ཟླ་4ཚེས་1ནས་བཟུང་ཁ་ལོ་བའི་ཆོག་ཡིག་ལས་སྐར་མ་འཐེན་ཐབས་ལ་སྒྱུར་བཅོས་ཆེན་པོ་བྱ་རྒྱུ་རེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། » ཟླ་4ཚེས་1ནས་བཟུང་ཁ་ལོ་བའི་ཆོག་ཡིག་ལས་སྐར་མ་འཐེན་ཐབས་ལ་སྒྱུར
ཟླ་4ཚེས་1ནས་བཟུང་ཁ་ལོ་བའི་ཆོག་ཡིག་ལས་སྐར་མ་འཐེན་ཐབས་ལ་སྒྱུར་བཅོས་ཆེན་པོ་བྱ་རྒྱུ་རེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-16ལྟ་ཀློག (4083)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཟླ4བའི་ཚེས1ཉིན་ནས་བཟུང་འགྲིམ་འགྲུལ་སྒྲིག་ཁྲིམས་ལས་འགལ་ཏེ་ཁ་ལོ་བའི་འཛིན་ཡིག་ལས་སྐར་མ་འཐེན་ཐབས་ལ་སྒྱུར་བཅོས་ཆེན་པོ་བྱ་རྒྱུ་རེད།


   རང་གི་ཚབ་ཏུ་མི་གཞན་གྱི་ཁ་ལོ་བའི་འཛིན་ཡིག་ལས་སྐར་མ་འཐེན་དུ་འཇུག་པ་དང་རང་གི་ཁ་ལོ་བའི་འཛིན་ཡིག་གི་སྐར་མ་བཙོང་བའི་བྱ་སྤྱོད་ལ་སྐར་མ12འཐེན་རྒྱུ་ཡིན་པ་དང་། རླངས་འཁོར་བསྐོར་སྐབས་ཁ་པར་བརྒྱབ་ཚེ་སྐར་མ2འཐེན་པ་དེ་སྐར་མ3འཐེན་རྒྱུར་སྒྱུར་རྒྱུ། ཞིབ་བཤེར་ཚད་ལོན་མཚོན་རྟགས་སྦྱར་མེད་ཚེ་སྐར་མ3འཐེན་པ་དེ་སྐར་མ་གཅིག་ཀྱང་མི་འཐེན་པར་བསྒྱུར་རྒྱུ་སོགས2022ལོའི་ཟླ4བའི་ཚེས1ཉིན་ནས་བཟུང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁ་ལོ་བའི་འཛིན་ཡིག་ལས་སྐར་མ་འཐེན་པའི་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུ་ཡིན་པར་མ་ཟད་སྐར་མ་འཐེན་པའི་དོན་ཚན་ཁག་ཅིག་གསར་དུ་སྣོན་རྒྱུ།

གཤམ་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཁ་ལོ་བའི་འཛིན་ཡིག་ལས་སྐར་མ་འཐེན་ཚད་དམའ་རུ་གཏོང་རྒྱུ།

