གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་གསར་འགྱུར།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-11-11ལྟ་ཀློག (7566)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཞི་བའི་<<བློ་རྒྱུགས་གཙང་བོ་དལ་འབབ་>>ཅེས་པའི་བྱ་འགུལ།

      ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་དོན་ཁང་གིས་གཙོ་སྒྲུབ་འོག་སློབ་གྲྭ་སྤྱིའི་སྐབས་བཞི་བའི་<<བློ་རྒྱུགས་གཙང་བོ་དལ་འབབ་>>ཅེས་པའི་བྱ་འགུལ་སྤེལ། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ་ཞེས་གསུངས་པ་ལྟར་བརྗོད་བྱ་དོན་གྱི་རྒན་པོ་རྗོད་བྱེད་ཚིག་གི་འཁར་བ་ལ་བརྟེན་དགོས་པའི་ཕྱིར་ཏེ།  ཚིག་ལ་མ་བརྟེན་པར་དོན་རྟོགས་ཚུལ་མེད་པས། སློབ་གཉེར་བ་ཞིག་དང་སློབ་སྦྱོང་བྱེད་པའི་མི་ཞིག་ཡིན་ན་གཞུང་ཚིག་བློ་འཛིན་མི་བྱེད་པར་བམ་ཀློག་དང་ངག་སྒྲོས་ཐན་ཐུན་གྱིས་ཅི་ཡང་མི་ཕན་པས། སློབ་མ་ཞིག་ཡིན་ན་གཞུང་ལུགས་མང་བོའི་རྩ་སྡོམ་བློར་འཛིན་རྒྱུ་ནི་གལ་ཆེན་ཞིག་ཡིན་པས་ངེད་སློབ་གྲྭའི་སློབ་མ་ཚོས་དུས་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སྐྱོར་སྦྱོང་དང་གཤར་སྦྱང་སྐབས་རྩ་སྡོམ་དང་རང་ལུགས་སོགས་བློར་འཛིན་རྒྱུ་ནི་སློབ་གྲྭ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་དང་གོམས་སྲོལ་ཞིག་ཏུ་ཆགས་ཡོད། ཐེངས་འདིའི་བློ་རྒྱུགས་འགྲན་སྡུར་ནི་སློབ་མ་རེ་གཉིས་ཙམ་མ་ཡིན་པར་འཛིན་གྲྭ་སོ་སོ་བྱས་ནས་བློ་རྒྱུགས་ཕུལ་བ་ཡིན། སློབ་ཆུང་རིམ་པས་ལེགས་བཤད་ལྗོན་དབང་དང་དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། དག་ཡིག་མཁས་པ་དགའ་སྐྱེད། སུམ་རྟགས་རྩ་བ། ལེགས་བཤད་ཀྱི་སྡེ། བསླབ་བྱའི་སྡེ་སོགས་བློ་རྒྱུགས་ཕུལ།  དམའ་འབྲིང་རིམ་པས་གཅིག་ཐ་དད་དང་ཡུལ་ཡུལ་ཅན། རྒྱུ་འབྲས། སྤྱི་བྱེ་བྲག དུས་གསུམ། རིགས་བརྗོད་ཚོགས་བརྗོད། ཁ་དོག་དཀར་དམར་སོགས་ཀྱི་རང་ལུགས། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་རྩ་བ། གྲངས་ཀྱི་མངོན་བརྗོད། མེ་ལོང་མའི་རྩ་བ། རྒྱལ་རབས་རིམ་བྱོན་སོགས་ངག་ནས་བཏོན་པ་ཙམ་མ་ཡིན་པར་སྲོལ་རྒྱུན་གྱི་དབྱངས་རྟ་སྣ་ཚོགས་ལ་དྲངས་ཏེ་ཞིབ་མོར་བཏོན། བྱ་འགུལ་སྟེང་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་སོགས་དགེ་རྒན་བཞི་བཅུ་ལྷག་ཕེབས་ཤིང་བོད་ཡིག་སྡེ་ཁག་གི་དགེ་རྒན་ཡོངས་ཀྱིས་དཔྱད་འདེམ་བྱས། དགུ་གཉིས་འཛིན་གྲྭ་དང་། དྲུག་གཉིས་འཛིན་གྲྭ། གསུམ་གཉིས་འཛིན་གྲྭ་བཅས་ལ་བྱ་དགའ་ཐོབ། མཇུག་ཏུ་བྱ་དགའ་ཐོབ་པའི་འཛིན་གྲྭ་དག་ལ་རང་སློབ་གྲྭའི་འགོ་ཁྲིད་རྣམ་པས་གཟི་བརྗིད་བསྟོད་བྱང་ཕུལ་ནས་རྒྱལ་ཁའི་ངང་མཇུག་བསྡུས།

བོད་ཡིག་སྡེ་ཁག་གི་དགེ་རྒན་ཡོངས་ཀྱིས་དཔྱད་འདེམ་བྱེད་བཞིན་པ།

སློབ་མས་བློ་རྒྱུགས་འབུལ་བཞིན་པའི་ཡུལ་ངོས།

བྱ་དགའ་ཐོབ་པའི་འཇིགས་མེད་བློ་གསལ་རུ་དཔུང་།

བྱ་དགའ་ཐོབ་པའི་ལྷག་དཀར་ཀུན་སྤྱོད་འཛིན་གྲྭ།

བྱ་དགའ་ཐོབ་པའི་ལྔ་རིག་ལྷག་བརྩོན་འཛིན་གྲྭ།

ལྷ་བབས་དུས་ཆེན་ཉིན་སྤེལ་བའི་བྱ་འགུལ་གྱི་ཚོགས་ར།

ཚོགས་རའི་ཟུར་ཞིག

བྱ་དགའ་ཐོབ་པའི་འཛིན་གྲྭ་སོ་སོའི་འཐུས་ཚབ་པ།

 གསར་འགྱུར་མཁོ་སྤྲོད་པ།   གསར་འགོད་པ་དཀར་མོ་ཡེ་ཤེས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505590
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།