ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་གསུམ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་གསུམ་པ།
ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་གསུམ་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-11-09ལྟ་ཀློག (10378)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་གསུམ་པ།

 གསུམ་པ།  རྒྱ་གར་མཐིལ་དུ་སླེབས་ནས་མན་ངག་གི་ཆོས་བཙལ་བའི་སྐོར།

         རྒྱ་གར་མཐིལ་དུ་སླེབས་ནས་གསེར་ཕྱེ་ཀུན་སྦས། ཟླ་བ་དྲུག་ཏུ་ཚོང་འདུས་དང་གྲོང་ཡུལ་དང་། མགྲོན་ཁང་དང་ཀུན་དགའ་ར་བ་ལ་སོགས་པར་ཕྱིན་ནས་ཐབས་ཀྱིས་མན་ངག་གི་ཆོས་ལ་སུ་མཁས་དང་། ཆོས་གྲྭའི་མཁན་པོ་སུ་ཡིན།གྲུབ་པ་ཐོབ་པ་སུ་ཡོད་དྲིས་པར། སྤྱིར་མཁས་པ་མང་དུ་ཡོད་ཀྱང་ཐམས་ཅད་ཁ་མཐུན་པར་ཤྲཱིསིངྷ་ལ་ཡོད་པར་ཐོས། དེའི་དུས་སུ་རྒྱ་གར་གྱི་ཡུལ་ཟ་ཁ་བྷུ་ཧ་ཞེས་བྱ་བར་ཕྱིན། དེ་ནི་རྒྱལ་བོ་ཀུམ་ཤ་དུ་ལ་བྱ་བ་འདུག་པར། དྷ་ཧེ་ན་འདུ་ཁང་བྱང་ཆབ་ཀྱི་ཤིང་བྱ་བ་གར་ཡོད་དྲིས། རྒྱལ་པོས། མདང་སུམ་རྨི་ལམ་དུ་བོད་ཡུལ་གངས་ཀྱི་ར་བ་ནས་སར་གནས་བྱང་ཆུབ་སེམས་དཔའ་གཉིས་སླེབས། དྷ་ཧེ་ན་ཡི་ཉི་ཟླ་གཉིས་བླངས་ཏེ་གངས་པར་མུན་པ་བསལ་བ་རྨིས་པས། དེ་ཀོ་བན་དྷེ་ཁྱེད་གཉིས་མན་ངག་འཚོལ་བའི་རྟགས་སུ་འདུག་ན་དྷ་ཧེ་ན་ཡི་འདུ་ཁང་མི་སྟོན་ཟེར་བར། བཻ་རེ་ཙ་ནས།ལུང་དང་མན་ངག་འཚོལ་དུ་བདག་མི་འོངས།ལྷོ་བལ་མོན་གྱི་ཡུལ་ཕྱོགས་ཅི་ལྟ་བུ།བོད་ཀྱི་རྒྱལ་ཁམས་སྨྲ་ཕྱིར་འདྲི་བ་ཡིན། ཞེས་གསུངས་པས།རྒྱལ་པོས་ཞབས་སྤྱི་བོར་བླངས་ཏེ་ལམ་རྒྱུས་ཞིབ་ཏུ་བསྟན་ནས་བཏང་།

 དྷ་ཧེ་ནའི་རྩར་ཕྱིན་པར་སྨད་ཚོང་མ་བདག་ཉིད་མ་དང་། དགེ་སློང་ཀུན་དགའ་མོ་གཉིས་དྷ་ཧེ་ནའི་མདུན་དུ། ཐིག་ལེ་གཅིག་ལ་རྒྱུད་ལུང་མན་ངག་གསུམ་དུ་ཕྱེ་སྟེ་རྩོད་པ་བྱེད་པ་ཀུན་མཐོང་བ་དང། པཎྚི་ཏ་རྣམས་ཀྱང་དེར་འདུས་ཏེ་ཐམས་ཅད་རྨིས་ལྟས་ལོག་པར་བཟློས། དེ་ཡང་དགེ་སློང་མ་གཉིས་རྩོད་པ་བྱུང་པས་ལན་ཏེ། མན་ངག་བོད་དུ་དར་བས་རྟགས་ཡིན་པས། ད་མན་ངག་སུས་ཀྱང་བསྟན་དུ་མེད་དོ་ཟེར་ནས། ཐུན་མོང་དུ་མ་གྲགས་པའི་རྒྱུད་དང་མན་ངག་བཅས་པ་བསམ་གྱིས་མི་ཁྱབ་པ་རྣམས་དགའ་རབ་དང།འཇམ་དཔལ། ཤྲཱིསིངྷ་ལ་སོགས་པའི་ཐུགས་ལ་གབ་སྟེ་ཡོངས་སུ་རྫོགས་པར་བཞུགས། པཎྚི་ཏ་དང་རྒྱལ་པོ་ལ་ཐུན་མོང་དུ་གྲགས་པའི་རྒྱུད་སྡེ་ཆེན་པོ་དྲུག་ཅུ་མན་ངག་དང་བཅས་པ་རྣམས་ནི། རྡོ་རྗེ་གདན་དུ་རྒྱ་རིམ་གསུམ་དུ་བཏབ་ནས་སྦས་ཏེ། མན་ངག་ཕག་ཚོང་དང་ལྐོག་ཚོང་སུས་བྱས་པར་རྒྱལ་པོའི་ཆད་པ་འོང་ངོ་ཞེས་བསྒྲོགས་པ་བོད་ཀྱི་བན་དྷེ་གཉིས་ཀྱིས་ཐོས།

 བན་དྷེ་གཉིས་དྷ་ཧེ་ནའི་སྒོ་དྲུང་དུ་བསྡད་ནས་འཇམ་དཔལ་སྤྲུལ་པ་རྒན་མོ་གཅིག་དང་ཕྲད། དྷ་ཧེ་ནའི་འདུ་ཁང་དང་པོ་དང་བར་བ་གང་ཡིན། ཤྲཱིསིངྷ་གང་ན་བཞུགས་དྲིས་པས། རྒན་མོས། ང་ལ་རྔན་པ་བྱིན་དང་བཟླས་ཀྱི་གསུང་། མཚོ་ཀུ་ཏྲའི་འགྲམ་དུ་ཕྱིན་ནས་མོ་ལ་གསེར་ཕྱེ་རྔན་པར་བྱིན་པས། རྒན་མོ་ཆུ་ནང་དུ་ཞུགས། ཙན་དན་གྱི་ལོ་མས་བྱད་ལ་བཀབ། སྨྱུག་མའི་ཨུ་བྷོ་རིང་བོ་ཞིག་གིནང་ནས་ཡར་སྨྲས་པ། འཇམ་དཔལ་དཔལ་བཟང་གི་རྨི་ལམ་དང་ཁྱིའི་མཁན་པོ་དྷ་ཧུ། བདག་ཉིད་མ་དང་ཁྱི་ཡི་རྒྱལ་པོ་ཕྱི་མ། དྲང་སྲོང་བྷ་ཤི་ཏ་དང་ཤྲཱིསིངྷ་དང་ཀུན་དགའ་མོ་བཅས་ཀྱི་རྨི་ལམ་བཟླས་པ་ལས་གསང་བའི་མན་ངག་བོད་དུ་འཆོར་བའི་རྟགས་སུ་འདུག་པས། བོད་ཀྱི་བན་དྷེས་དོན་ཆེན་འགྲུབ་པར་ངེས་ཞེས་སོགས་སྨྲས་ཏེ། རྨི་ལམ་དང་པོ་ལོག་པ་དེ་རྒན་མོས་བཤད། དེར་དྷ་ཧེ་ནའི་འདུ་ཁང་བར་པའི་སྒོ་རྩར་སྡོད་ལ། བྲམ་ཟེ་མོ་ཤེལ་བློ་གྲོས་བྱ་བ་ཞིག་ཆུ་འཆུར་འོང་གིས། དེ་དང་འཕྲད་པར་གྱིས་ལ་འཕྲིན་ཐོངས། ང་ཡིས་སྨྲས་མ་ཟེར་ཞིག་སྨྲས་ཏེ་མི་སྣང་བར་གྱུར།ཕྱིས་སུས་སྨྲས་པྲ་ལ་སོགས་པས་བརྟགས་ཀྱང་མ་ཤེས།