   1.ཁ་ལོ་བའི་འཛིན་ཡིག་དང་རང་གིས་སྐོར་བའི་རླངས་འཁོར་གཉིས་ཁ་ལོ་བའི་འཛིན་ཡིག་གི་གཏན་འབེབས་དང་མི་མཐུན་པའི་རིགས།(སྐར་མ12འཐེན་པ་ནས་སྐར་མ9འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   2.རླངས་འཁོར་གྱི་ཨང་བྱང་བཀལ་མེད་པའམ་ཡང་ན་བསམ་བཞིན་དུ་རླངས་འཁོར་གྱི་ཨང་བྱང་སྒྲིབ་གཡོགས་བྱས་པ་དང་། རླངས་འཁོར་གྱི་ཨང་བྱང་ལ་ཆག་སྐྱོན་ཐེབས་ཡོད་པའི་རིགས་བགྲོད་ལམ་དུ་སྐྱོད་པ།(སྐར་མ12འཐེན་པ་ནས་སྐར་མ9འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   3.སློབ་གྲྭའི་རླངས་འཁོར་སྐོར་ཆོག་པའི་ཐོབ་ཐང་འཛིན་ཡིག་མ་བླངས་པར་སློབ་གྲྭའི་རླངས་འཁོར་སྐོར་བའི་རིགས།(སྐར་མ12འཐེན་པ་ནས་སྐར་མ9འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   4.མི་ལ་རྨས་སྐྱོན་ཡང་མོ་བཟོས་པའམ་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་འགྲིམ་འགྲུལ་དོན་རྐྱེན་བཟོས་རྗེས་བྲོས་སོང་རུང་བྱས་ཉེས་སུ་གྲུབ་མེད་པའི་རིགས།(སྐར་མ12འཐེན་པ་ནས་སྐར་མ6འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   5.འགྲུལ་བ་ནང་དུ་ཡོད་པའི་རླངས་འཁོར་འབྲིང་གྲས་ཡན་དང་ཉེན་ཆེའི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་སྐོར་ནས་ཆུ་ཚོད4ལས་བརྒལ་ཡང་རླངས་འཁོར་བསྡད་ནས་ངལ་གསོ་མ་བྱས་པའམ་ཡང་ན་རླངས་འཁོར་བསྡད་ནས་ངལ་གསོ་བྱས་ཚད་སྐར་མ20ལས་ཉུང་བའི་རིགས།(སྐར་མ12འཐེན་པ་ནས་སྐར་མ9འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   6.རླངས་འཁོར་གྱི་ཨང་བྱང་གཏན་འབེབས་ལྟར་མི་འགེལ་བར་བགྲོད་ལམ་དུ་སྐྱོད་པའི་རིགས། (སྐར་མ12འཐེན་པ་ནས་སྐར་མ3འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   7.རླངས་འཁོར་སྐོར་སྐབས་གཏན་འབེབས་ལྟར་སློབ་གྲྭའི་རླངས་འཁོར་ལ་ལམ་མི་ཕྱེས་པའི་རིགས། (སྐར་མ12འཐེན་པ་ནས་སྐར་མ3འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   8.རླངས་འཁོར་བསྐོར་ནས་བཀག་རྒྱའི་མཚོན་རྟགས་དང་ཐིག་རྟགས་ལས་བརྒལ་བའི་རིགས། (སྐར་མ3འཐེན་པ་ནས་སྐར་མ1འཐེན་པའི་བར་དམའ་རུ་གཏོང་རྒྱུ)

   9.གཏན་འབེབས་བྱས་པའི་དུས་བཀག་ལྟར་ཉེན་མེད་ལག་རྩལ་ཞིབ་བཤེར་བྱས་མེད་པའི་གཞུང་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར། ཉེན་ཆེའི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་སོགས་སྐོར་བའི་རིགས།  (སྐར་མ3འཐེན་པ་ནས་སྐར་མ1འཐེན་པའི་བར་དམའ་རུ་གཏོང་རྒྱུ)

གཤམ་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཁ་ལོ་བའི་འཛིན་ཡིག་ལས་སྐར་མ་འཐེན་ཚད་ཇེ་མཐོར་གཏོང་རྒྱུ། 

   1.མདུན་དུ་རླངས་འཁོར་གྲལ་སྒྲིག་པའམ་ཡང་ན་དལ་མོར་སྐྱོད་སྐབས་རླངས་འཁོར་སྔོན་མ་ལས་བརྒལ་བའམ་ཁ་གཏད་ཀྱི་ལམ་འགོག་པ། ལམ་བར་དུ་རླངས་འཁོར་སྒུག་སྡོད་བྱེད་མཁན་ལ། (སྐར་མ2འཐེན་པ་ནས་སྐར་མ3འཐེན་པའི་བར་མཐོ་རུ་གཏོང་རྒྱུ)

  2.རླངས་འཁོར་བསྐོར་དུས་ཁ་པར་རྒྱག་པ་དང་ལག་ཏུ་ཁ་པར་འཛིན་པ་སོགས་བདེ་འཇགས་ངང་རླངས་འཁོར་གཏོང་བར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་རིགས་ལ། (སྐར་མ2འཐེན་པ་ནས་སྐར་མ3འཐེན་པའི་བར་མཐོ་རུ་གཏོང་རྒྱུ)

