ལོ་ངོ་27གྱི་གྲུབ་འབྲས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ལོ་ངོ་27གྱི་གྲུབ་འབྲས།
ལོ་ངོ་27གྱི་གྲུབ་འབྲས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-12-15ལྟ་ཀློག (15181)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་ངོ་༢༧རིང་གི་སློབ་གསོའི་གྲུབ་འབྲས་གླེང་བ།

 བླ་ནག་པ་སྐལ་ལྡན་རྒྱ་མཚོ།

སྐབས་ཉེར་བདུན་པའི་འཁྲུངས་སྟོན་ཐོག་གི་གཏམ་བཤད།


     འདིར་བཞུགས་དགེ་སློབ་ལྷན་རྒྱས་དང་དྲ་ལམ་གྱི་ལྟད་མོ་བ་ཡོངས་ལ་ཐོག་མར་ཁམས་བདེའི་བཀྲ་ཤིས་བདེ་ལེགས་ཞུ།

     མཚམས་འདི་ནས་ངས་གཞུང་ལས་ཁང་གི་ཚབ་བྱས་ཏེ་སློབ་གླིང་གི་ལོ་འཁོར་27རིང་གི་སློབ་གསོའི་གྲུབ་འབྲས་སྤྱི་བསྡོམས་བྱས་ནས་ཚང་མར་སྙན་སེང་ཞུ་རྒྱུ་ཡིན།

     རང་རེའི་སློབ་གླིང་འདི་ནི་སྤྱི་ལོ་1994ལོར་སློབ་དཔོན་དམ་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས།  རྨ་ཆེན་རྫོང་མི་དམངས་སྲིད་གཞུང་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་ཡང་དག་པའི་ཆོག་མཆན་དང་རྒྱབ་སྐྱོར་ཐོབ་པ་བརྒྱུད་བཙུགས་པ་ཡིན་ལ། ཐོག་དང་བོར་གསར་ཞུགས་སློབ་མ་86ཙམ་ཡོད་ལ།  ཡོངས་ཁུངས་ཡང་གཙོ་བོ་མཚོ་སྔོན་ནང་ཁུལ་ཙམ་ཡིན། དེ་ནས་2021སྟེ་ད་ལོ་ཡིན་ན་སློབ་མ་1000ལྷག་ཡོད་ལ། ཡོངས་ཁུངས་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས། ནང་སོག  ཞིན་ཅང་སོགས་ཡིན་ལ། མི་རིགས་བོད་རྒྱ་སོག་གསུམ་ཡིན་པ་དང་། གསར་ཞུགས་སློབ་མའི་གྲངས་འབོར་ལོ་རེ་རེ་བཞིན་ཕལ་ཆེར་ཡར་འཕར་ཏེ་ཇེ་མང་དུ་འགྲོ་བཞིན་ཡོད།

    དགེ་རྒན་ཡིན་ན་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་།    སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར་ཚང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་སོགས་དགེ་རྒན་དང་ལས་བཟོ་བ་58ཡོད།

    སློབ་གླིང་འདི་ནི་ཆེད་ལས་ལས་རིགས་སློབ་གྲྭ་ཡིན་པའི་རྒྱུ་མཚན་གྱིས་འཛིན་གྲྭ་དགར་སྟངས་ཡིན་ན།  བོད་ཡིག་ཆེད་སྦྱོང་འཛིན་གྲྭ།  དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ།  གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ།  གསོ་རིག་ཆེད་སྦྱོང་འཛིན་གྲྭ།  བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་7དུ་ཕྱེས་ཡོད་པ་དང་། བསླབ་བྱ་ལ་ཆེད་སྦྱོང་སོ་སོར་འཚམས་པའི་ཚད་ལྡན་གྱི་བསླབ་དེབ་དང་ཁྲིད་བྱ་བཀོད་སྒྲིག་བྱས་ཡོད།

