​ལིས་ཁི་ཆང་གིས་མི་གཡོ་ཚོང་ལ་ངོ་རྒོལ་བྱེད་པའི་ཚོགས་འདུ་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​ལིས་ཁི་ཆང་གིས་མི་གཡོ་ཚོང་ལ་ངོ་རྒོལ་བྱེད་པའི་ཚོགས་འདུ་བསྡུས།
​ལིས་ཁི་ཆང་གིས་མི་གཡོ་ཚོང་ལ་ངོ་རྒོལ་བྱེད་པའི་ཚོགས་འདུ་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-31ལྟ་ཀློག (5343)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།

ལིས་ཁི་ཆང་གིས་མི་གཡོ་ཚོང་ལ་ངོ་རྒོལ་བྱེད་པའི་ཚོགས་འདུ་བསྡུས།

   ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་གཡོ་ཚོང་ལ་ངོ་རྒོལ་བྱེད་པའི་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་གཡོ་ཚོང་ལ་ངོ་རྒོལ་བྱེད་པའི་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། བསླུ་བྲིད་དང་གཡོ་འཚོང་བྱེད་མཁན་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་ནི་ཁྱིམ་ཚང་གི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ད་ལྟ་སྤེལ་བཞིན་པའི་བུད་མེད་དང་བྱིས་པ་བསླུ་བྲིད་དང་གཡོ་བཙོང་བྱས་པའི་ཉེས་འགལ་དོན་རྐྱེན་ལ་རྡུང་རྡེག་ནན་མོ་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བསླུ་བྲིད་དང་གཡོ་བཙོང་བྱས་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱེད་པ། མགོ་སྐོར་བསླུ་བྲིད་དང་གཡོ་བཙོང་བྱས་པའི་མི་སྣ་སྐྱོབ་རོགས་དང་སེམས་ཁུར། ཁམས་གསོ། སྒེར་གྱི་གསང་བ་ལ་སྲུང་སྐྱོབ། ཁྱིམ་ཚང་དང་སྤྱི་ཚོགས་སུ་ཕྱིར་ལོག་པ་སོགས་ཀྱི་ལས་དོན་དུས་ཐོག་ཏུ་ལེགས་པར་བསྒྲུབ་དགོས། མི་གཡོ་ཚོང་བྱེད་པ་ནི་ཚུལ་མཐུན་ལུགས་མཐུན་ཞིག་གཏན་ནས་མིན་པས། གྱོད་དོན་དང་འབྲེལ་བ་ཡོད་པའི་ཉེས་ཅན་འཛིན་བཟུང་མཐའ་གཅིག་ཏུ་བྱས་ནས་ཁྲིམས་ལ་སྦྱོར་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་མཉམ་ལས་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་ནུས་པ་འདོན་པ། འགན་འཁྲི་ནན་མོ་འཁུར་བ་བཅས་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་མཐོང་ཆུང་བྱེད་པའི་འགན་འཛོལ་དང་འགན་འཁྲི་ཤོར་བའི་བྱ་སྤྱོད་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་དང་། རྡུང་རྡེག་དང་སྔོན་འགོག་ཟུང་འབྲེལ་བྱེད་པ། རྩ་ལག་མཉམ་བཅོས་བཅས་རྒྱུན་འཁྱོངས་བྱེད་པ། ཕྱོགས་གང་ཅིའི་ཐོན་ཁུངས་སྡེབ་སྒྲིག་བྱེད་པ། བསླུས་ཚོང་ལ་རྒོལ་བའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་ཀྱི་དྲང་བདེན་སྲུང་སྐྱོབ་བཅས་བྱེད་དགོས།

རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསླུས་ཚོང་ལ་ངོ་རྒོལ་བྱེད་པའི་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་སྤྱི་ཁྱབ་ཚོགས་འདུ་བསྡུ་མཁན་ཀྲའོ་ཁི་ཀྲི་ཚོགས་འདུར་ཞུགས་ནས་གཏམ་བཤད།

ལོ་ཙཱ་བ། བན་དེ་སྐྱབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572567
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།