གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱིམ་བདག་ལ་ཕུལ་བའི་འཕྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱིམ་བདག་ལ་ཕུལ་བའི་
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱིམ་བདག་ལ་ཕུལ་བའི་འཕྲིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-01-13ལྟ་ཀློག (4348)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱིམ་བདག་ལ་ཕུལ་བའི་འཕྲིན། 


    གུས་པར་འོས་པའི་ཁྱིམ་བདག་རྣམ་པ་ལགས། སླར་ཡང་སློབ་སྐབས་གཅིག་གི་བྱ་བ་རྣམས་ཡོངས་སུ་རྫོགས་ཤིང་། སློབ་མ་རྣམས་ཀྱིས་ཀྱང་རང་རང་གི་བློ་ཁ་དང་འཚམ་པའི་སློབ་སྦྱོང་གང་ལེགས་རེ་བྱས་ཏེ་དགུན་གནང་བཏང་བ་ཡིན། ཐོག་མར་ང་ཚོས་དགུན་གནང་གི་སྐབས་འདིར་སློབ་མ་རྣམས་ཀྱིས་སྔར་གང་སྦྱངས་མཐའ་དག་བརྗེད་པ་མེད་པར་བསྐྱར་སྦྱོང་དང་། གསར་བ་ཁ་གསབ་ཀྱིས་དགུན་གནང་ཕུན་སུམ་ཚོགས་པ་ཞིག་རོལ་པ་དང་། གནམ་ལོ་གསར་བ་ལ་ནད་མེད་ཚེ་རིང་དང་། བསམ་དོན་ལྷུན་འགྲུབ་འབྱུང་བའི་སྨོན་འདུན་སྔོན་དུ་བཏང་བ་ཡིན། ངེད་སློབ་གླིང་གིས་སྤྱི་ལོ་2022ལོའི་སྤྱི་ཟླ་1ཚེས་13ཉིན་དགུན་གནང་བཏང་ཞིང་། སྤྱི་ཟླ་3ཚེས་5ཉིན་སློབ་འགོ་ཚུགས་འཆར་ཡིན་པས་དུས་འགྱང་མེད་པ་གནང་རྒྱུ་མཁྱེན། དེ་ནས་གཤམ་དུ་ངེད་སློབ་གླིང་གིས་སློབ་མ་ཚོའི་དགུན་གནང་གི་འཚོ་བ་དང་སློབ་སྦྱོང་གི་ཐད་ནས་ཁྱིམ་བདག་རྣམ་པར་གྲོས་གཞིའི་ཚུལ་དུ་དོན་ཚན་འགའ་བཤད་རྒྱུ་ཡིན། 


དང་བོ། 

     དགུན་གནང་གི་སྐབས་སུའང་སློབ་མ་རྣམས་ལ་གང་འདོད་བྱེད་དུ་བཅུག་སྟེ། ལུས་སེམས་བག་མེད་རྒྱ་ཡན་ལ་མ་བཏང་བར་ངལ་གསོ་འོས་འཚམ་བྱེད་པ་དང་། དགུན་གནང་ལས་བྱ་སོགས་ཉིན་རེ་བཞིན་འོས་འཚམ་རེ་བསྒྲུབ་ཏུ་འཇུག་དགོས།

གཉིས་པ། 

     ད་ལྟ་འཛམ་བུ་གླིང་ཡོངས་ལ་ནད་ཡམས་ཀྱི་ཉེན་ཁ་ཛ་དྲག་ཆེ་བ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་པས། རང་རང་གི་ཕྲུ་གུ་དེ་གང་འདོད་དུ་གྲོང་ཁྱེར་དང་། མི་མང་འདུ་འཛོམས་ཆེ་ས་སོགས་སུ་མི་གཏོང་བར། རང་དང་ཉེ་འཁོར་གྱི་བདེ་ཐང་ལ་དོ་སྣང་ཡོད་པར་བྱ་རྒྱུ་གལ་ཆེ། 

གསུམ་པ། 

    ད་སྐབས་དྲ་རྒྱའི་བདེ་འཇགས་དོ་དམ་སོགས་ཚགས་དམ་ལ་ནན་ཆེ་བས། རང་རང་གི་བུ་ཕྲུག་དྲ་ལམ་དུ་ཞུགས་ནས་དགོས་མེད་ཀྱི་དཀྲོགས་གཏམ་སྒྲོག་པ་དང་། ཁྲིམས་འགལ་བཟོ་བ་སོགས་སྔོན་འགོག་བྱ་རོགས། 