མཐར་ཕྱིན་སློབ་མ། 2259 ཡོད།

སློབ་ཆེན་སློབ་མ།742 ཡོད།

ཞིབ་འཇུག་སློབ་མ།40 ཡོད།

འབུམ་རམས་པ། 3 ཡོད།

དགེ་རྒན། 242 ཡོད།  (འདིའི་ནང་དུ་སློབ་ཆེན་གྱི་དགེ་རྒན་བྱེད་མཁན་ཡང་ཡོད།)

སློབ་གཙོ། 13ཡོད།

གཞུང་ཞབས་པ།102ཡོད།

སྨན་པ། 83 ཡོད།

དགོན་པའི་དོ་དམ་པ། 108 ཡོད།

སྡེ་དཔོན། 8 ཡོད།

ཁེ་ལས་གཉེར་མཁན།253 བཅས་བསྐྱེད་བསྲིངས་བྱས་ཡོད།

གཞན་སློབ་གྲྭ་ཆེན་མོ་དང་དགོན་པ། སྤྱི་ཚོགས་སྟེང་གི་སྨན་པ་གྲགས་ཅན་སོགས་ཀྱི་མདུན་དུ་མུ་མཐུད་དེ་སློབ་སྦྱོང་གི་རྒྱུན་སྐྱོང་བཞིན་པ་665ཡོད།

