འབུམ་རམས་པ་བཅུ་གསུམ་གྱི་ཨ་མ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »འབུམ་རམས་པ་བཅུ་གསུམ་གྱི་ཨ་མ།
འབུམ་རམས་པ་བཅུ་གསུམ་གྱི་ཨ་མ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-08ལྟ་ཀློག (7824)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

འབུམ་རམས་པ་བཅུ་གསུམ་གྱི་ཨ་མ།

ཡིག་སྒྱུར་བ།  འབའ་སྣང་གྲོལ། 

   སྤྱི་ལོ༡༨༩༧ལོར་ཅིང་སུའི་ཞིང་ཆེན་ནན་ཐོང་རྫོང་རོའུ་ཀོ་ཡུལ་ཚོ་རུ་འབུམ་རམས་པ་བཅུ་གསུམ་བསྐྱེད་སྲིང་གནང་བའི་རླབས་ཆེན་གྱི་ཨ་མ་ཞིག་སྐུ་འཁྲུངས་ཤིང་། ཁོ་མོའི་མིང་ལ་བཱང་ཧྲོའུ་ཀྲིན་ཟེར། ཁོ་མོ་ནི་ཧ་ཅང་འབྱོར་ཕྱུག་ལྡན་པའི་ཁྱིམ་རྒྱུད་གྲགས་ཅན་ཞིག་ཏུ་སྐྱེས་ན་ཡང་།  ཁོ་མོ་ནམ་ཡང་ཞི་དུལ་བབབ་ཆགས་དང་དམན་ས་འཛིན་རྒྱུར་དགའ་ཞིང་། ཐ་ན་ཁྱིམ་རྒྱུད་ཀྱི་མཚན་སྙན་དང་ཐོབ་ཐང་སོགས་ལ་དོ་སྣང་སྤུ་ཙམ་ཡང་མེད་པར་མི་དཀྱུས་མའི་འཚོ་བ་རོལ་བར་རབ་ཏུ་སྤྲོ་བ་ཞིག་ཡིན། ཁོ་མོ་ནི་ཆུང་དུས་ནས་སྙན་ངག་དང་རོལ་དབྱངས་ལ་ཧ་ཅང་དགའ་བར་མ་ཟད། མི་ཚེ་འདིར་ནང་ཆོས་ལ་དད་འདུན་གཙང་མ་ཡོད་མཁན་ཞིག་ཀྱང་ཡིན། ལོ་ན་བཅུ་དགུའི་སྟེང་ལང་ཚོ་དར་ལ་བབ་པའི་བཱང་ཧྲོའུ་ཀྲིན་ས་གནས་དེའི་ཁྱིམ་རྒྱུད་ཕྱུག་པོའི་བུ་ལིས་ཧྭོ་མེན་ཞེས་པར་བག་མར་བྱིན་ཏེ་གཉེན་བསྒྲིགས་ཤིང་། ལས་གནས་དང་ཡོང་འབབ་ཅི་ཡང་མེད་པའི་ཁོ་མོ་ནམ་རྒྱུན་ཁྱིམ་ནས་བསྡད་དེ་རང་གི་ཁྱོ་ག་ལ་བློ་གཅིག་སེམས་གཅིག་དང་། གཞུང་དྲང་སྤྱོད་བཟང་གིས་བུ་རྒྱུད་སྐྱོང་བའི་འགན་ཡོངས་སུ་བླངས་ཏེ། བུ་ལྔ་དང་བུ་མོ་བརྒྱད་དེ་ཁྱོན་སྡོམ་བུ་བུ་མོ་བཅུ་གསུམ་བཙས་ནས་བདེ་ཐང་ངང་འཚར་ལོངས་བྱུང་དུ་བཅུག་པས།  ཉེ་མི་དང་ངོ་ཤེས། གྲོགས་པོ་མང་བོ་ཞིག་བུ་རྒྱུ་གཉིས་འཛོམས་ཀྱི་ཁྱིམ་ཚང་འདི་ལ་ཡིད་སྨོན་འཆོར་མྱོང་།  

