ཤེས་རིག་འགྲན་གླེང་ཐེངས་སུམ་བརྒྱ་དང་རེ་དྲུག་པ་འཚོགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ཤེས་རིག་འགྲན་གླེང་ཐེངས་སུམ་བརྒྱ་དང་རེ་དྲུག་པ་འཚོགས་པ།
ཤེས་རིག་འགྲན་གླེང་ཐེངས་སུམ་བརྒྱ་དང་རེ་དྲུག་པ་འཚོགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-10-20ལྟ་ཀློག (3306)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ཤེས་རིག་འགྲན་གླེང་ཐེངས་སུམ་བརྒྱ་དང་རེ་དྲུག་པ་འཚོགས་པ།

   ༢༠༡༧ ལོའི་སྤྱི་ཟླ་༡༠ བའི་ཚེས་༡༩་སྟེ་གཟའ་ཕུར་བུའི་ཕྱི་དྲོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་གྱི་ཚོགས་ཁང་དུ་ཤེས་རིག་འགྲན་གླེང་ཐེངས་༣༦༦པ་དངོས་སུ་འཚོགས།    ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་། སློབ་གཙོ་གཅོད་པ་ཚེ་རིང་ཚང་སོགས་དགེ་རྒན་དང་ལས་བཟོ་བ་ཡོངས་བཅས་དགེ་སློབ་སྟོང་ཕྲག་ལྷག་མཉམ་གཅིག་ཏུ་འཛོམས་ནས་ཤེས་རིག་འགྲན་གླེང་དངོས་སུ་འགོ་ཚུགས། 

འཛིན་གྲྭ་བརྒྱད་ཀྱི་འགྲན་ཞུགས་པ་རྣམས་རིམ་བཞིན་གར་སྟེགས་སྟེང་བུད་དེ་གོ་རིམ་བཞིན་རིག་པ་གསེར་གྱི་སྒོ་བརྒྱ་འབྱེད་པའི་རྩོད་རིག་འགྲན་བསྡུར་སྟེང་། བདེ་སྐྱིད་འཚོལ་བ་ལ་ཐོག་མར་བདེ་སྐྱིད་ཤེས་དགོས་སམ་སྡུག་བསྔལ་ཤེས་དགོས། ཞེས་པ་དང་། མཁས་པ་དང་ཡོན་ཏན་པ་གཉིས་འགལ་ལམ་མི་འགལ། ཡང་ན་དེ་གཉིས་ལ་མུ་བཞི་ཡོད་དམ། ཞེས་པ་ལ་སོགས་པའི་གླེང་གཞིའི་སྟེང་ནས་བགྲོ་གླེང་གི་རྣམ་པས་རྩོད་པ་བྱས་པ་དང་། སྨྲ་བ་ངག་གི་སྒོ་བརྒྱ་འབྱེད་པའི་སྐད་རིགས་འགྲན་བསྡུར་སྟེང་རྒྱ་སྐད་དང་ དབྱིན་སྐད་སོགས་ཀྱི་ཁ་བརྡའི་ངག་རྩལ་འགྲན་པ། ཤེས་རིག་གསེར་གྱི་སྒོ་བརྒྱ་འབྱེད་པའི་སྐབས་བབ་སྦྱང་བྱའི་འགྲན་བསྡུར་ཁྲོད། སུམ་རྟགས་དག་གསུམ་དང་སྙན་ངག་སོགས་འཛིན་གྲྭ་རང་རང་གི་སྐབས་སུ་བབ་པའི་སྦྱང་བྱ་ལས་དྲི་བར་ལན་འདེབས་པ། གཞན་ཡང་ཁྲིམས་ལུགས་དང་རིག་རྩལ།  རི་མོ་དང་ཡིག་གཟུགས་བཅས་ཀྱི་འགྲན་བསྡུར་སྣ་ཚོགས་བྱས་མཐར་དགེ་རྒན་རྣམས་ཀྱི་སྤྱི་སྡོམ་སྐར་གྲངས་ལྟར་ཐེངས་འདིའི་འགྲན་གླེང་གི་རྒྱལ་ཁའི་དར་ཆ་འབྲིང་གཅིག་འཛིན་གྲྭར་ཐོབ།

ཤེས་རིག་འགྲན་གླིང་གི་ཡུལ་དངོས།

སྨྲ་བ་ངག་གི་སྒོ་བརྒྱ་འབྱེད་པའི་སྐད་རིགས་འགྲན་བསྡུར།

མཐོ་གཉིས་དང་བོ་ལ་བཏོན་པའི་དྲི་བ།

མཐོ་གཅིག་དང་བོས་མཐར་ཕྱིན་དང་བོར་བཏོན་པའི་དྲི་བ།

འགྲན་བསྡུར་ལ་དབྱེ་ཞིབ་བྱེད་ཀྱིན་པའི་སློབ་མའི་དཔུང་སྡེ།

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་རྒྱལ་ཁ་ཐོབ་པའི་འགྲན་གླེང་བ་དག་ལ་བྱ་དགའི་རྟགས་མ་ཕུལ་བ།

 

སླར་ཡང་ཕེབས་པར་དགའ་བསུ་ཞུ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  ལྡོང་རུ་ཆོས་དུང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541191
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།