བཞི་བ། 

     དགུན་གནང་གི་སྐབས་འདིར་ལོ་སར་གྱི་སྐབས་ལ་འཁེལ་ཡོད་པས་རང་རང་གི་བུ་ཕྲུག་ལ་ཟས་རིགས་སྣ་ཚོགས་དང་། དེ་བཞིན་སྐོམ་ཆུའི་རིགས་སྣ་ཚོགས་སོགས་བདེ་ཐང་ལ་གནོད་པའི་སྐོར་དང་། དུ་ཆང་སོགས་བག་མེད་ཀྱི་ཟས་སྤྱོད། དེ་བཞིན་རྡོ་སོལ་གྱི་དུག་རླངས་སོགས་ཚེ་སྲོག་ལ་གནོད་པའི་དུག་རིགས་གང་ཡོད་ལ་འཛེམ་དོགས་བྱེད་དུ་འཇུག་དགོས་ལ། འགྲིམ་འགྲུལ་བདེ་འཇགས་དང་། འཁོར་ཨང་བཏགས་མེད་པའི་རླངས་འཁོར་སོགས་ཉེན་ཁ་ཆེ་བའི་རིགས་ལ་འཛེམ་དགོས་པའི་བསླབ་བྱ་གནང་རོགས། 

ལྔ་བ།

     རང་རང་གི་བུ་ཕྲུག་ལ་ཉིན་རེ་བཞིན་རྒྱལ་ཕྱི་ནང་གི་གལ་ཆེ་བའི་གསར་འགྱུར་ལ་དོ་སྣང་བྱེད་བུ་བཅུག་སྟེ། ལྟ་རྒྱ་མཐོང་རྒྱ་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་སྣ་ཚོགས་ལ་དོ་སྣང་བྱེད་དུ་བཅུག་སྟེ་རང་རང་གི་ཆེད་སྦྱོང་དང་འཚམ་པའི་ཤེས་བྱ་མང་བོ་འཚོལ་དུ་འཇུག་དགོས།

དྲུག་པ། 

      ལྷག་ཏུ་དགུན་གནང་གི་དུས་ཡུན་བེད་སྤྱད་དེ་རང་རང་གིས་ད་སྔ་སྦྱངས་པ་དག་ལས་གང་ཞིག་ཅུང་ཟད་ཞན་པ་དང་། ཡང་ན་རང་ཉིད་ཀྱི་ཆེད་སྦྱོང་དང་འཚམ་པའི་ཤེས་བྱ་གང་ཡོད་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་ཏེ། སློབ་མའི་སྤུས་ཚད་ཇེ་མཐོར་གཏོང་བ་ལ་རམ་འདེགས་གནང་རོགས། 

བདུན་པ།

     དགུན་གནང་གི་སྐབས་འདིར་ཁོམ་ལོང་ཅུང་ཙམ་ཡོད་པས། རང་རང་གི་ཕྲུ་གུ་ལ་དཔེ་ཆ་གང་མཁོའི་མཐུན་རྐྱེན་སྦྱར་ཏེ་ཉིན་རེ་བཞིན་དཔེ་ཆ་དང་ཁ་མི་འབྲལ་བའི་གོམས་གཤིས་གསོ་སྐྱོང་དང་། བསླབ་ཕྱིའི་ཤེས་ཡོན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། 


མདོ་དོན།

     མདོར་ན་སློབ་མ་ཞིག་གསོ་སྦྱོང་བྱེད་པ་ལ་སློབ་གྲྭ་དང་དགེ་རྒན་ཁོ་ནས་མི་ཡོང་བས། དེ་ལ་ཁྱིམ་བདག་རྣམ་པས་གཞོགས་འདེགས་བླ་མེད་ཅིག་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ། ཁྱེད་ཅག་གི་བུ་བརྒྱུད་རྣམས་ང་ཚོས་མཉམ་དུ་གསོ་སྐྱོང་བྱས་ཏེ་མཐར་མི་གཞི་ཀུན་སྤྱོད་ལེགས་ཤིང་། ལྟ་རྒྱ་ཐོས་རྒྱ་ཡོད་པའི་བུ་ཕྲུག་འཇོན་ཐང་ཅན་ཞིག་ཏུ་གཏོང་བར་འབད་པ་བྱེད་དགོས་པས། ཁྱིམ་བདག་རྣམ་པས་རང་རང་གི་འོས་འགན་ངོས་ཟིན་པའི་སྒོ་ནས་རང་གི་བུ་ཕྲུག་ལེགས་པའི་ལམ་དུ་འཁྲིད་པའི་རེ་བ་ཞུ། 