    སྤྱི་ལོ༡༩༤༨ལོར་ཁོང་ཚང་ཐེ་ཝན་དུ་གནས་སྤར་ཞིང་། ཐེ་ཝན་དུ་གནས་སྤར་ནས་ཡུན་རིང་མ་འགོར་བར་སྤྱི་ལོ༡༩༤༩ལོར་མོའི་ཁྱོ་ག་ལིས་ཀོ་མེན་ཕ་ཡུལ་ནས་ཐེ་ཝན་ལ་ཡོང་བའི་ལམ་བར་དུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བས། མི་རྣམས་ཀྱིས་ཡིད་སྨོན་བྱ་སའི་ཁྱིམ་ཚང་དེ་གློ་བུར་འཁྱག་སིབ་སིབ་ཀྱི་ཡུག་མོའི་ཁྱིམ་ཚང་ཞིག་ཏུ་གྱུར་ཅིང་།    ཁྱིམ་བདག་མེད་པའི་ཁྱིམ་ཚང་དེ་རིམ་བཞིན་ཕྱོགས་ཡོངས་ནས་དཀའ་ཁག་སྣ་ཚོགས་ཀྱིས་རབ་ཏུ་གཙེས་ནའང་། ངང་རྒྱུད་རིང་ཞིང་བློ་ཕུག་བརྟན་པའི་ཁོ་མོས་ནི་ཁྱིམ་ཚང་དང་བུ་ཕྲུག་བཅུ་གསུམ་གྱི་གཉོར་སྐྱོང་གི་འགན་ཡོངས་སུ་ཁུར་ནས། རང་གི་ཁྱོ་གའི་ཕུགས་རེ་གཏན་ནས་སྟོང་ཟད་དུ་མ་བཏང་བར་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཁོ་མོས་ཁེར་རྐྱང་ངང་ཡུག་སའི་འཚོ་བ་རོལ་ཅིང་། ངལ་བ་བརྒྱ་ཕྲག་གིས་བུ་ཕྲུག་རྣམས་ཀྱི་ལྟོ་རྒྱབ་གསོ་བ་དང་། སློབ་གྲྭར་སྐྱེལ་བ་སོགས་ཀྱི་ལས་ཀ་ཉིན་མཚན་མེད་པར་བསྒྲུབས་པར་མ་ཟད། ཁོ་མོ་ལ་རིག་གནས་ཡོན་ཚད་ཧ་ལས་པ་མེད་ནའང་། རང་གི་བུ་ཕྲུག་རྣམས་ལ་ནམ་རྒྱུན་སྙིང་ལ་སྡུག་པའི་མི་ཚེའི་རྩ་དོན་ཞིག་འཆད་རྒྱུ་ཡོད་དེ། དེ་ནི་གཞན་ལ་གུས་ཞབས་གྱིས། བྱ་བར་བློ་སེམས་སྒྲིམས། སྨྲ་བ་ཉུང་ཙམ་བྱོས། ཞེས་པའི་སྐད་ཆ་ཉུང་ངུ་འདི་ཡིན། 

   ཁོ་མོས་རླབས་ཆེ་བའི་སྙིང་སྟོབས་དང་སློབ་གསོའི་སྐད་ཆ་ཉུང་ངུ་འདི་ལ་བརྟེན་ནས། རྗེས་སུ་རང་གི་བུ་ཕྲུག་བཅུ་གསུམ་འབུམ་རམས་པ་བཅུ་གསུམ་དུ་བསྐྱེད་སྲིང་གནང་ཞིང་།  ད་དུང་བུ་ཕྲུག་གསུམ་ནི་ཨ་རིའི་ན་གཞོན་ཕུལ་བྱུང་མི་སྣ་བཅུའི་གྲས་སུ་ཚུད།   མོས་རང་གི་བུ་ཕྲུག་རྣམས་ལ་ནམ་རྒྱུན་རེ་བ་ནན་མོ་འདོན་གནང་མཛད་དེ། བུ་ཕྲུག་རེ་རེས་རིམ་བཞིན་སློབ་ཆེན་དང་རམས་འབྱམས་སློབ་མ་མཐར་ཕྱིན་རྗེས།  སླར་ཡང་འབུམ་རམས་པ་འདོན་པར་རེ་སྐུལ་ཚ་ནན་ཞུས་ནས་ཤེས་ཡོན་གྱི་རྩེར་བསྙེག་ཏུ་འཇུག   དེ་མ་ཟད་ཁོ་མོ་ཕྱི་ཡུལ་དུ་གནས་ནའང་རང་གི་མི་རིགས་དང་རྒྱལ་ཁབ་ནམ་ཡང་སེམས་ནས་འབོར་མ་མྱོང་སྟེ། ཁོ་མོ་ལོ་ན་བརྒྱ་ལོན་པའི་སྐྱེས་སྐར་གྱི་ཉིན་མོ་རང་གི་བུ་ཕྲུག་རྣམས་གམ་དུ་འདུས་ནས། ཨ་མ་ལགས། ཁྱེད་ལ་ལེགས་སྐྱེས་ག་རེ་དགོས་ན་ང་ཚོས་དེ་ཉོ་ཞེས་བུ་ཕྲུག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཞུས་པ་ལ། ཁོ་མོས་ང་ལ་ཆེས་རྩ་ཆེ་བའི་ལེགས་སྐྱེས་ནི།  ཚང་མ་ཕྱིར་ལོག་ནས་རང་གི་མི་རིགས་དང་རྒྱལ་ཁོངས་ལ་སློབ་གྲྭ་གསར་འཛུགས་བྱས་ནས་སློབ་གསོའི་ལས་དོན་བསྒྲུབ་རྒྱུ་དེ་ཡིན་ཞེས་བཤད།   