      གོང་གསལ་ཆེད་ལས་འདི་དག་གི་གྲུབ་འབྲས་སྤྱི་བསྡོམས་བྱས་ན།  ལོ་ངོ་27གྱི་རིང་ལ་མཐར་ཕྱིན་སློབ་མའི་ཁྲོད་དུ་རྩོམ་རིག་དང་། སྒྱུ་རྩལ།  བརྡ་སྤྲོད། ཡུལ་སྲོལ།  རྒྱན་གོས། རི་ཆུའི་རིག་གནས་སོགས་ཀྱི་སྐོར་ནས་ཆེད་རྩོམ་བྲིས་ཏེ་དཔེ་དེབ་པོད་༣༠༠ཙམ་བཏོན་ནས་རིག་གནས་སློབ་གསོའི་འཕེལ་རྒྱས་ལ་རང་ནུས་འདོན་སྤེལ་བྱས་པ་དང་། དེ་བཞིན་གླུ་གར་སྒྱུ་རྩལ་བ་དང་། ལུས་རྩལ་བ། གློག་བརྙན་འཁྲབ་སྟོན་པ།  གློག་བརྙན་འཁྲབ་ཁྲིད་པ།  བརྙན་འཕྲིན་དང་རླུང་འཕྲིན་གྱི་མདོ་འཛིན་པ་སོགས་ཀྱི་ལས་སྒོར་ཞུགས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ལེན་མཁན་དང་། སྤྱི་ཚོགས་སྟེང་ཐོན་རྗེས་ཡན་ལག་སློབ་གྲྭ་འཛུགས་མཁན་དང་། དགོན་པ་འདེབས་མཁན། ཁོར་སྲུང་མཐུན་ཚོགས་འཛུགས་མཁན་སོགས་ཡོད་ལ།  ད་དུང་མཐུན་གཉེར་ཁང་བཙུགས་ནས་ལོ་ཙཱའི་མ་ལག་དང་སློབ་སྦྱོང་མཁོ་ཆས་གསར་བཟོ་བྱེད་པ། སྨན་རྫས་གསར་བཏོད་དང་མཛེས་སྤྲས་སྒེག་རྫས་ལས་པ།  སྐྱེ་ཁམས་ཁོར་སྲུང་འབུད་རྫས་ལས་པ། ས་གནས་ཀྱི་ཟས་རིགས་ཐོན་རྫས་གསར་སྤེལ་བྱེད་པ། བོད་ལྭ་ཚོང་རྟགས་ཅན་བཟོ་བ་སོགས་བཟོ་ཚོང་ཁེ་ལས་ལ་བརྟེན་ཏེ།  ཆེ་ས་ནས་རྒྱལ་ཁབ་དང་མི་དམངས་དར་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བ་དང་། ཆུང་ས་ནས་མི་རང་གི་རིག་གནས་ཡོན་ཏན་ལ་བརྟེན་ནས་རང་ཁ་རང་གསོ་བྱས་ཏེ་ཕ་མ་ཁྱིམ་བདག་དང་། རྒྱལ་ཁབ་ཀྱི་འགན་འཁྲི་ཇེ་ཡང་དུ་གཏོང་མཁན་མང་བོ་བྱུང་དང་འབྱུང་བཞིན་ཡོད་པས།   སྔ་ཕྱིར་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་དང་རྨ་ཆེན་རྫོང་སློབ་གསོའི་ལས་ཁུངས།  མགོ་ལོག་ཁུལ་མི་དམངས་སྲིད་གཞུང་དང་མགོ་ལོག་ཁུལ་སློབ་གསོ་ཅུའུ།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་སློབ་གསོའི་ལས་ཁུངས་སོགས་ཀྱིས་སློབ་གླིང་འདིའི་སློབ་སྒྲུབ་ཀྱི་གྲུབ་འབྲས་ལ་ཨང་དང་བོའི་ཁྱད་འཕགས་གཟི་བརྗིད་བྱ་དགའ་ཐེངས་མང་བོར་བྱིན་ནས་གདེངས་འཇོག་ཚད་མེད་གནང་།   དེ་བཞིན་སྤྱི་ཚོགས་སྟེང་གི་བླ་སྤྲུལ་མཁས་དབང་མང་བོ་དང་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དུས་རྒྱུན་གཟིགས་མཐོང་དང་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད་ལ།  སྤྱི་ཚོགས་སྟེང་གི་ཆེད་མཁས་པ་རྣམས་ཀྱིས་གདེང་འཇོག་དང་དཔྱད་འདེམས་བྱས་པ་བརྒྱུད་“རེ་བའི་སློབ་གསོའི་གསེར་གྱི་གཟེངས་རྟགས་”ཐོག་མ་བྱིན།  ད་དུང་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་མང་བོའི་སློབ་གཙོ་དང་དགེ་རྒན་རྣམས་སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་དང་བྱེད་ཐབས་སོགས་ལ་ལོ་རེ་རེར་རྒྱུས་ལོན་སློབ་སྦྱོང་བྱེད་དུ་ཡོང་གིན་ཡོད་པ་དང་། པེ་ཅིན་སློབ་ཆེན་དང་།  ཀྲུང་ཧྲན་སློབ་ཆེན།  ཧ་ཧྥུ་སློབ་ཆེན་(哈佛大学)།  ཨོ་སི་ཁྲི་ལི་ཡའི་བཱེ་ཁི་ཐྲོ་རི་ཡ་སློབ་ཆེན་(澳大利亚维多利亚大学)སོགས་སློབ་གྲྭ་གྲགས་ཅན་གྱི་ཞིབ་འཇུག་པ་དང་། སློབ་དཔོན་ཆེན་མོ། འབུམ་རམས་པ་སོགས་ཆེད་དུ་སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་དང་ཆེད་སྦྱོང་གི་སློབ་ཁྲིད་བྱེད་ཐབས་བཅས་ལ་རྒྱུས་ལོན་དང་བརྟག་དཔྱད་ཞིབ་འཇུག་བྱེད་དུ་ཡོང་ཞིང་།  སློབ་གླིང་འདི་ན་“ཤེས་ཡོན་གྱིས་སྦྱིན་གཏོང་བྱེད་ཀྱིན་འདུག་”ཅེས་རྩོམ་ཡིག་བྲིས་མྱོང་བ་དང་།  དོན་དངོས་ཀྱི་ཕན་ནུས་ལ་གཞིགས་ཏེ་རྒྱལ་ཁབ་དམངས་སྲིད་ལས་ཁུངས་ཀྱིས་ཀྱང་སློབ་གླིང་གི་བྱེད་པོ་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་ལ་ཀྲུང་ཧྭ་བྱམས་བརྩེའི་དགེ་ལས་པའི་མཚན་སྙན་བྱ་དགའ་སྟེ་“中华慈善奖”ཞེས་པ་གནང་བ་དང་།  2012ལོར་ཁོང་ལ་སློབ་གསོ་བའི་བྱ་དགའ་ཐོབ།  2014ལོར་“ཞིང་ཆེན་ཡོངས་ཀྱི་དམངས་སྒྲུབ་སྔོན་ཐོན་སློབ་གསོ་བའི་བྱ་དགའ་”(全省民办先进单位工作者)དང་།  “ཞིང་ཆེན་ཡོངས་ཀྱི་དམངས་སྒྲུབ་སྔོན་ཐོན་སློབ་གྲྭའི་བྱ་དགའ་”(全省民办先进单位)ཐོབ། 2014ལོར་ཁོང་“སློབ་གསོ་བ་གྲགས་ཅན་བཞི་”ཡི་གྲས་སུ་བདམས་ཏེ་རྒྱལ་ཡོངས་ལ་བསྒྲགས།   དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་ཞུས་སློབ་གསོ་ཞིབ་འཇུག་པ་དང་སློབ་གསོའི་ཆེད་མཁས་པ་ཡང་ཏུང་ཕེན་(扬东平)དང་སློབ་གསོའི་ཆེད་མཁས་པ་ལིས་ཀྲིན་ཞུས་(李镇西)སོགས་དངོས་སུ་སློབ་གླིང་འདིར་ཡོང་ནས་རྒྱུས་ལོན་ཞིབ་འཇུག་བྱས་ཤིང་། ཆེད་དུ་རྩོམ་ཡིག་བྲིས་ཏེ་སློབ་གླིང་འདི་ནི་“མདོ་དབུས་མཐོ་སྒང་གི་ཆེས་ཁྱད་དུ་འཕགས་པའི་སློབ་གྲྭ་”ཡིན་པ་དང་། “སློབ་གླིང་འདིའི་སློབ་གསོའི་མ་དཔེ་ལ་ཞིབ་འཇུག་གི་དོན་སྙིང་ཆེན་པོ་ལྡན་”ཚུལ་གྱི་གདེང་འཇོག་བྱས་མྱོང་།  ཡང་ཉེ་བའི་ཆར་སློབ་གླིང་འདི་རྒྱལ་ཡོངས་ཀྱི་“ཡུལ་སྡེའི་གསར་བཏོད་སློབ་གྲྭ་བཅུ་”(十个有根的乡村教育创新奖)ཡི་གྲས་སུ་བདམས་ནས་བྱ་དགའ་བྱིན་ཡོད།