     དེ་བཞིན་སློབ་མ་ཚོས་ཀྱང་དགུན་གནང་གི་སྐབས་འདིར་རང་རང་གི་སྒོ་གསུམ་བག་མེད་ལ་མི་གཏོང་ཞིང་། རབ་ཏུ་བྱུང་བ་རྣམས་ཀྱིས་རང་རང་གི་དགོན་པ་གྲྭ་ཚང་གི་སྒྲིག་ལམ་ལྟར་མིག་ལྟོས་བཟང་བོ་འཇོག་པ་དང་། ཁྱིམ་པ་རྣམས་ཀྱིས་ཀྱང་རང་རང་གི་ཕ་མ་ལ་སྲི་ཞུ་དང་། ཀུན་སྤྱོད་ལ་དོ་སྣང་བྱས་ཏེ་དགའ་བཞིན་སྤྲོ་བཞིན་སློབ་སྐབས་གསར་བ་ལ་ལྷན་འཛོམས་ཡོང་བར་ཤོག 

    ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས། 2022-1-12ཉིན་ཕུལ། 


致家长的一封信


    本学期的各项工作圆满结束,新的一年将带给大家更多的祥和与喜庆。在此,预祝您和您的家人春节愉快,合家幸福!祝愿孩子们学习进步、健康成长!我校寒假放假时间为:2022年1月13日,开学时间:2022年3月5日,为了让孩子度过一个安全、健康、快乐、充实的寒假,学校提出以下几点要求及规定,希望各位家长在假期里对孩子予以指导和督促!

一、安全篇: 

1、交通安全:外出时注意遵守交通法规,文明乘车,不乘坐非客运车辆,不乘坐无牌无证及无安全保障的车辆,避免意外伤害事件的发生。(疫情期间请严格按疫情防控要求执行)

2、生活安全:安全使用煤气、电器,注意不暴饮暴食,不吃“三无”食品,防止食物中毒。预防煤烟中毒。

3、活动安全:不玩危险的游戏,不在危险的地方玩耍。不玩火,不燃放烟花爆竹。防冰冻,防溺水,不溜冰,不探险逞能。

4、网络安全:教育孩子在家安全上网,控制孩子的上网时间,做到文明上网,不上不健康的网站,不沉迷于网络游戏。教育孩子不进各种成人娱乐场所及网吧、电子游戏厅。

5、自我保护:教育子女增强自我保护意识,提高防范能力和辨别是非的能力,防止受骗上当。不接受陌生人的小恩小惠,不被陌生人的甜言蜜语所迷惑,防止被拐骗。

6、疫情防控:做好疫情期间个人及家庭成员的防护措施,非必要不外出,不到人员密集、空气不通畅的场所。

二、学习篇: 

1、每天完成一定量的寒假作业,不突击、不拖拉、不抄袭。

2、每天能通过各种渠道了解国内外大事,收看各种新闻节目、报刊或收听广播,养成每天收听收看时事新闻的好习惯。

3、每天坚持看一些增长知识的课外书。

三、生活篇: 

1、督促孩子每天早起早睡,适当进行体育锻炼。

2、在假期中多做一些有意义的事,如写一些漂亮的钢笔字、毛笔字,背诵一些经典古诗词等。

3、教育学生孝敬老人、尊敬父母,指导孩子适当做些家务劳动,让孩子懂得体贴父母的辛劳,在劳动中体会父母的养育之恩。


  འཇིགས་མེད་རྒྱལ་མཚན་སློབ་གསོའི་འཕྲིན་སྟེགས་དང་སློབ་གླིང་གི་དྲ་བ་གཉིས་ཀྱིས་ཕུལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ge6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533645
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།