གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅོ་ལྔ་བའི་ཕྱོགས་གླ
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-11-01ལྟ་ཀློག (7861)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག

    ༢༠༡༧ལོའི་སྤྱི་ཟླ་༡༡ཚེས་༡ ཉིན་གྱི་ཕྱི་དྲོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་གི་བྱ་འགུལ་སྤེལ། ཚད་མ་རིག་པ་ནི་འགྲོ་བ་མིའི་མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ། ལྟ་ངན་གྱི་དྲི་མ་འཁྲུད་པའི་ཆུ་རྒྱུན། ཕ་རོལ་བོའི་རྒོལ་ངན་འཇོམས་པའི་གོ་མཚོན། མཁས་པའི་གོ་འཕང་དོན་གཉེར་གྱི་སྐྱེ་བོའི་གཙུག་གི་མཛེས་རྒྱན་ལྟ་བུ། དུས་དང་གནས་སྐབས་གང་ན་ཡང་།  ལས་དང་བྱ་བ་ཅི་བརྩམས་ན་ཡང་།  གནས་སྐབས་དང་མཐར་ཐུག་གི་ཁེ་ཕན་ལ་བསམ་བློ་གཏོང་བ་དང་།  དེ་ཡང་བྱ་བ་གནད་ལ་འཁེལ་བ་དང་དོན་ལ་བབ་པ་ཞིག་ཡོང་བའི་ཆེད་དུ་བརྟག་དཔྱད་ཀྱིས་མནོ་བསམ་གཏོང་གི་ཡོད། ལོ་རྒྱུས་ཀྱི་ཐོག་མཛངས་དང་འཕྲུལ་གྱི་བདག་པོ་ཞེས་པའང་བྱ་བ་གང་ལ་ཡང་དཔྱད་པ་གནད་དུ་འཁེལ་བའི་བློ་གྲོས་ལ་ཟེར་གྱིན་ཡོད།  དེ་འདྲའི་གནད་ལ་འཁེལ་བའི་བསམ་བློ་དེ་ལ་ཚད་མའི་ཤེས་རབ་ཟེར་ལ།  ཚད་མའི་བློ་ཞེས་བཏགས་ཡོད།  ཚད་མ་རིག་པ་ནི་བསླུ་བ་མེད་པའི་རིག་པ་ཞིག་ཡིན་པས་ང་ཚོས་ཕྱོགས་གླང་རིགས་པའི་བརྒལ་བརྟག་བྱེད། མདོར་ན་ཚད་མ་རིག་པ་ནི་དོན་གྱི་འཁྲུལ་བ་ཚར་གཅོད་པར་བྱེད་པའི་རིག་གཞུང་རྨད་དུ་བྱུང་བ་ཞིག་ཡིན། དེ་བས་ང་ཚོས་ཕྱོགས་གླང་རིགས་པའི་བརྒལ་བརྟག་བྱེད། བརྒལ་བརྟག་སྟེང་དགེ་སློབ་ལྔ་བརྒྱ་ལྷག་འཛོམས་ཤིང་། སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ་དང་། སློབ་གཙོ་གཞོན་པ་དཔའ་རིས་པ་འཇམ་དཔལ་རྣམ་འཇོམས། སློབ་དོན་པ་སུ་རིག་སྒྲོལ་མ་སྐྱབས། བོད་ཡིག་སྡེ་ཁག་གི་འགོ་བ་དམེ་ཚང་ཨ་ལགས། དགེ་རྒན་པད་དཀར་འབངས། དགེ་རྒན་ཆོས་འབྱོར། དགེ་རྒན་དཀར་མོ་ཡེ་ཤེས་སོགས་ཀྱིས་དཔྱད་འདེམ་བྱས། ཐེངས་འདིའི་བརྒལ་བརྟག་སྟེང་སློབ་མ་ཚོས་སྤྱི་བྱེ་བྲག་དང་གཅིག་ཐ་དད། ལྡོག་པ་ངོས་འཛིན། ཡོད་རྟོགས་མེད་རྟོགས། རྟགས་འཇུག་གི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་ཐད་སོགས་ནས་རྟགས་གསལ་བཏང་། མ་ཟད་དམའ་གསུམ་དང་བོའི་གཡང་དཀར་དང་། དམའ་གསུམ་གཉིས་པའི་ཞེས་མཚོ་གཉིས་ཀྱིས་ཕྱོགས་གླང་རིགས་པའི་བརྒལ་བརྟག་དང་འབྲེལ་བའི་གཏམ་བཤད་བྱས། བྱ་འགུལ་ཁྲོད་ཨང་དང་བོ་དམའ་གཉིས་འཛིན་གྲྭའི་གཡང་དཀར། ཨང་གཉིས་པ་དྲུག་གཉིས་འཛིན་གྲྭའི་སྐལ་བཟང་སྐྱིད། ཨང་གསུམ་པ་དྲུག་གཅིག་འཛིན་གྲྭའི་ཤེས་རབ་དུང་མཚོ། ཕུལ་བྱུང་དམ་བཅའ་བ་དམའ་གཅིག་འཛིན་གྲྭའི་ཟླ་བཟང་གཡང་སྒྲོན། ཕུལ་བྱུང་འཛིན་གྲྭ་རྟོག་གེའི་སེང་ཁྱིམ་འཛིན་གྲྭ་བཅས་ཡིན། དགེ་རྒན་པད་དཀར་འབངས་ལགས་ཀྱིས་ཚད་མ་རིག་པའི་བྱུང་འཕེལ་དང་། སྔོན་བྱུང་གི་སྐྱེས་ཆེན་དག་གི་མཛད་རྗེས་དང་སྐུ་དྲིན་གླེང་ཞིང་རིན་ཐང་ལྡན་པའི་གཏམ་བཤད་དང་བཅས་ཏེ་མཇུག་བསྡུས།