    ཁོ་མོ་ལོ་ངོ་ལྔ་བཅུ་ལྷག་ཙམ་གྱི་རིང་ལ་ཁེར་རྐྱང་ངང་འཚོ་བ་རོལ་ནས་འབུམ་རམས་པ་བཅུ་གསུམ་བསྐྱེད་སྲིང་གནང་ཞིང་། དཀྱུས་མའི་ཨ་མ་ཞིག་གི་ངོས་ནས་མིའི་རིགས་ལ་མིག་དཔེ་རུ་འཁྱེར་འོས་པའི་རླབས་ཆེན་གྱི་མཛད་རྗེས་གསོན་པོ་བཞག་པས།  ཁོ་མོའི་སྐྱེས་སྐར་སྐབས་སུ་ཨ་རིའི་སྲིད་འཛིན་ཁུ་ལོན་ཏོན་དང་།  སྲིད་འཛིན་པོས་ཧྲི་སོགས་འཛམ་གླིང་གི་མི་སྣ་རླབས་ཆེན་དག་གིས་རླབས་ཆེ་བའི་ཨ་མ་ཞེས་དངོས་སུ་སྐྱེས་སྐར་གྱི་མཛད་སྒོར་ཕེབས་པ་དང་།  སྨོན་ཚིག་བསྐུར་བ་སོགས་གནང་མྱོང་།   དེ་ལྟར་དུས་རབས་གསུམ་གྱི་རླབས་ཆེ་བའི་ཨ་མ་འགྲེས་མོ་ཁོང་ན།  སྤྱི་ལོ༢༠༠༣ལོ་སྟེ་ལོ་ན༡༠༣སྟེང་ཨ་རིའི་རྒྱལ་ས་ཉིག་ཡོ་ནས་སྐུ་གཤེགས་ཀྱང་།  ཁོ་མོའི་མཛད་རྗེས་ཀྱི་སྙན་པ་ནི་ཇི་སྲིད་བར་དུ་འཛམ་བུ་གླིང་གི་མ་ཡུམ་རྣམས་ལ་མིག་དཔེར་བཞག་ཡོད།   ཁོ་མོའི་བུ་ཕྲུག་དག་ནི་སློབ་ཆེན་མི་འདྲ་བ་དང་ཆེད་ལས་མི་འདྲ་བ་དག་ལས་མཐར་ཕྱིན་ཏེ་ལས་རིགས་ཀྱང་མི་གཅིག་པ་སོ་སོ་ཡིན་ཏེ། དཔེར་ན། ཚན་རིག་ཞིབ་འཇུག་པ་དང་། ཁེ་ལས་པ། ཇུས་དགོད་པ། བཟོ་སྐྲུན་པ། སྐྱུ་རྩལ་བ་སོགས་ལས་རྐང་སྣ་ཚོགས་ལ་ཞུགས་ཡོད་ཀྱང་།  ཁོ་ཚོ་མིང་སྲིང་བཅུ་གསུམ་གྱི་མི་ཚེའི་རྩ་དོན་ནི་གཅིག་སྟེ། ཨ་མ་ལགས་ཀྱིས་ཁོ་ཚོར་རྒྱུན་པར་གསུངས་མྱོང་བའི་གཞན་ལ་གུས་ཞབས་གྱིས། བྱ་བར་བློ་སེམས་སྒྲིམས། སྨྲ་བ་ཉུང་ཙམ་བྱོས་ཟེར་བ་དེ་ཡིན།  

རླབས་ཆེ་བའི་ཨ་མ་བཱང་ཧྲོའུ་ཀྲིན་གྱི་བུ་ཕྲུག་འབུམ་རམས་པ་བཅུ་གསུམ་གྱི་གནས་ཚུལ་མདོར་བསྡུས།

1  ལིས་ཁྲིང་ཆོན།   སྐྱེས་པ།   ཧྲང་ཧེ་ཚོང་ལས་སློབ་གླིང་ནས་སློབ་མཐར་ཕྱིན་ནས་ཁེ་ལས་ཀྱི་བྱ་བ་གཉེར། 


2  ལིས་ཁྲིང་ཏོས།  སྐྱེས་པ། ཐེ་ཝན་ཞིང་ལས་སློབ་གླིང་དང་ཨ་རིའི་ཉིག་ཡོ་སློབ་ཆེན་ནས་མཐར་ཕྱིན་ཏེ་ཚན་རིག་ཞིབ་འཇུག་གི་ཕྱོགས་ལ་ལས་ཀ་གནང་།


