གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་ཤེས་རིག་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་སྤེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་ཤེས་རིག་སློབ་གླིང་དུ་རོགས་སྐྱ
གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་ཤེས་རིག་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་སྤེལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-10-23ལྟ་ཀློག (5173)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


     དེ་ཡང་༢༠༡༧ ལོའི་ཟླ ༡༠ པའི་ཚེས ༢༢ ཉིན་གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་ཐེངས་དང་བོ་སྤེལ་བ་རེད། རྒྱུས་ལོན་བྱས་པ་ལྟར་ན།  གངས་ལྗོངས་དཔུང་རྡང་ཚོགས་པ་ནི་སྤྱི་ལོ ༢༠༡༦ ལོའི་ཟླ ༡༠ བའི་ཚེས ༢༥ ཉིན་ཚོགས་གཙོ་གཡོན་གཞིའི་སྒྲོལ་མ་འབུམ་གྱིས་རེ་བསྐུལ་ལྟར། མགོ་ལོག་རྟ་བོ་དང་གཙང་ཞོལ། རྭ་རྒྱ། མཚོ་ལྷོ་བྲག་དཀར་རྫོང་། འབའ་རྫོང་། མང་རྫོང་། མཚོ་སྔོན་གཏེར་ལམ་རྫོང་སོགས་ཀྱི་བླ་གྲྭ་དང་སྡེ་དཔོན། ཁེ་ལས་པ་སོགས་ལས་རིགས་མི་གཅིག་ཀྱང་དམིགས་ཡུལ་གཅིག་པའི་ལྷག་བསམ་ཅན་གྱི་མི་སྣ་བདུན་ཅུ་ལྷག་གིས་མཐུན་སྒྲིལ་དཔུང་བ་མཉམ་གཤིབ་ཀྱི་མི་རིགས་སློབ་གསོ་ལ་བཅངས་པའི་ཕུགས་བསམ་ཞིག་མངོན་འགྱུར་བྱུང་ནས་ཚོགས་པ་འདི་ཉིད་དངོས་སུ་དབུ་བརྙེས་ཤིང་། ཚོགས་མི་ཡོངས་ཀྱིས་མ་བགྲོས་གཅིག་མཐུན་གྱིས་ལོ་རེ་ལྟར་ས་ཁུལ་རིས་མེད་ཀྱི་སློབ་གྲྭ་ཆེ་འབྲིང་གི་དབུལ་ཕོངས་སློབ་མའི་སློབ་གསོའི་རོགས་དངུལ་དང་། འཚོ་བའི་མཐུན་རྐྱེན། མཐུན་རྐྱེན་ཞན་པའི་སློབ་ཆེན་སློབ་མའི་སློབ་ཡོན་ཁ་གསབ་སོགས་མདོར་ན་མི་རིགས་སློབ་གསོ་ལ་སྨན་པའི་ལས་སྒོ་ཅི་རིགས་གཉེར་མུས་སུ་ཡོད་པ་ཞིག་རེད།

     ཚེས ༢༢ ཉིན་ལ་རིགས་ཞེན་དང་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་མི་རིགས་སློབ་གསོའི་ལས་དོན་ལ་གཅིག་ཏུ་བརྩོན་གྱིན་པའི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་ལྷག་བསམ་དང་སྙིང་སྟོབས་ལ་གུས་འདུད་ཞུ་ཆེད། གནའ་དེང་ཤེས་རིག་གི་སྒྲོན་མེ་སྦར་ས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གསོའི་རོགས་སྐྱོར་བྱ་འགུལ་ཐེངས་དང་བོ་སྤེལ། ཐེངས་འདིར་ལྷག་བསམ་གཙང་མའི་རང་མདངས་མཚོན་བྱེད་དུ་འཛིན་གྲྭ་བཅུ་གཅིག་གི་དྭ་ཕྲུག་དང་དབུལ་ཕོངས་སློབ་མ ༤༤ ལ་འཚོ་བའི་མཐུན་རྐྱེན་དུ་སྒོར ༥༠༠ རེ་ཕུལ།

      རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་གསོའི་རོགས་སྐྱོར་ནི་ཤེས་རབ་ཀྱི་སྦྱིན་པ་ཡིན་ལ། ཤེས་རབ་ཀྱི་སྦྱིན་པ་ནི་ཐར་བའི་ས་བོན་ཡིན་པས། སློབ་གསོའི་བྱ་འགུལ་སྤེལ་བར་ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་དོན་སྙིང་ཆེན་པོ་ལྡན་ཞིང་།  དེང་སྐབས་དམངས་སྒྲུབ་ཚོགས་པ་དང་མི་སྒེར་སོ་སོས་སློབ་གསོའི་བྱ་བཞག་གཙིགས་སུ་བཟུང་ནས་བྱ་བ་སྒྲུབ་བཞིན་པ་འདི་ཧ་ཅང་རིན་ཐང་ཆེ་བའི་སྐོར་ནས་གསུང་བཤད་གནང་།


ཚོགས་པ་ངོ་སྤྲོད་དང་ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་སྙན་གསང་ཞུ་བཞིན་པ།


