ཏང་གི་ལོ་བརྒྱའི་ལོ་རྒྱུས་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་ཕྱིར་རྟོག་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཏང་གི་ལོ་བརྒྱའི་ལོ་རྒྱུས་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་
ཏང་གི་ལོ་བརྒྱའི་ལོ་རྒྱུས་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་ཕྱིར་རྟོག་བྱས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-17ལྟ་ཀློག (5414)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཏང་གི་ལོ་བརྒྱའི་ལོ་རྒྱུས་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་ཕྱིར་རྟོག་བྱས་པ།

ཀྲའོ་ཧུང་ཡུས་ལགས་ཀྱིས་བརྩམས། 

མཐེབ་ཐོགས་ཕྲུག་གིས་བསྒྱུར།

   ཀྲུང་གོའི་གུང་ཁྲན་ཏང་ཐོག་མར་བཙུགས་པ་ནས་བཟུང་སྟེ་མར་ཁེ་སིའི་རིང་ལུགས་བསམ་བློའི་གཞི་རྩར་བཟུང་སྟེ། ཇི་ལྟར་བྱས་ནས་མར་ཁེ་སིའི་རིང་ལུགས་ཀྱི་ཡོངས་ཁྱབ་རྩ་བའི་རིགས་པ་དེ་ཀྲུང་གོའི་དངོས་ཡོད་ཀྱི་གནས་སྟངས་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གུང་ཁྲན་ཏང་གི་ཐོག་མའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ཏང་བཙུགས་པའི་དུས་འགོའི་ཀྱག་ཀྱོག་འཚོལ་ཞིབ་ཀྱི་འཕྲོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་གཞི་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཐབས་མཆོག་དེ་རྙེད་ཡོད་ལ། ཀྲུང་གོའི་གུང་ཁྲན་ཏང་ཏང་ཡོན་གྱི་ངོས་ནས་བཤད་ན། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་གཏོང་བ་ནི་སློབ་སྟོན་གྱི་རྩ་དོན་ཡིན་ལ་བསམ་བློའི་མཛེས་དཔྱོད་ཀྱང་ཡིན། ལོ་རྒྱུས་ཀྱི་ཉམས་མྱོང་གི་ཐོག་ནས་བལྟས་ན། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ནི་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན།བཅོས་བསྒྱུར། བསྐྱར་དར་བཅས་ཀྱི་གཞི་རྩ་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་འགལ་རྐྱེན་སྣ་ཚོགས་ཁྱད་བསད་བྱས་ཏེ་བགྲོད་ལམ་གསར་པ་མངོན་འགྱུར་བྱེད་ཐུབ་པ་དང་རྒྱལ་ཁ་གསར་པ་ལེན་ཐུབ་པའི་ཆེས་བརྟན་བརླིང་གི་བསམ་བློའི་སྲོག་ཤིང་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དངོས་ཡོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་སྒོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཀྱང་ཡིན་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཐབས་རྩལ་གསར་པ་མངོན་འགྱུར་བྱུང་ཡོད།