3   ལིས་ཁྲིང་ཀང། སྐྱེས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧྥེ་གླིང་ཞིང་ལས་རྨོ་འདེབས་ཀྱི་བློ་འདྲི་ཡུལ་དང་།  ཨ་རིའི་ཁོར་སྲུང་ཆུ་བེད་འཛུགས་སྐྲུན་གྱི་དགེ་རྒན་ཆེན་མོ།


4  ལིས་ཁྲིང་ཡོན།  སྐྱེས་མ།  ཐེ་ཝན་ཆབ་སྲིད་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་ཨ་རིའི་ཡིག་ཆས་སྤྱི་གཉེར་ཁང་དུ་བྱ་བ་བསྒྲུབས།


5   ལིས་ཁྲིང་ལོང་།  སྐྱེས་མ། ཧྲེང་ཧེ་ཁྱིམ་སྲིད་སློབ་གླིང་ནས་སློབ་མཐར་ཕྱིན།  ཨ་རིའི་རྒྱན་གོས་ཇུས་འགོད་པ།


6   ལིས་ཞོ་ཧྥིན། སྐྱེས་མ།  ཐེ་ཝན་སློབ་ཆེན་ཞིང་རྫས་སྡེ་ཁག་དང་། ཨ་རིའི་ཨེ་ཏི་ཧྭ་སློབ་ཆེན་གྱི་འབུམ་རམས་པ།  ཨ་རིའི་ཕེས་ཚི་པོ་སློབ་ཆེན་གྱི་འབུམ་རམས་པ།  ཨ་རིའི་ཉིག་ཡོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ།


7   ལིས་ཁྲིང་ནིས། སྐྱེས་མ།  ཐེ་ཝན་ཏཱོང་བོའུ་སློབ་ཆེན་དང་ཉིག་ཡོ་སློབ་ཆེན་སོགས་ནས་སློབ་མཐར་ཕྱིན། ཨ་རིའི་ཕེ་ལེན་དངུལ་འཛིན་སྤྱི་གཉེར་ཁང་གི་་འགན་འཛིན་པ་གཞོན་པ་དང་།  ཨ་རིའི་རྡོ་སྣུམ་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ།


8   ལིས་ཁྲིང་ཞ། སྐྱེས་མ།  ཨ་རིའི་ཏོའུ་ལོས་སློབ་ཆེན་ནས་སློབ་མཐར་ཕྱིན། ཨ་རིའི་ཉེན་སྲུང་སྤྱི་གཉེར་ཁང་གི་གློག་ཀླད་ཇུས་འགོད་པ།


9   ལིས་ཁྲིང་ཕེན། སྐྱེས་མ།    ཐེ་ཝན་ཏཱོང་བོའུ་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་ནས་སློབ་མཐར་ཕྱིན། ཁྲིམས་འཛིན་སྡེ་ཁག་གི་ཁྲིམས་དཔོན་གྱི་འགན་ཁུར།


10   ལིས་ཁྲིང་ཞིན།   སྐྱེས་པ། ཨ་རིའི་མཱ་ལེས་ལན་སློབ་ཆེན་གྱི་འབུམ་རམས་པ། ཨ་རིའི་བེས་ཅེ་ནིས་ཡཱ་སློབ་ཆེན་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ།


11   ལིས་ཁྲིང་ཡེས། སྐྱེས་པ།  ཨ་རིའི་ཉིག་ཡོ་སློབ་ཆེན་གྱི་འབུམ་རམས་པ།  རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་འཚོལ་ཞིབ་པ།


12   ལིས་ཁྲིང་རོའུ།   སྐྱེས་མ།  ཐེ་ཝན་རྒྱལ་སྲུང་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན།  ནད་གཡོག་མའི་བྱ་བ་གཉེར།


13   ལིས་ཁྲིང་ཀྲི།   སྐྱེས་མ།  ཐེ་ཝན་གསར་འགྱུར་སློབ་གླིང་དང་ཨ་རིའི་གསར་དར་བརྡ་ཁྱབ་སློབ་གླིང་ནས་སློབ་མཐར་ཕྱིན།  ཨ་རིའི་མིང་དུ་གྲགས་པའི་བརྡ་ཁྱབ་ཇུས་འགོད་ཆེད་མཁས་པ།

རྩོམ་ཁུངས། ༼རང་རྒྱལ་གྱི་རྩོམ་ཡིག་གནད་བསྡུས༽ཞེས་པའི་རྒྱ་ཡིག་གི་འཕྲིན་སྟེགས་ལས་བདམས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23543484
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།