  3.མྱུར་བགྲོད་གཞུང་ལམ་མམ་ཡང་ན་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་དུ་ཁྲིམས་འགལ་གྱིས་རླངས་འཁོར་འཇོག་པའི་རིགས་ལ། (སྐར་མ6འཐེན་པ་ནས་སྐར་མ9འཐེན་པའི་བར་མཐོ་རུ་གཏོང་རྒྱུ)

གསར་དུ་བསྣན་པའི་གཏན་འབེབས།

   1.རླངས་འཁོར་ཁ་ལོ་བའི་ཚབ་བྱས་ཏེ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་གཅོད་དང་སྐར་མ་འཐེན་པའི་ཐད་ནས་དཔལ་འབྱོར་ཁེ་ཕན་རེག་ཐབས་བྱེད་པ་ལ། ཐེངས་གཅིག་ལ་སྐར་མ12འཐེན་རྒྱུ། 2.འདུག་སྟེགས་བདུན་ཡན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་གཏན་འབེབས་མི་གྲངས་ལས་བརྒྱ་ཆའི་ལྔ་བཅུ་ཡན་ནས་བརྒྱ་ཆའི་བརྒྱ་མན་བརྒལ་མཁན་ལ། ཐེངས་གཅིག་ལ་སྐར་མ9འཐེན་རྒྱུ།

  3.ཐོ་འགོད་བྱས་ཟིན་པའི་གྲུབ་ཚུལ་ལ་རང་དགར་འགྱུར་ལྡོག་བཏང་བའི་ཟོང་འདྲེན་རླངས་འཁོར་གཞུང་ལམ་ཐོག་བསྐྱོད་པར་ཐེངས་གཅིག་ལ་སྐར་མ1འཐེན་རྒྱུ། 

   ཐེངས་འདིའི་སྒྲིག་སྲོལ་གསར་བའི་ནང་། སྐར་མ་འཐེན་སྟངས་ཁ་ཤས་སུབ་ཡོད་པ་སྟེ། “བགྲོད་ལམ་སྟེང་སྐྱོད་པའི་རླངས་འཁོར་གྱིས་ཞིབ་བཤེར་ཚད་ལོན་མཚོན་རྟགས་དང་འགན་སྲུང་མཚོན་རྟགས་སྦྱར་མེད་པ། ཁ་ལོ་བའི་འཛིན་ཡིག་དང་རླངས་འཁོར་གྱི་འགྲོ་སྐྱོད་འཛིན་ཡིག་ཁྱེར་མེད་པ” “མཐོང་ཚད་དམའ་བའི་གནམ་གཤིས་ཆ་རྐྱེན་འོག རླངས་འཁོར་མྱུར་བགྲོད་གཞུང་ལམ་ཐོག་གི་གཏན་འབེབས་ལྟར་མ་བསྐྱོད་པ” “སློབ་གྲྭའི་རླངས་འཁོར་ལ་གཏན་འབེབས་ལྟར་བདེ་འཇགས་སྒྲིག་ཆས་སྒྲིག་སྦྱོར་མ་བྱས་པའམ་ཡང་ན་སློབ་གྲྭའི་རླངས་འཁོར་ལ་གཏན་འབེབས་ལྟར་བདེ་འཇགས་སྲུང་སྐྱོང་མ་བྱས་པ”དང“རླངས་འཁོར་བཞི་མདོར་སྐྱོད་སྐབས་གཏན་འབེབས་ལྟར་མ་སོང་བའམ་ཡང་ན་རླངས་འཁོར་བསྡད་པ”སོགས་ཀྱི་བྱ་སྤྱོད་ཁག11ཚུད་ཡོད་པ་རེད།  གཞན་ཡང་འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཉེས་ཚབས་ཆུང་བུར་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ་ཡིན་ན། སྐར་མ་འཐེན་མི་དགོས་པ་སོགས་ཚུད་ཡོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573998
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།