བན་དྷེ་གཉིས་ཀྱིས་དྷ་ཧེ་ནའི་ཆུ་འཆུ་སར་སྒུག་པས་བྲམ་ཟེ་ཆུ་འཆུར་འོངས་པ་དང་མཇལ། འཕྲིན་བརྫངས་པས་ལན་གསུམ་དུ་འཕྲིན་བརྗོད་ཟེར་ཏེ་མ་བྱུང་བས། བཻ་རོ་ཙ་ནས་སྒྱུ་མའི་སྦྱོར་སྔགས་ཀྱིས་ཆུའི་བུམ་པ་ས་ལ་སྦྱར་ཏེ་མ་ཁོགས་པས། བྲམ་ཟེེ་མོས།ཁྱོད་རྫུ་འཕྲུལ་སྟོན་ན་ངས་ཀྱང་སྟོན་ཟེར་ནས་གསེར་གྱི་གྲི་སོར་བརྒྱད་པ་ཞིག་མཆན་ཁུང་ནས་བཏོན།བཛྲ་པན་དྷ་པྲ་བེ་ཤ་ཡ་ཕཊ་ཞེས་བརྗོད་དེ། མོ་རང་གི་ཁོག་པ་བཤགས་ནས་ནང་ན་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཀྲ་ལམ་མེ་འདུག་པར།བཻ་རོ་ཙ་ནས། ན་མོ་བྷུ་དྷ་ཡཱ།ན་མོ་དྷརྨ་ཡཱ།ན་མོ་སངྒྷ་ཡཱ། ཞེས་བརྗོད།བོད་སྐད་དུ་བསྒྱུར་ན། སངས་རྒྱས་ལེགས་སོ་སྐྱབས་ཀྱི་མགོན།དམ་ཆོས་ལེགས་སོ་ལམ་གྱི་གཞི། དགེ་འདུན་ལེགས་སོ་ས་བཅུ་ནོན། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཞེས་བྱ་བའི་དོན་ཡིན། བྲམ་ཟེ་མོ་ལ་གསེར་གྱི་པ་ཏྲ་གཅིག་དང་གསེར་ཕྱེ་ཚོམ་གཅིག་རྔན་པར་བྱིན་ནས་ཆུའི་བུམ་པར་རྡེའུ་གཅིག་བཅུག། ཡི་གེའི་འཕྲིན་བསྐུར་ནས་བཏང་། ཟངས་སུ་ཆུ་བྱོ་བས་རྡེའུ་ཁྲོལ་ཀ་ཟེར་བ་སློབ་དཔོན་གྱིས་གསན་ནས་ཅི་ཡིན་གསུངས། བོད་ཀྱི་བན་དྷེ་ནུས་བ་ཕྲ་མོ་སྟོན་པ་གཉིས་ཀྱི་བརྗེད་རྡོ་ཡིན། ཡིག་འཕྲིན་འདི་བསྐུར་བ་ལགས་ཞེས་སློབ་དཔོན་ལ་བཏང་། ཡིག་འཕྲིན་དེའི་ནང་ན།མ་ཧཱ་ཀཱ་རུ་ཎ་བུདྡྷ་དྷརྨ་སངྒ་ཛྙ་ན་མོ་ཡོ།བོདྷི་སཏྭ་ཀཱ་རུ་ཎ་ས་མ་ཡ། ཛྙ་ན་གརྦྷ་ཀུ་རུ་བྷ་སྨིན།ཞེས་བྱ་བ་རྗེ་ཤྲཱིསིངྷ་ལ་བསྟོད་པ།བོད་སྐད་དུ་བསྒྱུར་ན། འཕགས་པའི་འཕགས་པ་བྱང་ཆུབ་སེམས་དཔའ་ཁྱེད།།

འགྲོ་བ་རིགས་དྲུག་བསོད་ནམས་མ་ལུས་སྐུ།།

རིན་ཆེན་འབར་བ་སྡེ་སྣོད་གསུམ་གྱི་དབྱིག།

ཡིད་བཞིན་ནོར་འདྲའི་ཐུགས་རྗེའི་སྟོབས་མཆོག་ཅན།།

གསལ་བྱེད་ཐུགས་རྗེ་ཉི་མ་ལྟ་བུ་ལ།།

སྐྱེ་བ་བརྒྱད་ནས་མི་ལུས་ཐོབ་པ་ཡིས།།

བོད་ཀྱི་དགེ་བསྙེན་མི་ངན་བདག་དངོས་གཉིས།།

སྒྲིབ་པ་སྦྱོང་ཕྱིར་དཀོན་མཆོག་རིན་ཆེན་ལ།།

རྟག་པར་མཆོད་ཅིིིང་ཡུན་དུ་ཞབས་འཁོད་ན།།

མུན་པ་བསལ་ནས་བསོད་ནམས་ཚོགས་བསྐྱེད་ནས།།

ཐུགས་རྗེ་མ་སྨིན་སྨོན་ལམ་མ་དག་པས།།

འཕགས་པའི་བཞུགས་གནས་སེམས་ཅན་གནས་སུ་འགྱང་།།

འཐུག་པོའི་ཐིབས་གསལ་འཕགས་པའི་ཉི་ཞལ་འཁུམས།།

ཐབས་ཀྱི་འོད་སྟོན་ཐུགས་རྗེའི་ཞགས་པས་བཟུང་།།

    ཞེས་བྱུང་བས།  ཤྲཱིསིངྷས།ས་མ་ཡ་ཨ་པཱ་རི་མི་ཏ་ཛྙ་ན། ཞེས་བྱ་བའི་ལན་བསྐུར། སྒྲ་དེ་བོད་སྐད་དུ་བསྒྱུར་ན།

