི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་བརྟན་པོའི་ངང་ཐག་གཅོད་བྱས་པ་མ་ཟད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་མ་ཟད། མི་དམངས་མང་ཚོགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཀྱི་ཐད་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་ཡོད། དུས་རབས་གསར་པའི་རླབས་ཆེན་ལག་ལེན་དང་གྲུབ་འབྲས་ཆེན་པོས་མི་དམངས་ནི་དམངས་གཙོའི་བྱེད་པོ་ཡིན་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་ཡིན་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དུས་རབས་གསར་པའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དེས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པར་སྟོབས་ཤུགས་གལ་ཆེན་གསོག་འཇོག་བྱས་པ་མ་ཟད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་གསར་པ་རྒྱ་ཆེར་ནུས་ལྡན་བཏང་བ་དང་མིའི་རིགས་ཀྱི་ཆབ་སྲིད་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ།འཛམ་གླིང་ཐོག་འཕེལ་རྒྱས་མགྱོགས་སུ་གཏོང་འདོད་ཡོད་ལ་རང་ངོས་ཀྱི་རང་ཚུགས་རང་བཞིན་རྒྱུན་འཁྱོངས་བྱེད་འདོད་པའི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་པ་མཁོ་འདོན་བྱས་ཡོད།

   ལམ་ལུགས་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ལམ་ལུགས་མ་ལག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས།ལམ་ལུགས་དེང་རབས་ཅན་དུ་འགྱུར་བ་ནི་དེང་རབས་རྒྱལ་ཁབ་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་པའི་ནང་དོན་གཙོ་བོ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་གནད་འགག་གི་རྒྱུ་རྐྱེན་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ལམ་ལུགས་ནི་རྩ་བའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཕུགས་རིང་རང་བཞིན་བཅས་ཀྱི་ནུས་པ་ཐོན་གྱི་ཡོད་”ཅེས་གཏིང་ཟབ་ངང་བསྟན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་བའི་ཏང་ཀྲུང་དབྱང་གིས་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བའི་རྩ་བའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཕུགས་རིང་རང་བཞིན་བཅས་ཀྱི་གནད་དོན་འདི་དམ་པོར་བཟུང་ནས་རྒྱལ་ཁབ་འཛུགས་སྐྲུན་དང་བཅོས་སྐྱོང་ལ་སྐུལ་འདེད་བཏང་བས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཛུགས་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་ལམ་ལུགས་མ་ལག་སྒྱུར་བཅོས་ཟབ་སྤེལ་བྱས་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་རྩ་བའི་ལམ་ལུགས་དང་གཞི་རྩའི་ལམ་ལུགས།ལམ་ལུགས་གལ་ཆེན་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བར་དོ་སྣང་བྱས་པས།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་ཟམ་མི་ཆད་པར་སྲ་བརྟན་དང་འཐུས“མི་དམངས་དམངས་གཙོ་གོང་དུ་སྤེལ་བའི”རླབས་ཆེན་གྱི་བྱ་སྤྱོད་འདིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གྲུབ་པ་དང་འཕེལ་རྒྱས་གཏོང་བར་རྣམ་པ་གསར་པ་ཞིག་བཏོད་ཡོད།

འབྱུང་ཁུངས། སློབ་སྦྱོང་གི་དུས་ཚོད་ཚགས་པར། 

(རྩོམ་པ་པོ་ནི་ཧྲན་ཏུང་ཞིང་ཆེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཆེད་མངགས་ཞིབ་འཇུག་པ་དང་ཧྲན་ཏུང་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་ཡིན།)


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570176
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།