༄༅། །དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། » ༄༅། །དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།
༄༅། །དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-03ལྟ་ཀློག (4839)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  

༄༅། །དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།


གླང་ལོའི་དཀའ་ངལ་སྣ་བརྒྱ་ཐོལ་གྱིས་བརྒལ།།

གླང་ཟླའི་གླེང་བརྗོད་ངན་པའི་སྨྲ་ལྕེ་བྲེགས།།

ལྕེ་གཉིས་དབྱེན་སྦྱོར་སྤྱང་ཚོགས་རྙི་རྒྱར་ཚུད།།

ལས་དང་རྒྱུ་འབྲས་ཟེར་བ་འདི་འདྲ་རེད།།


སྟག་ལོ་ངར་སྐད་ལྷང་ངེར་གྲག་དང་ལྷན།།

སྟག་སེང་ཁ་འཕྲོད་དཔའ་བོའི་དཔུང་བ་གཤིབས།།

ལྟས་ངན་དགྲ་ཐན་ཝ་མོའི་དཔའ་བཀོང་བ།།

དཀར་ཕྱོགས་སྐྱོང་བའི་མཐུ་རྩལ་འདི་འདྲ་རེད།།


གངས་ལྗོངས་ཤེས་རིག་ནོར་བུ་འོད་དུ་འཚེར།།

ཀྲུང་ཧྭའི་རིག་གནས་མེ་ཏོག་སྣ་བརྒྱ་བཞད།།

འཛམ་གླིང་ཞི་བདེ་ཉི་མ་གཟི་མདངས་རྒྱས།།

སྤྱི་མཐུན་ལས་ཀྱི་ནུས་པ་འདི་འདྲ་རེད།།


རྒྱལ་བསྟན་གསེར་གྱི་ཀ་བ་དགུང་ལ་བསྙེགས།།

བསྟན་འཛིན་སྐྱེས་བུའི་སེང་ཁྲི་བརྟན་ཅིང་བརྗིད།།

དགེ་འདུན་སྡེ་དང་སྦྱིན་པའི་བདག་པོ་འཕེལ།།

མཆོག་གསུམ་བྱིན་རླབས་འཇུག་ཚུལ་འདི་འདྲ་རེད།།


ན་ཆུང་བྱིས་པའི་ངག་ལ་ཀ་ཁའི་དབྱངས།།

གཞོན་རབས་གཟུངས་གཞུག་ལྔ་ཟུང་རིག་པས་གཏམས།།

རྒན་པོ་གང་ཡིན་ཆོས་མཐུན་འཚོ་བ་རོལ།།

བོད་པའི་སྲོལ་རྒྱུན་ཟེར་ན་འདི་འདྲ་རེད།།


དྭངས་གཙང་ཆུ་བོ་སྙིགས་མས་མ་སྦགས་པར།།

སྤང་རི་ནགས་རི་གངས་རིས་བཀྲག་མདངས་ངོམ།།

རྩི་ཤིང་སྨན་སྣའི་དྲི་བསུང་མཁའ་ལ་འཐུལ།།

བོད་ཡུལ་སྨན་ལྗོངས་ཟེར་ན་འདི་འདྲ་དགོས།།


སློབ་མས་ཚན་རྩལ་ཤེས་བྱའི་ཆེད་ལས་སྦྱངས།།

ཞིང་འབྲོག་སྔོན་ཐོན་ལག་རྩལ་ཅི་དགར་སྤྱོད།།

སྲོལ་འཛིན་དེང་རབས་འཚོ་བའི་ཆུ་ཚད་མཐོ།།

དུས་རབས་གསར་བར་སྐྱོད་ན་འདི་འདྲ་དགོས།།


རྒྱལ་ཁྲིམས་གསེར་གྱི་རྒྱ་མར་ཡིད་ཆེས་བརྟན།།

དུས་བསྟུན་སྲིད་ཇུས་བལྟ་བའི་སྤྱན་མིག་གསལ།།

རང་གཞན་སྤྱི་སྒེར་བྱ་བ་ཁྲིམས་ཀྱིས་དབྱེ།།

རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་ན་འདི་འདྲ་དགོས།།


སེང་གེ་གཡུ་རལ་ཅན་པོ་གངས་ནས་འགྱིངས།།

རྒྱ་སྟག་ངར་སྒྲ་ཅན་པོ་ཤར་ནས་འོངས།།

གཡོ་ཅན་ཝ་མོའི་རྔ་འཕྱིང་ཚངས་ལ་འཐེན།།

དམར་ཡག་སྟག་གི་ལོ་གསར་འདྲི་འདྲ་ཡིན།།


ཤེས་རིག་ནོར་བུའི་བཀྲག་མདངས་ཀུན་ནས་རྒྱས།།

དགེ་སློབ་མཛའ་བརྩེ་དུངས་པ་གཏིང་ནས་སྨིན།།

སྡེ་དབངས་ཆབ་དཔལ་རིག་གསུམ་རྩ་བ་ཚུགས།།

དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།།


ཐོན་མིའི་རིག་གནས་འཛམ་གླིང་ཏོག་ཏུ་གྱུར།།

ཐོན་མིའི་བཀའ་དྲིན་སེམས་ཀྱི་གཏིང་ལ་ཞུགས།།

ཐོན་མིའི་རྗེས་དྲན་ས་སྟེང་ཡོངས་ལ་ཁྱབ།།

དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།།


བཀྲ་ཤིས་དགེ་མཚན་རྒྱས་པའི་སྟག་གི་ལོར།།

སྐྱིད་པའི་ཉི་མ་བསིལ་ལྡན་ལྗོངས་ལ་འཆར།།

བསམ་པའི་དོན་རྣམས་བདེ་ལེགས་ཉིད་དུ་འགྲུབ།།

དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།།

ཞེས་དགེ་མིང་འཛིན་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་བོད་རབ་བྱུང་བཅུ་བདུན་པའི་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་གསར་བ་ཚེས་ལ་ཉེ་བའི་གནམ་གང་གི་མཚན་མོར་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁའི་མགྲོན་ཁང་དུ་བྲིས་ཏེ།  ལོ་སར་ལ་རོལ་བཞིན་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་དགེ་སློབ་ཡོངས་དང་།  གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་བཅས་ལ་དོན་གཏམ་དང་ཁ་མཚར་ཟུང་དུ་འབྲེལ་ནས་ལོ་གསར་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ།།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 42t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   ༄༅། །དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།   སྤེལ་མཁན།: སྒར་ཤེས་རབ། སྤེལ་དུས:2022/3/3
ལོ་གསར་བའི་ནང་སློབ་དཔོན་མཆོག་གི་ཐུགས་བཞེད་ཡོད་དགུ་འགྲུབ་པའི་སྨོན་འདུན་ཞུ་ལགས། [合十][合十][合十]
   ༄༅། །དམར་ཡག་སྟག་གི་ལོ་གསར་འདི་འདྲ་ཡིན།   སྤེལ་མཁན།: སྒར་ཤེས་རབ། སྤེལ་དུས:2022/3/3
ལོ་གསར་བའི་ནང་སློབ་དཔོན་མཆོག་གི་ཐུགས་བཞེད་ཡོད་དགུ་འགྲུབ་པའི་སྨོན་འདུན་ཞུ་ལགས། [合十][合十][合十]
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23497959
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།