སྔོན་གྱི་དམ་ཚིག་ཆེན་པོས་བདག་བསྐུལ་ན།།

ཁྱོད་དང་མི་འཕྲད་པ་ཡི་དབང་ཡང་མེད།།

འགྲོ་བའི་སེམས་ཉིད་དེ་བཞིན་གཤེགས་པའི་རིགས།།

སྲིན་བུ་པདྨ་ཡན་ཆོད་སངས་རྒྱས་རྒྱུ།།

འགྲོ་བ་རིགས་དྲུག་སངས་རྒྱས་ཡིན་མཉམ་ཡང་།།

འཕགས་པས་འཕགས་པ་མཆོད་པ་ཡིད་ཀྱིས་དད།།

དཀོན་མཆོག་རིན་ཆེན་བླ་མེད་མཆོག་གནས་ལ།།

དམ་པར་མཐོང་བས་ཚོགས་རྣམས་སྐྱེ་བའི་རྒྱུ།།

སེམས་ཀྱི་རུས་པས་ཡན་ལག་ཐང་བཅད་ནས།།

དཀའ་བས་བྱོན་པ་བདག་ཀྱང་དགའ་བའི་མཆོག།

ཤེས་པ་བསྡུར་ཕྱིར་འཕྲད་པར་བགྱིའོ།། 

    ཞེས་བྱ་བ་བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་ལ་ནམ་གུང་ལ་འཕྲད་གསུངས་པའི་ལན་བསྐུར་བྱུང་། ནམ་གུང་ལ་མཇལ་ནས་ཕྱག་དང་བསྐོར་བ་བྱས། གསེར་སྲང་སྟོང་ཕུལ་ནས་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་ཀྱང་བརྗོད། སྐྱེ་བ་འདི་ཉིད་ལ་སངས་རྒྱས་པའི་རྩོལ་མེད་ཨ་ཏི་ཡོ་གའི་ཆོས་ཞུ་འཚལ། ཞེས་གསོལ་བ་བཏབ་པས།སློབ་དཔོན་ཤྲཱིསིངྷས། སྨད་འཚོང་མ་བདག་ཉིད་མ་དང་ཀུན་དགའ་མོ་གཉིས་ཀྱིས་བཀའ་སློང་སྟེ་རྩོད་པ་བྱས་པས་པཎྚི་ཏ་ཐམས་ཅད་རྨི་ལྟས་ལོག། པཎྚི་ཏ་རྣམས་བཀའ་སྨྲོས་དེ་བཀའ་ཀླད་པ་རྣམས་མེ་ལ་བསྲེགས།བཀའ་ཐམས་ཅན་གདམས་ཏེ་རྡོ་རྗེ་གདན་དུ་སྦས་ནས།པཎྚི་ཏ་ཐམས་ཅད་ཀྱི་རྒྱ་དང་ཆོས་སྐྱོང་བའི་རྒྱལ་པོའི་རྒྱ་གཉིས་སྤྲོད་དེ་བཏབ་ནས་ཡོད་པས་བསྟན་པར་དཀའ། འོན་ཀྱང་རྒྱལ་བོས་བཀའ་མཐའ་འཁོབ་ཡུལ་དུ་དར་བའི་དུས་ལ་བབས་འདུག་པས། ངས་རྨི་ལམ་རྟོག་གསུངས་ཏེ།མཉམ་པར་བཞག་ནས་བརྟགས་པས་མཚན་མ་བཟང་། བོད་དུ་རྩོལ་མེད་ཀྱི་བསྟན་པས་ཕན་ཐོགས་པར་འདུག་གིས་གསུངས། ད་ནི་བོད་དུ་བསྐུར་བའི་དུས་ལ་བབས་པས་བསྐུར་ནི་བསྐུར། བསྐུར་ཐབས་ལེགས་པ་ཞིག་དགོས།མ་ལེགས་ན་རྒྱལ་པོས་ཚོར་ནས་འོ་ཅག་གསུམ་གྱི་སྲོག་ལ་འོང་། མན་ངག་རང་ཡང་རྩད་ནས་མེད་པར་བྱེད་པས། ཁྱེད་གཉིས་སྔོན་ལ་པཎྚི་ཏ་གཞན་ལའང་རྒྱུ་འབྲས་ཆོས་རྫོགས་པར་ཉོན་ཅིག། པཎྚི་ཏ་ཕྱི་མ་རྣམས་ལའང་གསེར་ཕུལ་ནས་གསང་སྔགས་འབྲས་བུའི་ཆོས་ཉོན་ཅིག། དེ་ནས་མ་ཚོར་བར་ནམ་གུང་ལ་རྩོལ་མེད་རྫོགས་པ་ཆེན་པོའི་བཤད་ཀྱི་གསུངས་སོ།།

   དང་པོ་རྒྱུའི་ཆོས་ཐམས་ཅད་རྫོགས་པར་ཞུས། དེ་ནས་གསང་སྔགས་ཕྱི་མའི་ཆོས་ཀྱང་རྫོགས་པར་ཞུས། དེ་ནས་ཕྱི་མ་བདུན་ལ་ཕྱི་ནང་གསང་བ་གསུམ་གྱི་དབང་རྫོགས་པར་ཞུས།གསང་སྔགས་ནང་གི་ཆོས་ཐམས་ཅད་མང་དུ་ཉན། དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་དང་མཇལ། གསར་དང་པ་ཏྲའི་མེ་ཏོག་་ཕུལ་ཕྱག་བཙལ། བསྐོར་བ་བྱས། ཞབས་སྤྱི་བོར་བླངས་ཏེ་མན་ངག་ཞུས་པས་དབང་བསྐུར་བྱིན་གྱིས་བརླབས། མན་ངག་གི་ཆོས་རྣམས་རྫོགས་པར་གནང་སྟེ། སློབ་དཔོན་ཤྲཱིསིངྷ་ལ་ཉོན་ཅིག་ཅེས་ལུང་བསྟན།

   དེ་ནས་སློབ་དཔོན་ཤྲཱིསིངྷའི་དྲུང་དུ་ཕྱིན་ཏེ་མན་ངག་གི་ཆོས་ཞུས་པས།དང་པོ་ཤྲཱིསིངྷས་མན་ངག་གི་ཆོས་ལེན་པ་ལ་རྫུ་འཕྲུལ་བསྟན་ཏེ། ཤྲཱིསིངྷས་གནོད་སྦྱིན་དཀར་མདའི་གདོང་དུ་རྫུས། བཻ་རོ་ཙ་ནས་སེང་གེ་རབ་བརྟན་དུ་རྫུས།གཙང་ལེགས་གྲུབ་ཀྱིས་བྱ་ངང་པ་གཅིག་ཏུ་རྫུས་ཏེ། ནམ་གྱི་གུང་ལ་མན་ངག་གི་ཆོས་རྒྱ་གཉིས་སྤྲོད་བཏབ་ནས་རྡོ་རྗེ་གདན་ན་སྦས་ཡོད་པ་འདོན་དུ་ཕྱིན། མན་ངག་གི་ཆོས་རྒྱ་བཤིག་ནས་བཀོན་པས་གསང་སྔགས་ཕྱི་ནང་གི་ཆོས་སྐྱོང་ཐམས་ཅད་ཞལ་མངོན་སུམ་དུ་བསྟན་ཏེ།ཤྲཱིསིངྷ་དང་བཻ་རོ་ཙ་ན་ལ་གཡས་ཕྱོགས་ནས་བསྐོར་བ་བྱས། ཕྱག་ཞབས་སྤྱི་བོར་བླངས་ནས།བདག་ཅག་མི་མ་ཡིན་ཆོས་སྐྱོང་པའི་སྲུང་མ་ཐམས་ཅད་བཀའི་གཉེར་དུ་གཏད་པ་རྣམས་ནི།བཀའ་འདི་རྣམས་ཀྱི་རྗེས་སུ་མཆིའོ།། ཤིན་ཏུ་རྗེས་སུ་འབྲང་ངོ་།།

