ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གསུང
ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2021-12-12ལྟ་ཀློག (4892)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གནང་།                


   རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པ་ཡོང་བར་སྣེ་ཁྲིད་ལེགས་པོ་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཆོས་ལུགས་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ནས། དད་ལྡན་མང་ཚོགས་ཀྱིས་རྒྱ་ཆེའི་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་ཚར་བར་བྱེད་ཆེད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་རྩ་འཛུགས་དང་ཁྲིད་སྟོན་སྔར་ལས་བཟང་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

 ལིས་ཁི་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ལིས་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཝང་དབྱང་གིས་སྤྱི་སྡོམ་གཏམ་བཤད་གནང་། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཆོས་ལུགས་བྱ་བར་ཧ་ཅང་མཐོང་ཆེན་གནང་ཡོད། རིམ་པ་སོ་སོའི་ཏང་ཨུས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་གི་ཆོས་ལུགས་བྱ་བ་གསར་གཏོད་ལྡན་པའི་སྒོ་ནས་བསྒྲུབས་ཏེ་ཕན་འབྲས་ལེགས་པོ་བླངས་ཡོད། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་ཚད་སྔར་ལས་ཆ་ཚང་དུ་གྱུར་པ་དང་། ཆོས་ལུགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གྱུར་ལ། ཆོས་ལུགས་བྱ་བའི་བཅའ་ཁྲིམས་མ་ལག་དང་སྲིད་ཇུས་སྒྲོམ་གཞི་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་གྱུར་ཞིང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཁྲིམས་བཀུར་ཁྲིམས་སློབ་དང་ཁྲིམས་བརྩི་ཁྲིམས་བཀོལ་གྱི་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་ཚད་རིམ་བཞིན་ཇེ་ཟབ་ཏུ་སོང་། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་བྱས་ཏེ། ཆེ་ཕྱོགས་ལ་དང་དོད་དང་ཁྲིམས་སྐྱོང་ལ་དང་དོད། ཚན་རིག་ལ་དང་དོད། གཅེས་སེམས་ལ་དང་དོད་བཅས་བྱས་ནས། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་མཐུན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཆོས་ལུགས་བྱ་བའི་སྐོར་གྱི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པར་ཆོས་ལུགས་ལ་ཇི་ལྟར་ངོས་འཛིན་བྱེད་པ་དང་། ཆོས་ལུགས་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་པ། ཏང་གི་ཆོས་ལུགས་བྱ་བ་ཇི་ལྟར་བཟང་པོར་སྒྲུབ་པ་སོགས་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད་ལ། ངེས་པར་དུ་ཆོས་ལུགས་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཀྱི་ཁྲོད་ཟིན་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། ངེས་པར་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་རྐྱེན་སྲོལ་བཙུགས་ཏེ་འཐུས་ཚང་དུ་གཏོང་དགོས་ལ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་དགོས་པ་དང་། ངེས་པར་དུ་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཤིང་། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། ངེས་པར་དུ་དགེ་མཚན་ལྡན་ཞིང་བདེ་ཐང་ཡིན་པའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་དགོས་པ་དང་། ངེས་པར་དུ་ཆོས་ལུགས་ཚོགས་པ་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་ཤིང་། ངེས་པར་དུ་ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན་ཡོད།

རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

   ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པ་ཡོང་བར་ཁྲིད་སྟོན་ལེགས་པོ་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་ངོ་བོ་ནི་མང་ཚོགས་ཀྱི་བྱ་བ་ཡིན། དད་ལྡན་མང་ཚོགས་དང་ཆོས་ལུགས་ལ་མི་དད་པའི་མང་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་རྩ་བའི་ཁེ་ཕན་ནི་གཅིག་འདྲ་ཡིན་པ་དང་། ཁོ་ཚོ་ཚང་མ་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་ཡིན་པས། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་དབང་ཆར་སྲུང་སྐྱོབ་བྱས་ཏེ། དད་ལྡན་མང་ཚོགས་ལ་ཚད་ཆེས་མཐོ་བའི་མཐུན་སྒྲིལ་བྱེད་དགོས་པར་མ་ཟད། དད་ལྡན་མང་ཚོགས་ཀྱི་བྱ་བ་ཡང་གཟབ་ནན་དང་ཞིབ་ཚགས་ཀྱིས་སྒྲུབ་དགོས། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན་པས། ཁོ་ཚོས་བྱ་བ་སྒྲུབ་པར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པ་དང་། ཁོ་ཚོའི་ཆོས་ལུགས་ནང་ཁུལ་གྱི་དོན་དག་ཁྲོད་ཀྱི་ནུས་པར་བརྩི་བཀུར་བྱས་ཏེ་ནུས་པ་འདོན་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་ཁྲིད་སྟོན་དུ་འཛིན་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རླབས་ཆེན་ཀྲུང་གོ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱས་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཟུང་བའི་མོས་མཐུན་ཇེ་དྲག་ཏུ་གཏོང་དགོས། ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་བ་དང་། ཁ་གཏད་རང་བཞིན་ལྡན་པར་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་བསྣན་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་བྱེད་པར་ཁྲིད་སྟོན་བྱེད་དགོས། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འབྲེལ་ཡོད་བྱ་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྒྲུབ་དགོས། མཉམ་འབྲེལ་དྲ་བའི་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་དགོས། རང་རྒྱལ་གྱི་ཆོས་ལུགས་བདེ་ཐང་ངང་འཛིན་སྤེལ་བྱེད་པར་བར་ཆད་བཟོ་བའི་འབུར་ཐོན་གནད་དོན་དངོས་སུ་ཐག་གཅོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་རང་ངོས་དོ་དམ། རང་ངོས་གཅུན་སྡོམ་བཅས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་ཆོས་ལུགས་བཅོས་སྐྱོང་ནན་མོ་བྱེད་དགོས་ལ། སྣེ་ཁྲིད་ནས་ཁྲིམས་སྲུང་སྒྲིག་བརྩི་བྱེད་པ་དང་ཆོས་ལུགས་ཉམས་ལེན་མཐོར་འདེགས་སུ་གཏོང་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དམངས་གཙོའི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། ཆོས་ལུགས་བྱ་འགུལ་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་ཁེལ་ཁྱབ་ཁོངས་ནང་སྤེལ་དགོས་པ་ལས། སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་སྐྱེལ་མི་ཆོག་པ་དང་། སྤྱི་ལུགས་སྲོལ་བཟང་དང་རྒྱབ་འགལ་བྱ་མི་རུང་ཞིང་། སློབ་གསོ་དང་ཁྲིམས་འཛིན། སྲིད་འཛིན་འགན་ནུས་དང་སྤྱི་ཚོགས་འཚོ་བར་ཐེ་གཏོགས་བྱ་མི་ཆོག 

རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བར་བྱང་ཆུབ་པ་དང་ཆོས་ལུགས་བྱ་བར་ཆ་རྒྱུས་ཡོད་ལ། དད་ལྡན་མང་ཚོགས་ཀྱི་བྱ་བ་སྒྲུབ་མཁས་པའི་ཏང་སྲིད་ལས་བྱེད་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ཏེ། ཁོ་ཚོར་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། ཆོས་ལུགས་ཤེས་བྱ་བཅས་སློབ་སྦྱོང་གཏིང་ཟབ་མོ་བྱེད་དུ་བཅུག་སྟེ། ཁྲིད་སྟོན་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། ཆབ་སྲིད་ཐད་བློ་གཏད་ཆོག་པ་དང་ཆོས་ལུགས་ཐད་ཤེས་རྒྱ་ཆེ་བ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་འདོན་ཐུབ་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་སྡེ་ཞིག་སྐྱེད་སྲིད་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་རིག་པའི་སློབ་ཁྲིད་ཞིབ་འཇུག་གི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་བསླབ་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། ཆོས་ལུགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཏང་ཨུས་འགོ་ཁྲིད་པ་དང་སྲིད་གཞུང་གིས་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། ཆོས་ལུགས་ཀྱིས་རང་གཅུན་བྱེད་པ་བཅས་ཀྱི་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་རྣམ་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ཆོས་ལུགས་བྱ་བའི་འབྲེལ་བ་གལ་ཆེན་ཁོང་དུ་བཟང་པོར་ཆུད་པར་བྱས་ཏེ་རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་ཡུན་རིང་བྱས་རྗེས་འཇོག་དགོས།

ལིས་ཁི་ཆང་གིས་ཚོགས་འདུར་འགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཆོས་ལུགས་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཡོད་ལ། ཆོས་ལུགས་བྱ་བའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཆོས་ལུགས་བྱ་བའི་བསམ་བློ་གསར་པ་དང་འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཡོད་པར་མ་ཟད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་པའི་མཛུབ་སྟོན་བསམ་བློ་དང་འཐབ་ཇུས་དམིགས་འབེན། ལས་འགན་གཙོ་བོ། སྲིད་ཇུས་དང་བྱེད་ཐབས་བཅས་ཁ་གསལ་བཏོན་པ་ལས་གཞན། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། གཞུང་ལུགས་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེ་ནི་དུས་རབས་གསར་པའི་ཆོས་ལུགས་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། དེས་དུས་རབས་གསར་པའི་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས།  འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ནས། རང་རྟོགས་ངང་བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། ཏང་གི་ཆོས་ལུགས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་ཚར་བར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འབུངས་ལྷོད་མེད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་གནང་། 

   ཝང་དབྱང་གིས་སྤྱི་སྡོམ་གཏམ་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁྱོན་ཡོངས་ལ་ལྟ་བ་དང་ཁ་ཕྱོགས་གསལ་སྟོན་གྱིས་ཇུས་གཞི་ཆེན་པོ་བཀོད་པ། དུས་རབས་གསར་པའི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་པོ་བཏབ་པ་དེ་ནི། ཏང་གི་ཆོས་ལུགས་བྱ་བའི་ལག་ལེན་གྱི་སྤྱི་སྡོམ་གསར་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་པའི་གྲུབ་འབྲས་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་ཀྱི་འཕེལ་རྒྱས་གསར་པ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལེགས་པོར་སྒྲུབ་པའི་སྤྱིའི་རྩ་འཛིན་བཅས་ཡིན།  དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལ་ཆ་ཚང་ཞིང་ཡང་དག་པར་གོ་བ་ལེན་པ་དང་ལག་བསྟར་བྱེད་དགོས་ལ། དེའི་དོན་སྙིང་གཙོ་བོ་དང་བསམ་པའི་དགོངས་དོན། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། སློབ་སྦྱོང་དང་བསམ་གཞིགས། བེད་སྤྱོད། ལག་ལེན་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་བདེ་ཐང་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པ་ཡོང་བར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་པར་ཁྲིད་སྟོན་གང་ལེགས་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་སྦྱོང་དང་སྒྲོག་འགྲེལ་དམ་འཛིན་ཡག་པོ་བྱེད་པ་དང་། ལག་བསྟར་བསམ་འཆར་བཟོ་བ། ལས་ཀའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་ཁག་ཐེག་གང་ལེགས་བྱེད་དགོས།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་ཆོས་ལུགས་ལས་དོན་གྱི་ལས་བགོས་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། འབྲེལ་ཡོད་ཞིབ་འཇུག་སྒྲིག་འཛུགས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།  ཐེངས་འདིའི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་ཡན་ལག་ཚོགས་ར་བཙུགས།

རྩོམ་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574135
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།