རིག་གནས་ཀྱི་བློ་སྟོབས་སྲ་བརྟན་དུ་གཏོང་རྒྱུ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་རྩ་བའི་བསྲུང་བྱ་ཡིན།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ“མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དངོས་ཡོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་སྒོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱིས་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པ། དུས་རབས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་སྒོ་ནས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་ང་ཚོས་སྤྱིར་བཏང་དུ་དུས་རབས་འདི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་སྐོར་གླེང་སྐབས་གཙོ་བོ་ནི“ཟུང་འབྲེལ”དང་པོ་ནས་བལྟས་ཡོད་མོད། འོན་ཀྱང་རིག་གནས་ཀྱི་རྨང་གཞིའི་གྲུབ་ཚུལ་ཐད་བགྲོ་གླེང་ཡག་པོ་བྱེད་མ་ཐུབ་ན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་དེ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱིན་རིན་ཐང་གི་ལྟ་བ་གཏིང་ཟབ་ཏུ་གཏོང་མི་ཐུབ་པ་དང་། ཀྲུང་གོའི་རིག་གནས་དང་བསམ་བློའི་འགྱུར་བ་གཏིང་ཟབ་ནས་ཕན་ཚུན་མཉམ་གནས་ཀྱིས་མར་ཁེ་སིའི་རིང་ལུགས་དེ་ནུབ་ཕྱོགས་ཀྱི་རིག་གནས་སུ་རྩ་བ་ཟབ་མོ་ཚུགས་ཡོད་མོད། དེ་བས་ཀྱང་ཁ་གསལ་གནད་འཁེལ་གྱི་སྒོ་ནས་བཤད་ན། བློ་སྒོ་འབྱེད་པའི་ལས་འགུལ་དང་འཆར་ཡན་རིང་ལུགས་ཀྱི་ལས་འགུལ་གྱིས་དེར་བསམ་པའི་གོ་རྟོག་ཕུན་སུམ་ཚོགས་པོ་སྤྲད་ཡོད་མོད། འོན་ཀྱང་མར་ཁེ་སིའི་རིང་ལུགས་ནི་ནུབ་ཕྱོགས་ཁོ་ནར་དབང་བ་མ་ཡིན་པར། དེ་ནི་མི་རིགས་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་སྟེ་འཛམ་གླིང་གི་ལོ་རྒྱུས་རྨང་གཞིའི་ཐོག་བྱུང་བའི་འཛམ་གླིང་རང་བཞིན་གྱི་བསམ་པའི་ལོངས་སྤྱོད་ཅིག་རེད། རྒྱུ་མཚན་དེའི་ཐོག་ནས“མར་ཁེ་སིའི་འཇིག་རྟེན་ལྟ་བ་ནི་འཇར་མན་དང་ཡོ་རོབ་གླིང་གི་ཡུལ་ཁམས་ཙམ་མ་ཡིན་པར། འཛམ་གླིང་གི་ཤེས་རིག་ཡོངས་ཀྱི་ནང་ནས་ཆེས་བརྩི་བཀུར་ཀྱི་རྗེས་འདེད་པ་མང་དུ་བྱུང་ཡོད།”མར་ཁེ་སིའི་རིང་ལུགས་ཀྱི་འཛམ་གླིང་རང་བཞིན་གྱི་ཁྱད་ཆོས་དེའི་དབང་གིས་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བ་མཉམ་འདྲེས་བྱེད་པར་གོ་སྐབས་དང་རེ་བ་འདོན་སྤྲོད་བྱས་ཡོད།

   དུས་རབས་གོང་མའི་ལོ་རབས་སུམ་ཅུ་པའི་ནང་མའོ་ཙེ་ཏུང་གིས་མར་ཁེ་སིའི་རིང་ལུགས་ངེས་པར་དུ“མི་རིགས་རིག་པའི་རྣམ་པ་བརྒྱུད་ན་ད་གཟོད་མངོན་འགྱུར་བྱེད་ཐུབ་པ”དང་། “དེའི་མཚོན་ཚུལ་རེ་རེའི་ཁྲོད་དུ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་དགོས་པ”ཤེས་ཡོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་བྱས་པའི་དབང་གིས་ལོ་རྒྱུས་ཀྱི་གནས་ཚུལ་དངོས་ནི་མར་ཁེ་སིའི་རིང་ལུགས་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ནི་རྒྱུན་དུ་ཤེས་རིག་གི་རྣམ་པ་མི་འདྲ་བའི་ཐོན་དངོས་སུ་བརྩི་བཞིན་ཡོད་པ་དང་། ཁྱད་པར་ཧ་ཅང་ཆེ་བའི་དབང་གིས་དེ་དག་བར་ཐོག་མཐའ་བར་གསུམ་དུ་གླེང་གཞི་དངོས་སུ་སྤེལ་བར་དཀའ་ཁག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན“རིག་གནས་ཀྱི་གདེང་ཚོད་ནི་ཐོག་མའི་རྨང་གཞི་དེ་སྔར་བས་རྒྱ་ཆེ་བ་དང་སྔར་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཡིན་པ་དང་། ཐོག་མའི་གཞི་རྩ་དང་ཡང་སྔར་བས་གཏིང་ཟབ་པ། སྔར་བས་རྒྱུན་རིང་བཅས་ཀྱི་སྟོབས་ཤུགས་ཡིན”ཞེས་དང་། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་ཡིད་ཆེས་དང་རིགས་གཞུང་གི་སྙིང་སྟོབས། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས་པ་དེ་རེད།