  བདག་ཅག་ལ་ལ་ནི་ཁོང་པའི་སྙིང་སྟོན་པ་སྙམ་བྱེད། ལ་ལ་ནིཕ་བཤད་པ་སྙམ་བྱེད།ལ་ལ་ནི་མ་བསད་པ་སྙམ་བྱེད། ལ་ལ་ནི་ནོར་བུ་རིན་པོ་ཆེ་སྟོར་བ་ལ་སྙམ་བྱེད། མན་ངག་གི་བཀའ་འདིའི་རྗེས་སུ་བསྒྲུབ་ཅིང་དང་དུ་ལེན་པ་རྣམས་དང་གཞུང་བཞིན་དུ་སྤྱོད་པ་རྣམས་ལ་ནི། བདག་ཅག་མི་མ་ཡིན་པས་གཙུག་གི་ནོར་བུ་བཞིན་དུ། གཉན་པར་ཁུར་ཅིང་བྲན་བཞིན་དུ་བྱ་བ་བྱེད་དོ།། དགོངས་པ་ཐམས་ཅད་བསྒྲུབ་བོ།།  བདག་ཅག་རྣམས་ནི་བཀའི་བྱ་ར་བ་ལགས་པས། མན་ངག་འདི་རྣམས་གཅེས་པར་དང་དུ་ལོངས་ཤིག། གཞུང་བཞིན་དུ་སྒྲུབས་ཤིག། ཀུན་གྱི་ཐུན་མོང་མ་ཡིན་པས་ཤིན་ཏུ་གསང་བར་སྤྱོད་ཅིག་ཟེར་ཏེ་མི་སྣང་བར་བཤེགས། དེ་ནས་རྒྱ་བཤིག་པ་སྔར་བཞིན་དུ་རྒྱས་གདབ་ནས་བཀའ་རྒྱུད་དང་མན་ངག་དང་བཅས་པ་རྣམས་ཁྱེར་ནས་དྷ་ཧེ་ནའི་འདུ་ཁང་དུ་ཕྱིན། སྐབས་དེར་རྨི་ལྟས་བར་པ་ལོག། པཎྚི་ཏ་ཕྱི་མ་བདུན་ལ་སོགས་པ་འཚོགས།ཀུན་གྱིས་རྨི་ལམ་བཟློས།འཇམ་དཔལ་བཤེས་གཉེན་དང་། ཁྱིའི་རྒྱལ་པོ་དྷ་ཧུ་ན།ཁྱིའི་རྒྱལ་བོ་ཕྱི་མ།སྨད་འཚོང་མ་དང་བདག་ཉིད་མ། དྲང་སྲོང་བྷ་ཤི་ཏ། ཤྲཱིསིངྷ་།ད གེ་སློང་མ་ཀུན་དགའ་མོ་བཅས་ཀྱི་ནང་ནས་མ་ཚང་བ་དང་། རྡོ་རྗེ་གདན་དུ་སུ་ཡོད་རྩད་བཅད་ཀྱང་མ་ཆོད། རྡོ་རྗེ་གདན་དུ་འཚོགས་པའི་རྒྱལ་པོ་དང་དཀོར་གཉེར་སོགས་ལ་འདིར་རྡོ་རྗེ་གདན་གྱི་རྒྱས་གདབ་སར་སུ་བྱུང་ཞེས་འདྲིར་བཏང་བས་ཀྱང་སུ་ཡང་མ་བྱུང་ངོ་ཟེར་ཏེ་རྩད་མ་ཆོད། དེ་ནས་པཎྚི་ཏ་རྣམས་བཀའ་བགྲོས་ཏེ་རྡོ་རྗེ་གདན་གྱི་མན་ངག་སུས་ཀྱང་མ་བླངས་ཤིག། གང་གིས་བླངས་པ་ལ་པཎྚི་ཏ་རྣམས་དང་། ཆོས་སྐྱོང་པའི་རྒྱལ་པོས་ཆད་པ་གཅོད་ཅེས་བཀའ་ཁྲིམས་ཆེན་པོ་བཅོས་སོ།།



ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་བཞི་བ།

   བཞི་པ། སློབ་དཔོན་ཤྲཱིསིངྷས་བཻ་རོ་ཙ་ནར་བསྟན་པ་ཡོངས་རྫོགས་གཏད་པའི་སྐོར།

ཉིན་རེ་བཞིན་ཕྱི་མ་བདུན་པོ་ལ་སོགས་པར་གསང་སྔགས་འབྲས་བུའི་ཆོས་ཉན།ནུབ་རེ་བཞིན་ཤྲཱིསིངྷ་ལས་བསྟན་པའི་སྙིང་པོ་རྩོལ་མེད་རྫོགས་པ་ཆེན་པོའི་དོན་མན་ངག་ཉན།སློབ་དཔོན་ཤྲཱིསིངྷས་རང་གི་ཁང་བའི་ནང་དུ་རྡོ་ཆེན་པོ་གསུམ་གྱི་ཁར་རྫ་མ་བཞག།རྫ་མ་དེ་དྲ་བར་བཅུག།དེའི་ནང་དུ་ཤྲཱིསིངྷ་བཞུགས།དེའི་ཁ་ཕུབ་ཆེན་པོས་བཅད།ཕུབ་ཀྱི་སྟེང་དུ་སླ་ང་ཆུས་བཀང་བར་བཞག།རྫ་མའི་བུབ་པ་ནས་ཁང་པའི་བུག་པ་ལས་ཕྱི་རུ་ཨུ་བྷི་རིང་པོ་གཅིག་བཅུག་ནས་བཤད།བཻ་རོ་ཙ་ན་དང་ལེགས་གྲུབ་གཉིས་ཀྱིས་ཕྱི་རོལ་ནས་ཤྭ་བའི་ཡིབ་ཞུ་རིང་བོ་གོན།ཁྲེས་པོ་རེ་ཁུར།འཁར་བ་རེ་ཐོགས།ལག་པ་རྒྱབ་ཏུ་བསྣོལ།ཟོམ་ལྷམ་ཕྱིན་ལོག་ཏུ་གོན་ནས་ནམ་གུང་ཉན།ལེགས་གྲུབ་ཀྱི་ཟླ་གྲིབ་མཚམས་སུ་ར་དཀར་མོའི་འོ་མས་ཡི་གེར་བྲིས།བཻ་རོ་ཙ་ནས་འགོ་བསྟན་པ་ཙམ་གྱིས་ཁོང་དུ་ཆུད་ཅིང་།བསྟན་པ་ཐུགས་ལ་རྫོགས།ུ་བསྣོལ།ཟོམ་ལྷམ་ཕྱིན་ལོག་ཏུ་གོན་ནས་ནམ་གུང་ཉན།ལེགས་གྲུབ་ཀྱི་ཟླ་གྲིབ་མཚམས་སུ་ར་དཀར་མོའི་འོ་མས་ཡི་གེར་བྲིས།བཻ་རོ་ཙ་ནས་འགོ་བསྟན་པ་ཙམ་གྱིས་ཁོང་དུ་ཆུད་ཅིང་།བསྟན་པ་ཐུགས་ལ་རྫོགས།

  བོད་དུ་བསྟན་པ་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག་བཤད།ཀུན་རྫོགས་པར་སྟོན་པའི་རྟགས་སུ་རྩལ་ཆེན་སྤྲུགས་པ་བཤད།བསམ་གཏན་སྟོན་པའི་རྟགས་སུ་ཐིག་ལེ་དྲུག་པ་བཤད།ཐེག་པ་ཐམས་ཅད་ཀྱི་ལྟ་སྤྱོད་ཁོག་ཏུ་འདུས་པའི་རྟགས་སུ་ཁྱུང་ཆེན་ལྡིང་བ་བཤད།ཐེག་པ་ཐམས་ཅད་ཀྱི་ཁྱད་འདོན་པའི་རྟགས་སུ་ལྟ་བ་མི་ནུབ་པའི་རྒྱལ་མཚན་བཤད།དེ་ནས་རིགས་ཀྱི་བུ་ཚིམ་མམ་བྱས་པས།རྗེས་སུ་ཡི་རང་ངོ་ཟེར།ཡང་གྲུབ་མཐའ་ཐམས་ཅད་འདུས་པའི་རྟགས་སུ་ཡིད་བཞིན་ནོར་བུ་བཤད།ཆོས་དང་གདམས་ངག་གི་ཆེ་བའི་རྟགས་སུ་རྗེ་བཙུན་དམ་པ་བཤད།གོང་འོག་སྐྱོན་དང་ཡོན་ཏན་ཤེས་དགོས་པའི་རྟགས་སུ་ཡིད་སྤྱོད་རྒྱལ་པོ་བཤད།ཤེས་རབ་གསུམ་ལ་རྟེན་དགོས་པའི་རྟགས་སུ་རིན་ཆེན་ཀུན་འདུས་བཤད།  དེ་ནི་ཆུང་བ་བཞིའོ།།