བྱ་འགུལ་སྟེང་ཕེབས་པའི་དགེ་རྒན་རྣམས།

སློབ་གཙོ་གཞོན་པ་དཔའ་རིས་འཇམ་དཔལ་རྣམ་འཇོམས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དཔྱད་འདེམ་པའི་དཔུང་སྡེ།

རིག་རྩལ།

སློབ་མས་རྟགས་གསལ་གཏོང་བཞིན་པ།

དམའ་གསུམ་གཉིས་པའི་སློབ་མ་ཞེས་མཚོས་གཏམ་བཤད་གནང་བཞིན་པ།

བྱ་འགུལ་གྱི་ཟུར་ཞིག

སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་སྟེང་བྱ་དགའ་ཐོབ་པའི་སློབ་བུ་ཡོངས།

གསར་འགྱུར་མཁོ་སྤྲོད་པ།   གསར་འགོད་པ་དཀར་མོ་ཡེ་ཤེས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག   སྤེལ་མཁན།: རྩེ་རི་ཚེ་དབང་རྒྱལ་པོ། སྤེལ་དུས:2017/11/2
ཐུབ་པ་མཆོག་གི་ཞལ་གྱི་བུམ་བཟང་ལས།། ཐོན་པའི་དམ་ཆོས་དབྱར་རྔ་བསྒྲགས་པ་ལས།། རྗེས་འཇུག་བུ་སློབ་འཆད་པའི་ཀློང་ནས་འཛུམ།། སྐལ་ལྡན་མདོངས་མཐའ་ནགས་ཀྱི་གསེབ་ནས་དགོད།། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་ལ་ཕུལ།
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག   སྤེལ་མཁན།: གཡང་འབར་ཀར་ཆོས་སྐྱོང་། སྤེལ་དུས:2017/11/2
སྲོལ་རིག་ཡག་པོ་རེད་གདའ།ད་ནས་ཚན་རྩལ་རིག་གནས་ཞིག་སྤེལ་རོགས་ལགས།བོད་ཀྱི་བསམ་བློ་བ་ཆེན་མོ་འཇིགས་མེད་རྒྱ་མཚོ་ལགས།
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག   སྤེལ་མཁན།: ཁྱ་དགེ་འཇིགས་མེད། སྤེལ་དུས:2017/11/1
འདི་ནའང་སྲོལ་རྒྱུན་རིག་གནས་ཀྱི་ཞིང་ས་གཤིན་པོ་ཞིག ཐུགས་རྗེ་ཆེ། རྒན་དམ་པ་འཇིགས་མེད་རྒྱལ་མཚན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23482919
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།