ཀྲུང་གོར་མར་ཁེ་སིའི་རིང་ལུགས་ཀྱི་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

   བསམ་གཞིགས་བྱེད་རིན་ཡོད་པའི་གནད་དོན་ནི་མར་ཁེ་སིའི་རིང་ལུགས་ནི་དེང་རབས་བཟོ་ལས་དཔལ་ཡོན་གྱི་འབྱུང་ཁུངས་དངོས་ཡིན་པ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ནི་གནའ་རབས་ཞིང་ལས་དཔལ་ཡོན་གྱི་ཐོན་དངོས་ཡིན་པས་དེ་གཉིས་རིག་གནས་རྣམ་པ་མི་འདྲ་བ་གཉིས་སུ་གཏོགས་པའི་རྒྱུ་མཚན་གྱིས་ཕན་ཚུན་བར་མཉམ་འདྲེས་བྱེད་ཐུབ་བམ། ཀྲུང་གོའི“སྲོལ་རྒྱུན་རིག་གནས་ཅན་དུ་འགྱུར་བའི”མར་ཁེ་སིའི་རིང་ལུགས་སྤྱད་ན། མར་ཁེ་སིའི་རིང་ལུགས“གཞི་མེད”དུ་འགྱུར་སྲིད་དམ། དོན་དངོས་ཐོག་སེམས་ཁྲལ་དེ་རིགས་ཀྱིས་རིག་གནས་མི་འདྲ་བའི་དབར་སྤེལ་རེས་མཉམ་འདྲེས་ཀྱི་ངོ་བོར་གོ་ནོར་ཐེབས་ཡོད། རིག་གནས་གང་ཞིག་གྲུབ་པ་ཚང་མར་སྤྱི་ཚོགས་ཀྱི་འབྱུང་རྩ་ཡོད་པ་དང་། ཤེས་རིག་མི་འདྲ་བའི་འོག་གསོ་སྐྱོང་བྱས་པའི་རིག་གནས་ལའང་ཁྱད་པར་ཆེན་པོ་ཡོད་མོད། འོན་ཀྱང་རིག་གནས་དེ་དོན་སྙིང་མ་ལག་ཆ་ཚང་ཞིག་དང་མཚོན་བྱེད་མ་ལག་ཅིག་ཡིན་པའི་ཆ་ནས། སྟབས་བདེའི་ངང་སྤྱི་ཚོགས་གྲུབ་ཚུལ་གྱི་ཟུར་གཏོགས་དངོས་པོ་ཞིག་ཏུ་ངོས་འཛིན་བྱེད་མི་རུང་། དེར་བལྟོས་བཅས་ཀྱི་རང་བཙན་རང་བདག་གི་གོ་གནས་ཡོད་པ་དང་། ཡུལ་དུས་ལས་བརྒལ་བའི་སྟོབས་ཤུགས་དང་ལྡན་པ་རེད། ཞིང་ལས་སྤྱི་ཚོགས་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་གསོ་སྐྱོང་བྱེད་པའི་རང་བྱུང་ཁོར་ཡུག་ཅིག་ཡིན་མོད། འོན་ཀྱང་དེས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱིས་ལྟ་བ་འཛིན་པའི་རིན་ཐང་གི་ཉིང་བོ་དེ་ཞིང་ལས་སྤྱི་ཚོགས་ཁོ་ནར་སྤྱོད་གོ་ཆོད་པ་མཚོན་མི་ཐུབ། མར་ཁེ་སི་རང་ཉིད་འཇར་མན་དུ་སྐྱེས་ཀྱང་ཁོང་གི་དགོངས་པ་འཛམ་གླིང་རང་བཞིན་གྱི་བསམ་པའི་ཐོན་ཁུངས་སུ་འགྱུར་རྒྱུར་ཤུགས་རྐྱེན་བཟོ་མི་སྲིད། རིག་གནས་གཉིས་ཀྱི་ངོ་བོ་ཐ་དད་རང་བཞིན་ནི་དེ་གཉིས་ཀྱི་འབྲེལ་འདྲིས་དང་མཉམ་འདྲེས་བཀག་འགོག་བྱེད་པའི་རྒྱུ་མཚན་མ་ཡིན་པ་འདི་ནི་སྨོས་མ་དགོས་པ་ཞིག་རེད།