ཤེས་པ་ཐམས་ཅད་གདམས་པ་ལ་རག་ལས་དགོས་པའི་རྟགས་སུ་བདེ་འཇམས་བཤད།འབྲས་བུ་སྐུ་གསུང་ཐུགས་ལ་ཐུག་དགོས་པའི་རྟགས་སུ་སྲོག་གི་འཁོར་ལོ་བཤད།ངེས་དོན་རྟགས་དང་གསུམ་ལ་རག་ལས་དགོས་པའི་རྟགས་སུ་སེམས་ཀྱི་ཊིཀ་ནམ་མཁའི་རྒྱལ་པོ་བཤད།  དེ་ནི་འབྲིང་པོ་བཞིའོ།།

  དྲང་ལུང་ངེས་ལུང་གཉིས་ཀྱིས་གཞན་དོན་བྱེད་པའི་རྟགས་སུ་བདེ་བ་འཕྲ་བཀོད་བཤད།ཐེག་པ་ཐམས་ཅད་ཤན་འབྱེད་དགོས་པའི་རྟགས་སུ་སྤྱི་འཆིངས་བཤད།རིག་པ་དང་མི་འགལ་བར་བྱ་བའི་ཕྱིར་རྡོ་ལ་གསེར་ཞུན་བཤད།སྤྱོད་པ་དང་གདམས་ངག་གི་རྣལ་འབྱོར་པའི་སྲོག་ཡིན་པའི་ཕྱིར་རྩེ་མ་བྱུང་རྒྱལ་བཤད།དེ་ནི་ཆེ་ཕྱོགས་བཞིའོ།།

ཆོས་ཆོལ་བ་དང་མ་འཆོལ་བ་ངོ་ཤེས་དགོས་པའི་རྟགས་སུ་རྨད་དུ་བྱུང་བ་བཤད།དེས་ཚིམ་མམ་ཞེས་པས།མ་ཚིམ་ཞུས།མན་ངག་འདི་རྣམས་སྟོན་པའི་ཞལ་ནས་གསུངས་པའི་རྒྱུད་མན་ངག་དང་བཅས་པ་ཞུ་འཚལ།ཞེས་ཞུས་པས།རྒྱུད་བཅོ་བརྒྱད་གདམས་ངག་ངོ་སྤྲོད་དང་བཅས་པ་བཤད་ནས།ཚིམ་མམ་ཞེས་པས།ལེགས་གྲུབ་ཚིམ་མོ་ཟེར་ནས་རྒྱལ་པོ་ལ་ངོ་སོ་འདོད་ཕྱིར་སོང་བས་ལམ་དུ་ལོ་བཞི་བཅུ་ཞེ་བཞི་ལ་གཅན་འཕྲང་བས་བཀྲོངས་སོ།།

   བཻ་རོ་ཙ་ནས་མ་ཚིམ་ཟེར་ནས་ཞག་གསུམ་ཁ་སྦབ་དུ་ཉལ་ནས་བསྡད་པར།ཤྲཱིསིངྷས།ཁྱོད་གྲོགས་པོ་སོང་བར་མ་དགའ་འམ་གསུངས་པར།བཻ་རོ་ཙ་ནས་མགྲོན་པོ་ལས་མཐུན་རང་རང་གནས་སུ་གྱེས་པ་ལ།དེ་ལ་མི་དགའ་བྱ་རྒྱུ་ཅི་ཞིག་མཆིས།།ཞུས་པས།སློབ་དཔོན་གྱིས་འོ་ན་ནའམ་གསུངས་པར།བདག་ན་ལགས་ཞུས།   རྗེའི་ཞལ་ནས་ཅི་ན་གསུངས་པས། བཻ་རོས་ན་བ་མགུར་དུ་དྲངས་ནས།

བདག་འདྲ་བཻ་རོ་ཙ་ན་ལགས་ཏེ།།

གཞན་གྱིས་ནད་དེ་མ་མཆིས་ཏེ།།

ཐོས་ཏེ་མ་གོ་རང་སེམས་ན།།

མཐོང་ཏེ་མ་འཕྲད་རང་སེམས་ན།།

མྱོང་ཏེ་མ་ཚིམས་རང་སེམས་ན།།

ནད་གཞི་སེམས་སྡེ་བཅོ་བརྒྱད་ལས།།

གདེངས་མ་རྙེད་པས་རང་སེམས་ན།།

དེ་ལྟར་ནད་ཀྱིས་གདུངས་པ་ལ།།

མཐར་ཕྱིན་སྨན་ཅིག་ད་བཟོད་ཞུ།།

ཞེས་གསོལ་བས། ཤྲཱིསིངྷས། ད་ནི་ཁྱོད་ཅི་ལ་སྡུག་པ་ཡིན་གསུངས། ཡང་བཻ་རོ་ཙ་ནས།

རང་བྱུང་ཡེ་ཤེས་བདེ་ཆེན་ནི།།

བག་ཆགས་ཐུག་པོའི་འཕྲེང་ལ་སྡུག།

ལྟ་བ་ཕྱོགས་རིས་མེད་པ་དེ།།

ལས་དང་རྟོག་པའི་འཕྲེང་ལ་སྡུག།

སྒོམ་པ་རྩོལ་མེད་རང་བཞག་དེ།།

བྱིང་རྒོད་གཉིས་ཀྱི་འཕྲེང་ལ་སྡུག།

སྤྱོད་པ་བླང་དོར་མེད་པ་དེ།།

འདོད་རྩོལ་གཉིས་ཀྱི་འཕྲེང་ལ་སྡུག།

ལམ་ལ་སྒྲོད་དུ་མེད་པ་དེ།།

ལུང་དང་རིག་པའི་འཕྲེང་ལ་སྡུག།

དུས་གསུམ་སངས་རྒྱས་དགོངས་པ་དེ།།

ཐེ་ཚོམ་རྟོག་པའི་འཕྲེང་ལ་སྡུག།

རྫོགས་ཆེན་བྱ་བྲལ་ལྷུན་རྫོགས་དེ།།

བརྡ་དོན་བྲལ་བའི་འཕྲེང་ལ་སྡུག།

འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ།།

བརྡ་དོན་སྤྲོད་པའི་འཕྲེང་ལ་སྡུག།

སངས་རྒྱས་སྤྱོད་ཡུལ་རང་དབང་དེ།།

སྤྱི་བླུགས་ཚངས་པའི་དབང་ལ་སྡུག།

མན་ངག་སེམས་སྡེ་བཅོ་བརྒྱད་པོ།།

འཕྲེང་བརྒྱད་འཕྲེང་ལ་མ་ཤོགས་སོ།། ཞེས་མགུར་གསུངས་པས།སློབ་དཔོན་བཞད་དེ་ཤིན་ཏུ་དགྱེས་སོ།།