སློབ་མ་ཚོར་རོགས་དངུལ་སྤྲོད་བཞིན་པའི་ཡུལ་དངོས།


མཉམ་པར།


ངེད་སློབ་གླིང་གིས་ཁོ་ཚོར་བཀའ་དྲིན་མཚོན་པའི་ལེགས་སྐྱེས་རེ་ཕུལ།
སྤྱིལོ ༢༠༡༧ ལོའི་ཟླ ༡༠ པའི་ཚེས ༢༢ ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་ཤེས་རིག་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་སྤེལ།   སྤེལ་མཁན།: འཕགས་པ། སྤེལ་དུས:2017/10/2
ངས་ནི་ནམ་རྒྱུན་ཁྱེད་ཅག་གི་ལས་དོན་རླབས་པོ་ཆེ་འདི་ལ་དོ་སྣང་བྱེད་ཅིང་མཆིས།རྒན་འཇིགས་མེད་དམ་པ་ཁོང་གཙོས་པའི་ཁྱེད་ཅག་ལ་དངོས་གནས་ཐུགས་རྗེ་ཆེ་ཞུ། ངས་ཀུན་སློང་རྣམ་དག་གིས་བརྗོད་འདོད་པ་འགའ་ཞུས་ན་འདི་ལྟར། ང་ཚོར་རིག་ཚན་གསར་བ་མང་པོ་ཞིག་ཆད་བསྡད་ཡོད་པ་ནི་དངོས་གནས་ཡིད་ཕམ་པའི་གནས་ཚུལ་ཞིག་རེད་ལགས། རྒྱུ་རྐྱེན་གཙོ་བོ་ང་ཚོ་རང་སྟེང་ན་འདུག ང་ཚོས་རང་གི་རིག་གནས་མཆོག་ཏུ་འཛིན་པ་ནི་ལེགས་དང་ལེགས། དེང་རབས་ཀྱི་རིག་གནས་ནང་འདྲེན་དང་སློབ་སྦྱོང་བྱེད་པ་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་ལས་ཀྱང་གལ་ཆེན་པོར་མཐོང་། ངའི་སྐད་ཆ་འདི་ནི་རང་ཉིད་ཀྱིས་ལོ་མང་སློབ་གྲྭ་འགྲིམས་པའི་མྱོང་ཚོར་ཞིག་ཡིན། ང་ཚོར་དེང་རབས་ཀྱི་རིག་ཚན་ཆ་ཚང་གཅིག་ཀྱང་མེད། ཆེས་གལ་ཆེན་པོར་མཐོང་བའི་དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པ། སྤྱི་ཚོགས་རིག་པ། མིའི་རིགས་རིག་པ་སོགས་ནི་ག་ལ་ཡོད། རྨང་གཞིར་གྱུར་པའི་རིག་ཚན་ཁག་ཀྱང་མེད་དེ། ང་ནི་སྐད་བརྡའི་ཆེད་ལས་གཉེར་མཁན་ཞིག་ཡིན། ང་ཚོའི་སློབ་གྲྭ་ཁག་ཏུ་སྲོལ་རྒྱུན་བརྡ་སྤྲོད་མ་གཏོགས་དེང་རབས་སྐད་བརྡ་རིག་པ་ཞེས་པ་མིང་ཙམ་ལས་ཤེས་མི་འདུག སྲོལ་རྒྱུན་བརྡ་སྤྲོད་རིག་པ་ནི་སྤྱིར་བཏང་ཡིག་སྐད་ཀྱི་བརྡ་སྤྲོད་ཅིག་རེད། རྒྱ་ཡིག་གིས་藏文文法ལབ་བཞིན་ཡོད་པ་རེད། དེ་དང་དེང་རབས་སྐད་བརྡའི་བར་ལ་གནམ་སའི་ཧེ་བག་ཡོད་པ་རེད། ང་ཚོས་དེ་ལྟར་རང་ཉིད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་མ་གཏོགས་དེང་རབས་སྐད་བརྡ་མ་སྦྱངས་པས་ད་ལྟ་རྒྱ་མི་དང་ཕྱི་རྒྱལ་པས་ང་ཚོའི་སྐད་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། སྲོལ་རྒྱུན་བརྡ་སྤྲོད་ཙམ་གྱིས་མི་རིགས་གཞན་པའི་སྐད་ཕར་ཞོག