​​མཚོ་སྔོན་ནང་བསྟན་སློབ་གྲྭའི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས་སྐབས་གཉིས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »​​མཚོ་སྔོན་ནང་བསྟན་སློབ་གྲྭའི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས་
​​མཚོ་སྔོན་ནང་བསྟན་སློབ་གྲྭའི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས་སྐབས་གཉིས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2021-12-20ལྟ་ཀློག (7446)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་ནང་བསྟན་སློབ་གྲྭའི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས་སྐབས་གཉིས་པ།

  སྤྱི་ལོ་༢༠༢༡ལོའི་ཟླ་༡༢ཚེས་༡༧ཀྱི་གཟའ་པ་སངས་ཉིན་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོར་སློབ་གཉེར་བྱེད་བཞིན་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལྷན་འཛོམས་སྐབས་གཉིས་པ་མཚོ་སྔོན་ཁྲི་ཀ་རུ་བསྡུས།    ཐེངས་འདིར་སློབ་གྲོགས་བཅུ་གསུམ་ཙམ་མཉམ་དུ་འཛོམས་ནས།   སོ་སོའི་རང་ཉིད་མཚམས་སྦྱོར་བྱས་ཏེ་དགེ་རྒན་བཀའ་དྲིན་ཅན་དག་གི་བྱམས་བརྩེའི་གཟི་འོད་ཀྱིས་བསྐྱངས་ནས་སྐབས་ནམ་ཞིག་ཏུ་སློབ་མཐར་ཕྱིན་པ་དང་།   སློབ་མཐར་ཕྱིན་རྗེས་རང་དགོན་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་དགེ་རྒན་དང་གཞན་ལ་ཕན་པའི་ཕྱག་ལས་རབས་དང་རིམ་པ་གནང་བའི་ལོ་རྒྱུས་སོགས་ཁ་བརྡ་མང་བོ་བྱས།    

ད་དུང་རང་རང་ཅི་ལྕོག་གིས་ཕན་ཚུན་ལ་རོགས་རམ་བྱེད་རྒྱུ་དང་ནང་བསྟན་སློབ་གྲྭ་ཆེན་མོའི་སྒྲིག་ལམ་ལེགས་པར་བསྲུང་དགོས་པའི་ཁ་བརྡ་ཡང་ལྷུག་པར་བརྗོད། ད་ལོའི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་སྐབས་གསུམ་པའི་མཐར་ཕྱིན་འཛིན་གྲྭ་སྟེ།  ༢༠༡༨ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭའི་སློབ་མ་གཅིག་དང་མཚན་རམས་སྒྲ་རིག་འཛིན་གྲྭའི་སློབ་མ་བཞི་བཅས་ལ་སློབ་མཐར་ཕྱིན་པར་རྟེན་འབྲེལ་གྱི་ཁ་བཏགས་འཐེན་པ་དང་ལེགས་སྐྱེས་སུ་སློབ་དཔོན་རྣམ་གསུམ་གྱི་ཞལ་པར་སོགས་ཕུལ།    མཐར་མ་འོངས་པར་ལོ་རེ་བཞིན་མཉམ་འཛོམས་ཐེངས་གཅིག་ནས་གཉིས་བྱུང་སྟེ་མཐར་ཕྱིན་སློབ་མ་དག་ལ་སྐྱེལ་མ་བྱེད་རྒྱུ་གྲོས་མཐུན་བྱུང་ནས་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཇུག་རྫོགས།


ཐེངས་འདིའི་གྲྭ་སྐོར་དམ་བཅའི་ནང་དོན་གཙོ་བོ་ནི་མཚན་རམས་སྒྲ་རིག་འཛིན་གྲྭས《ཚད་མ》དང་《ཕར་ཕྱིན 》གྱི་དམ་བཅའ་བཞག     འབྲིང་རམས་བཀའ་བཞི་འཛིན་གྲྭས་《དབུ་མ》《མཛོད》《འདུལ་བ》བཅས་ཀྱི་དམ་བཅའ་བཞག་པ་ཡིན་ཞིང་། དངོས་སྦྱོང་བྱེད་ཡུན་དུ་འཛིན་གྲྭ་ཁག་གི་སློབ་མ་རྣམས་ནན་ཏན་ངང་ཞུགས་ནས་ཤེས་བྱ་གང་ལེགས་ངོམ་པར་བྱས་པས་བླ་གྲྭ་འདུས་མང་གིས་དགའ་བསུ་ཆེན་པོ་ཐོབ། དེ་དང་ཆབས་ཅིག་སློབ་གླིང་གི་ཡོངས་འཛིན་དང་དཔང་ཞུགས་དགེ་རྒན་གྱིས་གྲུབ་པའི་དངོས་སྦྱོང་དཔྱད་བསྡུར་ཚོགས་ཆུང་གིས་སློབ་མའི་སྦྱངས་འབྲས་ལ་དཔྱད་ཞིབ་དང་སྐར་འབྲས་བརྒྱབ་པ་དང་འབྲེལ།    མཐར་དངོས་སྦྱོང་གི་སྦྱངས་འབྲས་གཏན་འཁེལ་བྱས་པ་དང་། མཇུག་མཐར་དགོན་པས་གཟེངས་རྟགས་བྱ་དགའ་གནང་སྟེ་སློབ་གླིང་གི་སློབ་གསོའི་ཆུ་ཚད་དང་སློབ་མའི་བསླབ་འབྲས་ལ་གདེངས་འཇོག་མཐོན་པོ་གནང་། 






སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528707
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།