  སློབ་དཔོན་གྱིས་མན་ངག་རྒྱ་མཚོའི་ཀློང་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་ཀློང་སྡེའི་སྐོར་རྒྱུད་མན་ངག་དང་བཅས་པ་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་རྒྱུད་སྡེའི་སྐོར་ལ་སོགས་རྒྱུད་མན་ངག་དང་བཅས་པ་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་རྡེའུ་ཚང་གི་སྐོར་དང་གབ་པའི་སྐོར་སོགས་རྒྱུད་དང་མན་ངག་ཟབ་ལ་རྒྱ་ཆེ་བ་མང་དུ་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་ཤན་འབྱེད་པ་བྲམ་ཟེའི་སྐོར་ལ་ཟློ་བ་རྒྱལ་བོའི་སྐོར་སོགས་རྒྱུད་མན་ངག་དང་བཅས་པ་མང་དུ་བསྟན་ནས།དེས་ཚིམ་མམ་གསུངས་པས།དེ་རྣམས་ཀྱི་དོན་རྩོལ་བ་བྱ་མི་དགོས་པར་རང་གྲོལ་མངོན་སུམ་ད་ལྟ་ཉིད་དུ་མཐོང་བ་ཞིག་ཞུ་དགོས་ཞེས་གསོལ་ནས།གསེར་ཕྱེ་བྲེ་གང་དང་པ་ཏྲ་བདུན་ཕུལ།ཕྱག་དང་བསྐོར་བ་མང་དུ་མཛད་དེ།

དཔལ་ལྡན་སེང་གེའི་འོད་ཅན་ཁྱེད།།

མཐའ་ཡི་བན་དྷེའི་མགོན་གཅིག་པུ།།

དཀའ་བས་བསྔོས་ཏེ་མོས་པས་བཙལ།།

འབྲེལ་བས་ཞལ་མཇལ་ཐུགས་རྗེས་བཟུང་།།

བསྟན་པ་སྤྱིའི་ཕྱུང་ཡོངས་རྫོགས་བསྟན།།

དོན་དེ་རང་གྲོལ་དངོས་བསྟན་ཞུ།། ཞེས་གསོལ་པས། སློབ་དཔོན་ཤིན་ཏུ་དགྱེས་ཏེ་ཞལ་འཛུམ་པ་མཛད་ནས།དྷ་ཧེ་ནའི་འདུ་ཁང་དང་པོར་གསལ་བྱེད་རིན་པོ་ཆེ་འབར་བ་ལ་བརྟེན་ནས།རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བདུན་ལ་སོགས་པ་ཡོངས་སུ་རྫོགས་པར་བསྐུར།ཐུག་ཕྲད་གསུམ་གྱི་རང་གྲོལ་མངོན་སུམ་དུ་ངོ་སྤྲད།མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ།ཐིག་གེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་བཅད།ཆེ་བ་ལྔའི་དགོངས་པ་ཁྱད་པར་དུ་འཕགས་ཏེ།རྩོལ་བ་མེད་པར་ཡེ་ནས་སངས་རྒྱས་པའི་དོན་ཉིད་མངོན་སུམ་དུ་གྱུར་ཏེ།རྩ་བའི་རྒྱུད་ལྔ།ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་སྟེ་སུམ་ཅུ་ཐམ་པ། ཀློང་དགུ་ལ་སོགས་པ་སྤྲུལ་སྐུ་དགའ་རབ་རྒྱལ་བའི་བཀའ་མན་ངག་བཅོ་བརྒྱད།རིག་འཛིན་གྱི་གཉེན་ཡིག་བཞི།ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་དང་ལྡན་པ།ཤྲཱིསིངྷའི་རྒྱན་འཕྲེང་འོད་གསུམ་དང་།བསམ་གཏན་ཉམས་ཀྱི་སྒྲོན་མ་རྣམས་གཉེར་གཏད་ནས་རྒྱས་བཏབ་སྟེ།བསྐུལ་བ་རྐྱེན་གྱི་མན་ངག་ནི།

ཤན་འབྱེད་ལ་ཟླ་རྒྱུད་བཀྲོལ་བས།།

བརྒྱུད་པའི་གདམས་པ་མངོན་སུམ་བསྟན་།།

དབེན་པར་རང་སེམས་རང་གིས་མོས་པར་གྱིས།།

སྨིན་པར་གྱིས་ཤིག་ཐུགས་ཀྱི་སྲས།། ཞེས་གཏད། བཻ་རོ་ཙ་ན་རང་གྲོལ་མངོན་སུམ་དུ་ངོ་འཕྲོད།མངོན་སུམ་གཉིས་ཀྱི་ཚད་ལ་ཕེབས།བརྡ་འཕྲོད་རང་གྲོལ་གྱིས་ཕྱོགས་མེད་ཀློང་དུ་གྲོལ།ཐིག་ལེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་བཅད།ཆེ་བ་ལྔས་རང་སེམས་སངས་རྒྱས་དོན་མངོན་དུ་གྱུར་ཏེ།སྣང་སྲིད་ཟིལ་གྱིས་ནོན།འཁོར་འདས་གཉིས་སུ་མེད་པར་དགོངས་པ་བདེ་བ་ཆེན་པོའི་དོན་མངོན་དུ་གྱུར་ཏེ།སློབ་དཔོན་ཤྲཱིསིངྷ་ལ་དྲིན་བརྗོད་པ་དང་རང་གི་རྟོགས་པ་ཕུལ་བ།

སྤྲུལ་པའི་གཤེགས་ཤུལ་རྡོ་རྗེའི་གདན།།

སྙིང་པོའི་དོན་རྫོགས་སྐལ་ལྡན་རྗེ།།

ངེས་པ་ཡིན་པས་དེ་མངོན་བསྟན།།

རང་རྒྱུད་རང་གྲོལ་བཀའ་དྲིན་ཆེ།། ཞེས་གཏང་རག་ཕུལ་ལོ།།

   སློབ་དཔོན་གྱིས་མན་ངག་རྒྱ་མཚོའི་ཀློང་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་ཀློང་སྡེའི་སྐོར་རྒྱུད་མན་ངག་དང་བཅས་པ་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་རྒྱུད་སྡེའི་སྐོར་ལ་སོགས་རྒྱུད་མན་ངག་དང་བཅས་པ་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་རྡེའུ་ཚང་གི་སྐོར་དང་གབ་པའི་སྐོར་སོགས་རྒྱུད་དང་མན་ངག་ཟབ་ལ་རྒྱ་ཆེ་བ་མང་དུ་བསྟན་ནས།དེས་ཚིམ་མམ་གསུངས་པས།མ་ཚིམ་ཞུས།ཡང་ཤན་འབྱེད་པ་བྲམ་ཟེའི་སྐོར་ལ་ཟློ་བ་རྒྱལ་བོའི་སྐོར་སོགས་རྒྱུད་མན་ངག་དང་བཅས་པ་མང་དུ་བསྟན་ནས།དེས་ཚིམ་མམ་གསུངས་པས།དེ་རྣམས་ཀྱི་དོན་རྩོལ་བ་བྱ་མི་དགོས་པར་རང་གྲོལ་མངོན་སུམ་ད་ལྟ་ཉིད་དུ་མཐོང་བ་ཞིག་ཞུ་དགོས་ཞེས་གསོལ་ནས།གསེར་ཕྱེ་བྲེ་གང་དང་པ་ཏྲ་བདུན་ཕུལ།ཕྱག་དང་བསྐོར་བ་མང་དུ་མཛད་དེ།

