ཆུ་དམར་ལེབ་རྫོང་དུ་དཔེ་ཀློག་ཁང་ཞིག་གསར་དུ་བཙུགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཆུ་དམར་ལེབ་རྫོང་དུ་དཔེ་ཀློག་ཁང་ཞིག་གསར་དུ་བཙུགས་པ།
ཆུ་དམར་ལེབ་རྫོང་དུ་དཔེ་ཀློག་ཁང་ཞིག་གསར་དུ་བཙུགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-10-10ལྟ་ཀློག (3866)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆུ་དམར་ལེབ་རྫོང་དུ་དཔེ་ཀློག་ཁང་ཞིག་གསར་དུ་བཙུགས་པ།

   མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དུ་ན་གཞོན་སློབ་ཆེན་པ་ལྔའི་གྲུབ་པའི་ཚོགས་པ་ཞིག་ཡོད། ཚོགས་པ་དེ་ནི་ཁེ་ཕོག་མེད་པའི་སྤྱི་ཕན་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེའི་མིང་ལ་མྱུ་གུ་ཚོགས་པ་ཟེར། མྱུ་གུ་ཚོགས་པ་ནི་ཕྱི་ལོ་༢༠༡༠ལོར་ཚུགས་པ་ཞིག་ཡིན་ལ། ༢༠༡༥ལོར་རྒྱལ་ཁབ་ཀྱི་ཆོག་མཆན་དངོས་སུ་ཐོབ།

ཁོ་ཚོས་ད་ལྟའི་བར་སྦྱིན་བདག་ཆེན་མོ་བློ་བཟང་བརྩོན་འགྲུས་ཀྱིས་གཙོས་པའི་ཡུལ་མི་ལྷག་བསམ་ཅན་ཁ་ཤས་ཀྱི་རོགས་རམ་ལ་བརྟེན་ནས་ཆུ་དམར་ལེབ་རྫོང་གི་མི་དམངས་བྱིངས་ལ་ཕན་པ་མི་དམན་པ་བསྐྲུན་མྱོང་།

  ལོ་འདི་དག་གི་རིང་ལ་ཁོ་ཚོས་ཆ་རྐྱེན་ཞན་པའི་སློབ་མ་ལ་དཔལ་འབྱོར་གྱིས་རོགས་དངུལ་གནང་བ་དང་ཡིག་རྨོང་བ་ལ་སློབ་གསེང་གསབ་སྦྱོང་ཀྱིས་རོགས་སྐྱོར་བྱས་ཤིང་། འབག་གྱུར་ཁོར་ཡུག་ལ་ཁོར་སྲུང་མྱུར་སྐྱོབས་དང་དྭངས་གཙང་ཁོར་ཡུག་ཏུ་ཁོར་སྲུང་དྲིལ་བསྒྲགས་བྱས་ཏེ་ཕ་ཡུལ་དང་ཕ་ཡུལ་གྱི་མི་དམངས་ལ་ཞབས་འདེགས་ཞུས་མྱོང་།  ༢༠༡༧ལོ་ཟླ༡༠བའི་ཚེས་༨ ཉིན་ཆུ་དམར་ལེབ་རྫོང་དུ་གཟའ་མཇུག་དཔེ་ཀློག་ཁང་ཞིག་གི་མཛད་སྒོ་བྱས་པ་དང་སྦྲགས་གཟའ་མཇུག་དཔེ་ཀློག་གི་ལམ་བུ་གསར་བ་ཞིག་བསྐྲུན།

ཁོ་ཚོས་ཐེངས་འདིར་དཔེ་ཀློག་ཁང་འདི་འདྲ་ཞིག་བཙུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ནི།

   གཅིག ས་གནས་དེའི་ན་གཞོན་མང་ཆེ་བ་ཞིག་ལ་ནམ་རྒྱུན་དཔེ་ཀློག་ཞིག་ཐུབ་ན་སྙམ་པའི་བསམ་པ་ཡོད་མོད། ཡིན་ནའང་དཔེ་ཀློག་གི་ཁོར་ཡུག་མེད་པའི་དབང་གིས་ནམ་ཡང་དོན་ཐོག་ཏུ་འབབ་དཀའ་བར་དམིགས་ནས་དཔེ་ཀློག་གི་ཁོར་ཡུག་ཆུང་ཆུང་འདི་བསྐྲུན་པར་བཤད། དེ་བས་འདི་ལས་གྲོགས་པོ་དག་ལ་དཔེ་ཀློག་གི་འདུ་ཤེས་ཤིག་འཇོག་ཐུབ་པར་རེ་བ་བྱེད་ཀྱིན་ཡོད།

   གཉིས། སློབ་མ་མང་པོ་ཞིག་སྤྱི་ཚོགས་སུ་ཞུགས་རྗེས་དཔེ་ཀློག་གི་འདུ་ཤེས་མེད་པར་གྱུར་ནས་དཔེ་ཆ་དང་གཏན་དུ་གྱེས་འགྲོ། གནས་འདི་རུ་སྔར་རང་གིས་བརྗེད་ངེས་སུ་སོང་བའི་དཔེ་ཀློག་གི་འདུ་ཤེས་དེ་སླར་ཡང་རྙེད་ཐུབ།

   གསུམ། བུད་མེད་མང་པོ་ཞིག་ལ་དཔེ་ཀློག་གི་བསམ་པ་ཡོད་ཀྱང་ཁྱིམ་ལས་ཙག་ཙིག་གི་དབང་གིས་དཔེ་ཀློག་གི་དུས་ཚོད་ཤིན་ཏུ་དབེན། དེ་བས་གནས་འདི་ནས་ལྷང་འཇགས་ངང་ཁྱོད་ཀྱི་དཔེ་ཀླིག་གི་ཕུགས་བསམ་དེ་འགྲུབ་ངེས་ཡིན །

བཞི། རྫོང་ཡོངས་ཀྱི་རྒན་དར་གཞོན་གསུམ་ཚང་མར་དཔེ་ཀློག་གི་རིན་ཐང་ཤེས་སུ་འཇུག་པ་དང་། དཔེ་ཀློག་གིས་རྒྱལ་རྒྱས་དམངས་འཕེལ་གྱི་ནུས་པ་འདོན་ཐུབ་པ་ཤེས་སུ་འཇུག་རྒྱུ་བཅས་སོ། །

   གོང་གསལ་ལྟར་མྱུ་གུ་ཚོགས་པས་ལོ་མང་རིང་དགེ་ལས་ཀྱི་བྱ་བ་སྒྲུབ་པ་གྲངས་ལས་འདས་ཤིང་། ད་ཐེངས་སླར་ཡང་རིན་མེད་ངང་དཔེ་ཀློག་གི་ཁོར་ཡུག་དང་རྒྱུ་ཆ་ཕང་མེད་དུ་བསྐྲུན་བཞིན་པས་ན། “མྱུ་གུ”འདི་ནི“མྱུ་གུ”དཀྱུས་མ་ཞིག་མ་ཡིན་པར་མ་འོངས་པར་མི་རིགས་དང་ས་གནས་ཀྱིས་བརྗེད་མི་སྤོབས་པའི“ཏ་ལའི་ལོ་མའི་མྱུ་གུ”ཞིག་ཅི་ལ་མིན།

དཔེ་ཀློག་ཁང་གི་མཛད་སྒོའི་ཚོགས་འདུ།

དཔེ་གཟིགས་གནང་བཞིན་པ།

དཔེ་ཀློག་ཁང་གི་ལས་དོན་ཐད་གྲོས་ཀ་གནང་བ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497297
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།