ཐ་ན་རང་གི་རྒྱལ་རོང་སྐད་ལྟ་བུ་ཞིག་ལའང་ཞིབ་འཇུག་བྱེད་ཐུབ་པ་མ་རེད། རྒྱུ་མཚན་མང་པོ་ཡོད་རེད། དེང་རབས་སྐད་བརྡ་ཡིས་འཛམ་གླིང་སྐད་རིགས་མང་ཆེ་བར་ཞིབ་འཇུག་བྱས་ཡོད་རེད། ཞིབ་ཚགས་པོ་ཡིན་པ་རེད། དེ་སྦྱངས་པ་ཡིན་ན་བོད་ཡིག་མ་ཟད་སྐད་རིགས་གང་སྦྱངས་ཀྱང་ལས་སླ་པོ་རེད། དེ་ལ་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར་འཛམ་གླིང་ཡོངས་ནས་སྦྱོང་བཞིན་ཡོད་རེད། དེ་བས་མི་མང་པོས་ཁས་ལེན་ཐོབ་ཡོད་པ་རེད། འཕེལ་ཕྱོགས་ཤིག་ཆགས་བསྡད་ཡོད་རེད། གཞུང་ལུགས་ཆ་ཚང་ཡོད་དེ། སྒྲ་གདངས། མིང་བརྡ། བརྡ་སྤྲོད་གསུམ་གཞུང་རྐང་རེད། གཞན་པའི་སྐད་དོན་རིག་པ། སྐད་སྤྱོད་རིག་པ་སོགས་གཞུང་ལུགས་དང་། རྣམ་པ་རིག་པ་སྨྲ་བ་དང་བྱེད་ནུས་རིག་པ་སྨྲ་བ། རིག་རྣམ་རིག་པ་སྨྲ་བ་སོགས་ཀྱི་གྲུབ་མཐའ་བྱུང་སྟེ་ཧ་ལས་པའི་འཕེལ་རྒྱས་བྱུང་ཡོད་པ་ང་ཚོས་སྦྱོང་མི་ཐུབ་ན་ཅི་ཁག སྦྱོང་པའི་གོ་སྐབས་གསེར་ལས་དཀོན་པ་ཡོད་ཀྱང་ད་དུང་རང་ཉིད་ཀྱི་དེ་མཆོག་འཛིན་གྱིས་རང་སེམས་རང་གིས་གསོས་ཏེ་མི་སྦྱོང་བ་ནི་དངོས་གནས་ཡིད་ཕངས་པ་ཞིག་རེད། ངས་སྐད་བརྡ་མ་གཏོགས་གཞན་པ་ཆེར་མཐོང་མེད་ཀྱང་ང་ཚོའི་སེམས་ཁམསཕལ་ཆེར་འདི་དང་གཅིག་མཚུངས་རེད། སྤྱི་ཚོགས་རིག་པ་དང་ཆབ་སྲིད་རིག་པའང་རྦད་དེ་གལ་ཆེན་པོ་རེད་ཅེས་ངའི་སློབ་གྲོགས་དག་གིས་རྒྱུན་པར་སྨྲ། ཁྱེད་ཚོ་སྤྱིའི་ཆ་ནས་ཤིན་ཏུ་ལེགས་པོ་རེད། སྲོལ་རྒྱུན་དར་སྤེལ་བཏང་བ་ཡག་པོ་རེད། ཡིན་ནའང་དེང་རབས་ཀྱི་རིག་ཚན་དག་ལ་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་ཅིག་མེད་ན་འཕེལ་རྒྱས་ཤེས་རིག་ནོར་གླིང་གི་འཕེལ་རྒྱས་ཀྱི་གེགས་རྡོར་གྱུར་འགྲོ་བར་སྙམ་པའི་སེམས་ཁྲལ་ང་ལ་རྒྱུན་པར་འབྱུང་། དེ་བས་དེང་རབས་རིག་ཚན་དག་ལ་སྦྱོང་བ་ཞིག་གནང་རོགས། མ་མཐར་སྐད་བརྡ་རིག་པ་现代语言学དང་ཤེར་རྟོགས་རིག་པ།逻辑学 ལྟ་གྲུབ་རིག་པ་哲学སོགས་ཁ་ཤས་སྦྱངས་ནས་ཚོད་ལྟ་ཙམ་བྱོས་དང་ཁྱོད་ཚོའི་སློབ་གསོའི་ལྟ་བ་ལ་འགྱུར་བ་ཆེན་པོ་ཐེབས་སྲིད། འདི་ནི་སེམས་རྣམ་དག་གི་དྲན་སྐུལ་ཙམ་ཡིན། ནོར་བ་དང་ཕོག་ཐུག་བཏང་ཡོད་ན་འཐོལ་ལོ་འཆགས། ཤེས་རིག་ནོར་གླིང་ཡར་ནས་ཡར་ལ་རྒྱས་པར་ཤོག
  གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་ཤེས་རིག་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་སྤེལ།   སྤེལ་མཁན།: ཀ་རྒྱ་བློ་བཟང་། སྤེལ་དུས:2017/10/2
ཁྱེད་ཅག་གིས་མ་ཡུམ་སློབ་གླིང་གི་སློབ་ཕྲུག་ཚོར་རོགས་སྐྱོར་བྱས་པ་ནི་མི་རིགས་སློབ་གསོ་ལ་རོགས་སྐྱོར་བྱས་པ་ཡིན་པས་མངོན་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
  གངས་ལྗོངས་དཔུང་རྡང་ཚོགས་པས་ངེད་ཤེས་རིག་སློབ་གླིང་དུ་རོགས་སྐྱོར་བྱ་འགུལ་སྤེལ།   སྤེལ་མཁན།: ས། སྤེལ་དུས:2017/10/2
བྱ་བ་འདི་འདྲ་སྒྲུབ་མཁན་ཡོངས་ལ་བཀའ་དྲིན་ཞུ་བཞིན་ཡོད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23586063
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།