དཔལ་ལྡན་སེང་གེའི་འོད་ཅན་ཁྱེད།།

མཐའ་ཡི་བན་དྷེའི་མགོན་གཅིག་པུ།།

དཀའ་བས་བསྔོས་ཏེ་མོས་པས་བཙལ།།

འབྲེལ་བས་ཞལ་མཇལ་ཐུགས་རྗེས་བཟུང་།།

བསྟན་པ་སྤྱིའི་ཕྱུང་ཡོངས་རྫོགས་བསྟན།།

དོན་དེ་རང་གྲོལ་དངོས་བསྟན་ཞུ།། ཞེས་གསོལ་པས། སློབ་དཔོན་ཤིན་ཏུ་དགྱེས་ཏེ་ཞལ་འཛུམ་པ་མཛད་ནས།དྷ་ཧེ་ནའི་འདུ་ཁང་དང་པོར་གསལ་བྱེད་རིན་པོ་ཆེ་འབར་བ་ལ་བརྟེན་ནས།རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བདུན་ལ་སོགས་པ་ཡོངས་སུ་རྫོགས་པར་བསྐུར།ཐུག་ཕྲད་གསུམ་གྱི་རང་གྲོལ་མངོན་སུམ་དུ་ངོ་སྤྲད།མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ།ཐིག་གེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་བཅད།ཆེ་བ་ལྔའི་དགོངས་པ་ཁྱད་པར་དུ་འཕགས་ཏེ།རྩོལ་བ་མེད་པར་ཡེ་ནས་སངས་རྒྱས་པའི་དོན་ཉིད་མངོན་སུམ་དུ་གྱུར་ཏེ།རྩ་བའི་རྒྱུད་ལྔ།ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་སྟེ་སུམ་ཅུ་ཐམ་པ། ཀློང་དགུ་ལ་སོགས་པ་སྤྲུལ་སྐུ་དགའ་རབ་རྒྱལ་བའི་བཀའ་མན་ངག་བཅོ་བརྒྱད།རིག་འཛིན་གྱི་གཉེན་ཡིག་བཞི།ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་དང་ལྡན་པ།ཤྲཱིསིངྷའི་རྒྱན་འཕྲེང་འོད་གསུམ་དང་།བསམ་གཏན་ཉམས་ཀྱི་སྒྲོན་མ་རྣམས་གཉེར་གཏད་ནས་རྒྱས་བཏབ་སྟེ།བསྐུལ་བ་རྐྱེན་གྱི་མན་ངག་ནི།

ཤན་འབྱེད་ལ་ཟླ་རྒྱུད་བཀྲོལ་བས།།

བརྒྱུད་པའི་གདམས་པ་མངོན་སུམ་བསྟན་།།

དབེན་པར་རང་སེམས་རང་གིས་མོས་པར་གྱིས།།

སྨིན་པར་གྱིས་ཤིག་ཐུགས་ཀྱི་སྲས།། ཞེས་གཏད། བཻ་རོ་ཙ་ན་རང་གྲོལ་མངོན་སུམ་དུ་ངོ་འཕྲོད།མངོན་སུམ་གཉིས་ཀྱི་ཚད་ལ་ཕེབས།བརྡ་འཕྲོད་རང་གྲོལ་གྱིས་ཕྱོགས་མེད་ཀློང་དུ་གྲོལ།ཐིག་ལེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་བཅད།ཆེ་བ་ལྔས་རང་སེམས་སངས་རྒྱས་དོན་མངོན་དུ་གྱུར་ཏེ།སྣང་སྲིད་ཟིལ་གྱིས་ནོན།འཁོར་འདས་གཉིས་སུ་མེད་པར་དགོངས་པ་བདེ་བ་ཆེན་པོའི་དོན་མངོན་དུ་གྱུར་ཏེ།སློབ་དཔོན་ཤྲཱིསིངྷ་ལ་དྲིན་བརྗོད་པ་དང་རང་གི་རྟོགས་པ་ཕུལ་བ།

སྤྲུལ་པའི་གཤེགས་ཤུལ་རྡོ་རྗེའི་གདན།།

སྙིང་པོའི་དོན་རྫོགས་སྐལ་ལྡན་རྗེ།།

ངེས་པ་ཡིན་པས་དེ་མངོན་བསྟན།།

རང་རྒྱུད་རང་གྲོལ་བཀའ་དྲིན་ཆེ།། ཞེས་གཏང་རག་ཕུལ་ལོ།།

   ཤྲཱིསིངྷའི་ཞལ་ནས།མན་ངག་རིན་ཆེན་འདིས་ནི་འཁོར་འདས་ཐམས་ཅད་གསལ་ཞིང་།སྙིང་པོའི་དོན་མངོན་དུ་མཐོང་བར་བྱེད་པས།མིག་འབྲས་བུ་བཞིན་དུ་བཙའ་བར་གྱིས་ཤིག།ཆོས་ཐམས་ཆད་ཀྱི་རྩ་བ་ཡིན་ཅིང་།ཐེག་པ་ཐམས་ཅད་ཀྱི་ཡང་རྩེ།རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་ཕྱུང་བ་ཡིན་པས།རང་གི་སྲོག་དང་སྙིང་བཞིན་དུ་བཙའ་བར་གྱིས་ཤིག ཐུན་མོང་དང་མཆོག་གི་དགོས་འདོད་མ་ལུས་འབྱུང་བ་ཡིན་པས།ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བརྩ་བཙའ་བར་གྱིས་ཤིག།དེ་བཞིན་དུ་ཡང་དག་དང་།སྨན་དང་།ཕུར་བ་དང་།ཚེ་བསྒྲུབ་ལ་སོགས་པ་རྣམས་ཀྱང་།གཞུང་བཞིན་དམ་ཚིག་དང་ལྡན་པར་རྒྱུན་བསྲིང་ལ་ཐེ་ཚོམ་མེད་པར་སྒྲུབས་ཤིག།ཡང་དྲག་སྔགས་ལ་སོགས་པ་བསྟན་པ་སྲུང་བ་གཤིན་རྗེའི་སྒྲུབ་པ་དང་།དུར་ཁྲོད་མ་མོ་པུ་ཏྲ་གསུམ་ལ་སོགས་པའི་སྒྲུབ་པ་རྣམས་གསང་ལ།གནད་རྣམས་བསྐུལ་ཞིང་བསྟན་པ་སྐྱོང་བ་དང།བསྒྲུབ་པ་པོའི་བར་ཆད་སེལ་བ་དང་།དགོས་འདོད་བསྒྲུབ་པའི་ལས་འཆོལ་ཞིག་ཅེས་གདམས་ངག་རྩ་ལུགས་སུ་གཏད།དེ་ནས་ཤྲཱིསིངྷས།བཻ་རོ་ཙ་ན་ལ་གདམས་ངག་རྫོགས་པས་བོད་དུ་འགྲོ་རན་ནོ་ཞེས།

