​སློབ་གླིང་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »​སློབ་གླིང་གསར་འགྱུར།
​སློབ་གླིང་གསར་འགྱུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-10ལྟ་ཀློག (17899)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གླིང་གསར་འགྱུར།   

   དེ་རིང་ངེད་སློབ་གླིང་གི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་དགེ་སློབ་ཡོངས་ལ་ལོ་སར་ཀ་ར་གནང་ཞིང་ལོ་གསར་བའི་ནང་ལ་སློབ་གསོའི་བྱ་བཞག་གེགས་མེད་གོང་འཕེལ་ཡོང་བའི་བཀྲ་ཤིས་ཞལ་གཡང་གནང་། ཁོང་གིས་གསུང་རྒྱུར། ད་ལྟའི་བར་རང་རེའི་སློབ་གླིང་གིས་ཀྱག་ཀྱོག་མང་བོ་བརྒྱུད་ཡོང་བ་ཡིན་ལ། ལྷག་ཏུ་ཉེ་བའི་ལོ་འདི་དག་གི་རིང་ལ་འགལ་རྐྱེན་རི་ལྟར་འཛིངས་པ་མང་བོར་འཕྲད་པས། སྤྱི་ཚོགས་ཁྲོད་ཀྱི་བློ་དཀར་བ་མང་བོས་ཀྱང་སེམས་ཚེགས་གནང་ཞིང་རིམ་གྲོ་བསྒྲུབས་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བླ་མེད་གནང་བ་རེད། ད་ནི་གོང་རིམ་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་དོན་ཕྱག་ལེན་གནང་སྟེ་རང་རེའི་སློབ་གླིང་གི་གང་ཅིའི་བྱ་བ་མཐའ་དག་མུ་ནས་མུ་རུ་དར་བ་ལ་རྒྱབ་སྐྱོར་ཡང་དག་པ་ཐོབ་ཡོད་པར་མ་ཟད། ད་སྔ་སྤྱི་ཚོགས་ཁྲོད་མང་བོ་ཞིག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱག་རྒྱུ་ཡིན་ཚུལ་དང་། དགེ་སློབ་རྣམས་ཕྱོགས་ཕྱོགས་སུ་གཏོར་རྒྱུ་ཡིན་ཚུལ་སོགས་སྣ་ཚོགས་སྒྲོག་བཞིན་པ་དེ་དག་ལས་ཡོངས་སུ་རྒྱལ་ཏེ་གཏམ་ཡན་དེ་ཀུན་གཞི་མེད་དུ་བཏང་ཟིན་པར་མ་ཟད། ད་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མདུན་ལམ་སྔར་ལས་ཡངས་ཤིང་འཕེལ་རྒྱས་སྔར་ལས་ལྷག་པ་འབྱུང་ངེས་པ་ཡིན་པས་རང་རེའི་དགེ་སློབ་སུ་ཡིན་ཡང་ལུས་བདེ་སེམས་སྐྱིད་ངང་རང་རང་གི་ལས་ཀ་ལ་འབད་པ་གནང་ཆོག དེ་ཐམས་ཅད་ཀྱིས་སེམས་ལ་ཟུངས། དགེ་སློབ་སུ་ཡིན་ཡང་སྔར་རྒྱུན་ལྟར་ཁྲིམས་བརྩི་བ་དང་། དྲ་ལམ་སོགས་སུ་བྱ་བ་བཟང་ངན་གང་ཡིན་ཡང་འུད་ཀྱིས་མི་སྤེལ་བ་སོགས་སྔར་མུས་ལྟར་བག་ཡོད་གནང་རྒྱུ་བཀའ་དྲིན་ཆེ། ད་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་གསུངས་ཏེ་མཐར་དགེ་སློབ་ཡོངས་སྤྲོ་དགའི་དཔལ་ལ་བཀོད་དོ། །




གསར་འགོད་པ། གྱི་ལིང་འཇིགས་མེད། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 13 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/4/30
དམ་པ་ཁོང་འཁོར་དང་བཅས་པའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
དངོས་སུ་མཇལ་བའི་གོ་སྐབས་མ་བྱུང་ཞིང་།། སློབ་དཔོན་བརྟེན་པའི་བསོད་ནམས་ང་མི་འདུག། འོན་ཀྱང་ཕྲན་ནི་མཁས་པ་ཁྱེད་ལ་དད།། སྐུ་ཚེ་རྒྱལ་མཚན་ནམ་ཡང་བསྟན་པར་སྨོན།།
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: དབང་ཆེན། སྤེལ་དུས:2022/3/11
དགེ་སློབ་ཡོངས་ཀྱི་རེ་བའི་འབྲས་བཟང་སྨིན་ཞིང་། གངས་ལྗོངས་ཀྱི་གཟི་དཔལ་རྒྱས་ཤོག
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: མགོ་ལོག་ཉི་འོད། སྤེལ་དུས:2022/3/11
གཏམ་བཟང་དཔྱིད་ཀྱི་ཕོ་ཉ་ཟེར་བ་འདི་རེད།
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: མགོ་ལོག་ཉི་འོད། སྤེལ་དུས:2022/3/11
གཏམ་བཟང་དཔྱིད་ཀྱི་ཕོ་ཉ་ཟེར་བ་འདི་རེད།
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: beer སྤེལ་དུས:2022/3/11
ངོ་མ་བཟང་གི
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: ཨ་རིག་ཁུར་མོང་། སྤེལ་དུས:2022/3/11
སྐུ་ཚེ་བརྟན།མཛད་འཕྲིན་རྒྱས།🙏 🙏 🙏
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: འཇུ་ནམ་མཁའི་ནོར་བུ།། སྤེལ་དུས:2022/3/11
གཏམ་བཟང་འདི་ལ་དགའ་བའི་བསུ།
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: ལྕགས། སྤེལ་དུས:2022/3/10
རླབས་ཆེན་གྱི་བྱ་གཞག་གིས་རླབས་ཆེན་གྱི་མི་སྣ་མཚོན། དྲག་རླུང་ཁྲོད་ཀྱི་སྣང་གསལ་སྒྲོན་མེ། སྐལ་ལྡན་ཀུན་ལ་སྙོམས་པར་འཚེར།
  ​སློབ་གླིང་གསར་འགྱུར།   སྤེལ་མཁན།: ལྕགས། སྤེལ་དུས:2022/3/10
རླབས་ཆེན་གྱི་བྱ་གཞག་གིས་རླབས་ཆེན་གྱི་མི་སྣ་མཚོན། དྲག་རླུང་ཁྲོད་ཀྱི་སྣང་གསལ་སྒྲོན་མེ། སྐལ་ལྡན་ཀུན་ལ་སྙོམས་པར་འཚེར།
  པར་ངོས1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
23578085
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།