   མར་ཁེ་སིའི་རིང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱེད་པའི་གཞི་རྩ་ནི་ཀྲུང་གོའི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་དཔལ་ཡོན་དེ་སྲོལ་རྒྱུན་གྱི་ལངས་ཕྱོགས་སུ་འགྲེང་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལྟ་བ་དང་བསམ་པའི་དཔལ་ཡོན་གཏིང་ཟབ་པའི་བྱེད་སྟངས་ཐོག་ནས་མར་ཁེ་སི་རིང་ལུགས་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། དེའི་དམིགས་ཡུལ་ནི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེན་པོར་བརྟེན་ནས་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་བ་འདིས་ཀྲུང་གོར་བསམ་བློར་རྨང་གཞིའི་འདུ་ཤེས་འཛིན་སྟངས་ཡིན་པའི་མར་ཁེ་སིའི་རིང་ལུགས་ཀྱི་གོ་གནས་ཁས་མི་ལེན་ཐུ་མེད་དུ་གྱུར། མར་ཁེ་སིའི་རིང་ལུགས་ལ་ཚུལ་དང་མི་མཐུན་པའི་བསྒྱུར་བཀོད་གང་ཡང་བྱས་མེད་ལ། དེ་ལས་ལྡོག་སྟེ་མར་ཁེ་སིའི་རིང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ན། མར་ཁེ་སིའི་རིང་ལུགས་ཀྱིས་སྔར་བས་ཀྱང་མངོན་གསལ་དོད་པའི་ཀྲུང་གོའི་གནས་བབ་དང་ཀྲུང་གོའི་དངོས་ཡོད་ཀྱི་ཐོག་ནས་ང་ཚོས་ཏང་འཛུགས་པ་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་སློབ་སྟོན་བསམ་བློར་འགྱུར་ངེས་རེད།

   ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་ལ་བསྐྱོད་པའི་རླུང་འཚུབ་ཀྱི་ལམ་བུར་ཕྱིར་མིག་བལྟས་ན། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ནི་ཐོག་མཐའ་བར་གསུམ་དུ་དུས་སྐབས་མི་འདྲ་བའི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་གྱི་དགོས་མཁོར་གཞིགས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་། དཀའ་ངལ་དང་ཉེན་ཁ་རྒྱུན་ཆད་མེད་པར་ཁྱད་བསད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་དུས་ལས་འདའ་མེད་པ་དང་། ལེགས་གྲུབ་བྱུང་པའི་གོ་སྐབས་ཀྱང་ཤོར་མེད་པས་ཀྲུང་གོའི་ལག་ལེན་གྱི་ཁྲོད་འཕྲད་པའི་གནད་དོན་གལ་ཆེན་ཁྱད་བསད་བྱས་ཡོད་པ་མ་ཟད། ཀྲུང་ཧྭའི་རིག་གནས་རྒྱུན་མཐུད་བྱེད་པའི་རིག་གནས་ཀྱི་འགན་འཁྲི་འཁུར་འདུ་ཤེས་ཀྱི་ཐོག་ནས་ཀྲུང་གོའི་སྲོལ་རྒྱུན་གྱི་ཤེས་རིག་གི་དཔལ་ཡོན་དང་དེའི་ཐད་ཀྱི་གླེང་མོལ་བྱེད་པའི་ནང་ཧུར་ཐག་གིས་ཞུགས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

(ཡོང་ཁུངས། ལྷོ་ཕྱོགས་ཉིན་རེའི་ཚགས་པར།)

(རྩོམ་པ་པོ་ནི་ཀྲུང་གུང་ཀོང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པ་དང་རིག་གནས་སློབ་གསོ་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གཞོན་པ་དང་དགེ་རྒན་ཆེན་མོ་བཅས་ཡིན།)



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23546427
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།