ཏང་གི་ཚོགས་ཆེན་བཅུ་དགུ་བ་གཟབ་རྒྱས་ངང་འཚོགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། » ཏང་གི་ཚོགས་ཆེན་བཅུ་དགུ་བ་གཟབ་རྒྱས་ངང་འཚོགས་པ།
ཏང་གི་ཚོགས་ཆེན་བཅུ་དགུ་བ་གཟབ་རྒྱས་ངང་འཚོགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-10-19ལྟ་ཀློག (5791)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ཏང་གི་ཚོགས་ཆེན་བཅུ་དགུ་བ་གཟབ་རྒྱས་ངང་འཚོགས་པ།

༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༨ ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་ཁ་ཡིག་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་ནས་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་ཞེས་པའི་སྙན་ཞུ་ཕུལ།


ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ།

ཞི་ཅིན་ཕིང་། ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། མཱ་ཁའེ། ཝང་ཧུའུ་ཉིན། ལིའུ་ཡན་ཏུང༼མོ།༽ ལིའུ་ཆི་པའོ། ཞུའུ་ཆི་ལེང་། སུན་ཁྲུན་ལན༼མོ། ༽ལིས་ཅན་གོ། ལིས་ཡོན་ཁྲའོ། ཝང་དབྱང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲུན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཅང་ཙི་མེན། ཧུའུ་ཅིན་ཐའོ། ལིས་ཕིན། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། སུང་ཕིང་། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ལོ་ཀན། ཧི་གོ་ཆང་། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན༼སོག་རིགས།༽་སོགས་རྒྱུན་ལས་ཨུ་ཡོན་བསྡོམས་པའི་ཞེ་གཉིས་ཡོད།


༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༨ ཉིན་གྱི་ཕྱི་དྲོར། བློ་མཐུན་ཀྲང་ཏི་ཅང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་ཏེ་འཐུས་མི་རྣམས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས།

  ༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༨ ཉིན་གྱི་ཕྱི་དྲོར། བློ་མཐུན་ཀྲང་ཏི་ཅང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་ཏེ་འཐུས་མི་རྣམས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལ་གྲོས་བསྡུར་བྱས།  ཚོགས་ཐོག་ཏུ་བློ་མཐུན་ཀྲང་ཏི་ཅང་གིས་བསྟན་དོན། སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཚོན་པར་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་སྐབས་གསར་བར་སྐྱོད་པར་བརྡར་ཤ་བཅད་པ་དང་། དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་བཏོན་ཞིང་གཞི་རྩའི་ཐབས་ཇུས་རྒྱས་བཤད་བྱས་ཡོད། དམངས་བསམ་པའི་དམིགས་འབེན་མཚོན་པར་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ཇེ་དྲག་ཏུ་གཏོང་བ་ནི་ང་ཚོ་ཏང་དུས་རབས་གསར་བར་སྐྱོད་པ་དང་འཐབ་ལམ་གསར་བ་གསར་གཏོད་བྱེད་མགོ་རྩོམ་པ་དང་མུ་མཐུད་དུ་གྲུབ་འབྲས་ལེན་པའི་ཆབ་སྲིད་བསྒྲགས་གཏམ་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཆགས་པར་བྱེད་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བར་མ་ཟད་ཕུགས་འདུན་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ལྷག་བསམ་རྣམ་དག་སྒོས་ཁག་ཁུར་བྱེད་དགོས་ཟེར།


༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༨ ཉིན་གྱི་ཕྱི་དྲོར། བློ་མཐུན་ཡུས་ཀྲིན་ཧྲིན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།

    ༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༨ ཉིན་གྱི་ཕྱི་དྲོར། བློ་མཐུན་ཡུས་ཀྲིན་ཧྲིན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་ཏེ་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་ཅིང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པར་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།   བློ་མཐུན་ཡུས་ཀྲིན་ཧྲན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་མཛུབ་ཁྲིད་འོག་ཏུ་ཏང་ཀྲུང་དབྱང་གིས་ཞིན་ཅང་གི་བྱ་བའི་ཐད་ལ་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ནི་ཞིན་ཅང་གི་བྱ་བའི་སྤྱིའི་དམིགས་འབེན་ཡིན་པ་གཏན་འཁེལ་བྱས་པས། ཞིན་ཅང་གི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིན་ཅང་གི་ལས་དོན་སྣ་ཚོགས་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།


ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ལིའུ་ཡུན་ཧྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།

༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༨ ཉིན་གྱི་ཕྱི་དྲོར་བློ་མཐུན་ལིའུ་ཡུན་ཧྲན་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལོན་པར་བྱེད་པ་དང་། དུས་རབས་གསར་བའི་འོས་འགན་གསར་བ་དང་ལམ་ཁ་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། ཁ་མིན་དོན་གྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།  བློ་མཐུན་ལིའུ་ཡུན་ཧྲན་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལོན་པར་བྱེད་པ་དང་། དུས་རབས་གསར་བའི་འོས་འགན་གསར་བ་དང་ལམ་ཁ་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། ཁ་མིན་དོན་གྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཡུན་ནན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུར་སྤྲོ་སེམས་འཁོལ་བའི་ངང་ནས་གྲོས་བསྡུར་བྱས། ཁྲིན་ཧོ་དང་ཡོན་ཁྲིན་ཧྥ། ཀོ་ཏི་རོང་སོགས་བློ་མཐུན་གྱིས་སྔ་གཞུག་ཏུ་གཏམ་བཤད། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ལིའུ་ཡུན་ཧྲན་གྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུ་ནི་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ནས་འགྲེང་སྟེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་གཞི་རྩའི་བྱེད་ཕྱོགས་གསལ་བོར་བཏོན་ཡོད་པ་དང་། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གསལ་བོ་བཏབ་ཡོད་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་ཁ་ཕྱོགས་གསལ་བོར་སྟོན་པ། བྱེད་ཕྱོགས་གསལ་བོ་ཡིན་པ། འཆར་གཞི་བཟང་བོ་འགོད་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པར་མ་ཟད། འོད་སྟོང་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ཞིག་ཡིན་པས། ང་ཚོས་ནན་ཏན་གྱིས་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་དངོས་འབེབ་བྱེད་དགོས་ཟེར།


༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༩ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་ཁ་ཡིག་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་ནས་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་ཞེས་པའི་སྙན་ཞུ་ཕུལ།

སྙན་ཞུ་ཁག་བཅུ་གསུམ་དུ་བགོས་ཡོད།

གཅིག འདས་པའི་ལོ་ལྔའི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས།

གཉིས། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི།

གསུམ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས།

བཞི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་ཕྱེས་པ།

ལྔ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ།

དྲུག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ།

བདུན། རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ།

བརྒྱད། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ།

དགུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་མྱུར་དུ་བཅོས་སྒྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ།

བཅུ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཁྱོན་ཡོངས་ནས་སྤེལ་བ།

བཅུ་གཅིག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ།

བཅུ་གཉིས། ཞི་བདེའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ།

བཅུ་གསུམ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་བཅས་རེད།

  ཞི་ཅིན་ཕིང་གིས་གསུངས་རྒྱུར།   ལྔའི་རིང་གི་གྲུབ་འབྲས་ནི་ཁྱོན་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཡིན་ལ། བསྒྱུར་བཅོས་ནི་རིམ་པ་ཟབ་པའི་བསྒྱུར་བཅོས་དང་གཞི་རྩའི་རང་བཞིན་གྱི་བསྒྱུར་བཅོས་ཡིན། ལོ་ལྔའི་ནང་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱས་ཡོད་ཞེས་དང་།

ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་བདེ་སྐྱིད་ཀྱི་རྩ་བ་འདི་རྒྱུན་འཁྱོངས་དམ་པོ་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་དང་། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས། རང་རྒྱལ་འདི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས་ཞེས་སོགས་ཀྱི་གསུང་བཤད་གལ་ཆེན་གནང་།


འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

     ༢༠༡༧ ལོའི་སྤྱི་ཟླ་༩བའི་ཚེས་༡༩ལིས་ཁི་ཆང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་བརྒྱད་ཅུ་དང་། ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་དོན་བཞི་སྟེ་བསྡོམས་པས་མི་སྟོང་གཉིས་དང་སུམ་བརྒྱ་ང་བཞི་ཡོད་ལ། དེ་རིང་མི་སྟོང་གཉིས་དང་སུམ་བརྒྱ་སོ་བརྒྱད་ཚོགས་ཐོག་ཏུ་འབྱོར་ཡོད་ཅེས་བསྒྲགས། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་བྱས་པའི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530752
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།