གདུགས་ཤིག་ལོན་ནོ་ཁྲི་གདུགས་ཉི་མ་ཁྱོད།།

གླིང་ཁམས་གཞན་དུ་སྒྲོན་མེ་མཛད་རེ་རན།།

གུང་ཞིག་ལོན་ནོ་ཉ་ཆེན་ཟླ་བ་ཁྱོད།།

གླིང་ཁམས་གཞན་དུ་སྒྲོན་མེབཙན་མཛད་རེ་རན།།

དཔའ་ཆེན་འོད་མའི་འདོམ་རྫོགས་ཁེངས་པ་དེ།།

གང་ལ་དམིགས་པའི་འབེན་ཤ་བརྡེག་རེ་རན།།

རྒྱུད་ལུང་མན་ངག་རྫོགས་པའི་བཻ་རོ་ཁྱོད།།

མངའ་རིས་བོད་དུ་བསྟན་པ་བསྒྲོན་རེ་རན།།   ཞེས་མགུར་གསུངས་པར། བཻ་རོ་ཙ་ནས།

དགུང་ལ་ཤར་བའི་ཁྲི་གདུགས་རིན་པོ་ཆེ།།

གོས་མེད་དབྱར་ནས་འཁྱགས་ཀྱིིས་ཁྲི་གདུགས་དྲོད་མ་ཆུང་།།

ལྡུམ་པའི་ནང་ནས་སྐྱེས་པའི་ནས་འབྲས་རིན་པོ་ཆེ།།

ཟས་མེད་སྟོན་ནས་ལྟོགས་ཀྱིས་ནས་འབྲས་ཕོངས་མ་ཆུང་།།

འཚོ་བྱེད་སྨན་གྱི་རྒྱལ་པོ་རིན་པོ་ཆེ།།

འདུ་བ་རྣམ་བཞིས་གདུངས་ཀྱིས་སྨན་མཆོག་སྟོབས་མ་ཞན།།

འབྲས་ཆང་དྭངས་མས་ཁེངས་པའི་ཆང་རྫ་རིན་པོ་ཆེ།།

ཚད་པའི་སྐོམ་ཀྱིས་གདུངས་པས་འབྲས་ཆང་བཅུད་མ་ཞན།།

བཙན་པོའི་ཁ་དྲག་སྐྱེལ་མ་རིན་པོ་ཆེ།།

ཁས་ཞན་ཁྱི་ལ་འཇིགས་པས་སྐྱེལ་མ་རྩལ་མ་ཞན།།

རྒྱ་གར་ཤྲཱིསིངྷ་རིན་པོ་ཆེ།།

དད་ལྡན་འཁོར་བར་འཁྱམས་པས་ཐུགས་རྗེ་མ་ཆུང་མཛོད།། ཅེས་མགུར་བཞེངས་པར། ཤྲཱིསིངྷས།

མ་ཞོ་བུས་འཐུང་འབྲལ་བར་མི་ཕོད་དེ།།

ཡར་ཞོ་སྐམས་སོ་ཡར་བེའུ་ཁོ་ཐག་ཆོད།།

སློབ་དཔོན་གདམས་ངག་ཅན་དང་འབྲལ་བར་མི་ཕོད་དེ།།

མེ་ཏོག་བ་མོས་རིད་དོ་སྦྲང་མ་ཁོ་ཐག་ཆོད།།

ཆང་མ་འབྲས་ཆང་འཚག་པ་འབྲལ་བར་མི་ཕོད་དེ།།

ཐེམ་བུར་ཆུ་ཆད་ཆང་མའི་ཁོ་ཐག་ཆོད།།

ཆང་མ་འབྲས་ཆང་འཚག་པ་འབྲལ་བར་མི་ཕོད་དེ།།

ཐེམ་བུར་ཆུ་ཆད་ཆང་མའི་ཁོ་ཐག་ཆོད།།

སློབ་དཔོན་གདམས་ངག་ཅན་དང་འབྲལ་བར་མི་ཕོད་དེ།།

རྒྱུད་ལུང་མན་ངག་རྫོགས་སོ་རང་སེམས་ཁོ་ཐག་ཆོད།།

ཅེས་གསུངས་ནས་སྤྱན་ཆབ་ཕྱུང་། བཻ་རོ་ཙ་ནས་ཡིད་ཆེས་ཁོ་ཐག་ཆོད་དེ། ཕྱག་འཚལ་བསྐོར་བ་བྱས།ཞབས་སྤྱི་བོར་བླངས་ཏེ་གསེར་ཕྱེ་ཁྱོར་གང་དང་གསེར་གྱི་པ་ཏྲ་གཅིག་ཕུལ་ནས།ཨེ་མ་ཧོ་ངོ་མཚར་ཡ་མཚན་ཆེ།།

ཞལ་ནས་ཅི་གསུང་བདུད་རྩི་འཛག།

བྱམས་མགོན་ཐུགས་རྗེ་རིན་པོ་ཆེ།།

ཉོན་མོངས་ནད་ཀྱིས་གདུངས་པའི་འགྲོ་བ་ལ།།

དྲི་མེད་བདུད་རྩི་སྨན་གྱིས་སེལ་བར་མཛད།།

བྱང་ཆུབ་ལག་ཏུ་གཏད་དེ་དྲིན་རེ་ཆེ།།

སྐྱེ་བ་ཕྱི་མ་མི་འབྲལ་འགྲོགས་པར་སྨོན།། ཞེས་སྨོན་ལམ་བཏབ་ནས་འགྲོ་བར་ཆས་པ་ལ།ཤྲཱིསིངྷས་ཞལ་བཀོད་མགུར་དུ་གསུངས་པ།

དཔེར་ན་རྒྱལ་པོའི་དཀོར་མཛོན་རིན་ཆེན་ལ།།

རྐུན་མ་དག་གིས་བརྐུས་ནས་འགྲོས་གྱུར་ན།།

རྗེས་བཅད་རྙེད་ན་རིན་ཆེན་སྲོག་དང་འབྲལ།།

དེ་དང་འདྲ་བར་རྡོ་རྗེ་གདན་འོག་ནས།།

མཁས་པས་གབ་པས་ནོར་བུ་རིན་ཆེན་རྣམས།།

རུ་སྤྲོད་རྒྱ་ཡིས་བཏབ་ཀྱང་མ་བཙན་པར།།

ང་ཡིས་བླངས་ནས་བཻ་རོ་ཁྱེད་ལ་བསྐུར།།

ཁྱོད་ཀྱི་གྲོགས་ཀྱང་གཅན་འཕྲང་དང་པོས་བསད།།

ཁྱོད་ཀྱང་ཟིན་ན་རིན་ཆེན་སྲོག་དང་འབྲལ།།

རྐང་མགྱོགས་སྒྲུབས་ལ་བོད་དུ་མ་སླེབས་པར་གཅན་འཕྲང་དང་པོས་བསད་དོ།།ཁྱོད་ཀྱང་འཕྲང་སྲུང་རྐང་མགྱོགས་ཀྱི་དཔོན་པོ་ཀུ་ཧ་ར་དང་ཀུ་མ་ར་བྱ་བ་གཉིས་ཡོད་ཀྱི།དེ་གཉིས་གང་རྙེད་པ་གཅིག་ལ་གསེར་ཕྱེ་རྔན་པར་བྱིན་ལ་གྲོགས་པོ་གྱིས་ཤིག།དེ་ནས་ཡང་ཀུ་ཤ་ལྕགས་ཀྱི་སྡོང་པོ་ཅན་བྱ་བ་ཡོད་ཀྱི།དེར་སོང་ལ་རེ་མ་ཏི་རྐང་གསུམ་གྱི་རྐང་མགྱོགས་སྒྲུབས་ལ་བོད་དུ་སོང་ཞིག།དེས་བར་ཆད་མེད་པར་བོད་དུ་བསྟན་པ་རྒྱས་པར་འགྱུར་རོ།།ཞེས་ལུང་བསྟན།དགའ་རབ་འཇམ་དཔལ་ལ་སོགས་པ།སློབ་དཔོན་གོང་མ་ཐམས་ཅད་དང་མཇལ་ནས་ཆོས་ཉིད་ཀྱི་དོན་སྐད་ཅིག་ལ་གསུངས་ཤིང་།སྐད་ཅིག་ལ་ཁོང་དུ་ཆུད་དེ་དགོངས་པ་གཉིས་སུ་མེད་པར་གྱུར།བསྟན་པ་ཐམས་ཅད་ལྷག་མ་མེད་པར་ཐུགས་ལ་རྫོགས་སོ།།

རྩོམ་ཡིག་མཁོ་སྤྲོད་པ།   གསར་འགོད་པ།  ནག་བཟའ་བློ་བཟང་ཆོས་གྲགས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23556724
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།