མདོར་ན། སློབ་གླིང་འདིའི་ཕན་ནུས་དང་གྲུབ་འབྲས་སོགས་སྔ་ཕྱིར་མཚོ་སྔོན་བརྙན་འཕྲིན་ཁང་དང་།   ཞང་ཀང་ཧྥུན་ཧོང་བརྙན་འཕྲིན་ཁང་(凤凰卫视)།    ཀྲུང་དབྱང་བརྙན་འཕྲིན་ཁང་(CCTV)སོགས་བརྙན་བྱེད་བརྒྱུད་ལམ་ཆེ་གྲས་ཁག་གི་གསར་འགོད་པ་མང་བོ་ཐེངས་དུ་མར་ཡོང་ནས་རྒྱུས་ལོན་གསར་འགོད་བྱས་ཏེ་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ནས།  སློབ་གླིང་གི་མཚན་སྙན་འཛམ་གླིང་ལ་བསྒྲགས་ཤིང་།   ཤུགས་རྐྱེན་རྒྱལ་ཡོངས་ལ་ཁྱབ་པར་བྱས་ཡོད།

སྙན་སེང་ཞུས་ཚར་བ་ཡིན། མཐར་སློབ་གླིང་གི་བྱ་བ་མཐའ་དག་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།

2021ལོའི་ཟླ་12ཚེས་8ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ལོ་ངོ་27གྱི་གྲུབ་འབྲས།   སྤེལ་མཁན།: ཡ་ག་མ། སྤེལ་དུས:2021/12/1
ངོ་སྤྲོད་ཧ་ལས་པ་ཡག
  ལོ་ངོ་27གྱི་གྲུབ་འབྲས།   སྤེལ་མཁན།: ཉི་མ། སྤེལ་དུས:2021/12/1
བཀའ་དྲིན་ཆེན་པོ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23577329
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།