​ཨ་རིའི་ཆེས་ཐོག་མའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »​ཨ་རིའི་ཆེས་ཐོག་མའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག
​ཨ་རིའི་ཆེས་ཐོག་མའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-10-06ལྟ་ཀློག (1771)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཨ་རིའི་ཆེས་ཐོག་མའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག

        美国第一座藏传佛教寺院

ཧོང་འུས་ཀྲུང་གིས་བརྩམས།

 རྣམ་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར།
    ཨ་རི་ལ་ཆེས་ཐོག་མ་སླེབས་མཁན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ནི་དགེ་ལུགས་པ་ཡིན་ཞིང་༡༩༥༨ལོར་ཨ་རི་ལ་དགེ་ལུགས་པའི་དགོན་པ་ཞིག་ཕྱག་འདེབས་མཛད།དེ་ནི་ཨ་རིའི་ཆེས་ཐོག་མའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཡིན།  དགོན་པ་འདིའི་ཕྱག་འདེབས་མཛད་མཁན་ནི་དགེ་བཤེས་དབང་རྒྱལ་མཆོག་ཡིན་ཞིང་ཁོང་ནི་སོག་པོའི་ཁྱིམ་རྒྱུད་ཅིག་ནས་སྐུ་འཁྲུངས། སྤྱིར་ཁོང་ནི་སོག་པོའི་ཁྱིམ་རྒྱུད་ཅིག་ལས་འཁྲུངས་ནའང་རི་བོ་དགེ་ལུགས་པའི་བསྟན་པ་ཨ་རི་ནས་དར་སྤེལ་གཏོང་བ་ཞིག་ཡིན་པའི་ཆ་ནས་ང་ཚོས་ངེས་པར་དུ་ཁོང་གི་ལོ་རྒྱུས་ལའང་རགས་ཙམ་ཤེས་དགོས།དགེ་བཤེས་དབང་རྒྱལ་ནི་དུས་རབས་ཉི་ཤུ་ནང་གི་མི་ཞིག་ཡིན་ལ་༡༩༠༡ལོར་ཁཱ་འེར་མས་ཁུ(卡尔梅克)ས་ཆའི་སོག་པོའི་ཁྱིམ་ཚང་ཞིག་ལས་འཁྲུངས། ཁོང་གི་ཕུ་བོ་ནི་ས་གནས་དེའི་དགོན་བདག་ཡིན་ལ། ཆུང་དུས་ནས་ཁོང་གི་སྙན་ལམ་དུ་ཆོས་སྒྲ་ཆད་མེད་དུ་ཐོས་ཏེ་བག་ཆགས་མི་དམན་པ་ཐེབས།དགུང་ལོ་བཞིའི་སྐབས་ལ་དགོན་ནང་དུ་སོང་སྟེ་སློབ་གཉེར་བྱེད་འདོད་ཀྱང་དགུང་ལོ་བདུན་མ་ཐོན་གྱི་བར་དུ་འདོད་ཐོག་ཏུ་མ་སོང་། དགུང་ལོ་བཅུའི་སྐབས་ཁོང་དང་ཕ་ཡུལ་གཅིག་པའི་རྒྱལ་བ་བཅུ་གསུམ་པའི་ཡོངས་འཛིན་རྟ་བྲག་བླ་མ་དང་འཕྲད་པར་མ་ཟད་རྟ་བྲག་བླ་མའི་དགེ་ཕྲུག་ཏུ་གྱུར་ཞིང་ཕྱིས་སུ་ཁོང་བོད་བརྒྱུད་ནང་བསྟན་གྱི་འཆད་ཉན་དར་ས་སྟེ་ལྷ་ས་རུ་ཕེབས་ནས་གཞུང་ལུགས་མང་བོ་ལ་ཐོས་བསམ་སློབ་གཉེར་བྱས་ཤིང་སྡེ་སྣོད་གསུམ་སྟེ་༼འདུལ་བའི་སྡེ་སྣོད་དང་མདོ་སྡེའི་སྡེ་སྣོད།མངོན་པའི་སྡེ་སྣོད༽མཚོན་པའི་གཞུང་ཆེན་མང་བོ་དག་ལའང་བློ་འཛིན་དང་སྐྱོར་སྦྱོང་བྱས།  ༡༩༡༦ལོ་ནས་བཟུང་སླར་ཡང་ལྷ་རམས་དགེ་བཤེས་ཀྱི་བསླབ་གནས་ཕྱོགས་སུ་བརྩོན་པ་བྱེད་ཅིང་༡༩༢༠ལོར་དགེ་སློང་གི་སྡོམ་པ་བླངས།  ཁོང་གི་བླ་མའམ་དགེ་རྒན་ཏེ་རྟ་བྲག་ཚང་དང་དང་ལྷན་དུ་ཨུ་རུ་སུ་དང་སོག་པོ་སོགས་མཚོན་པའི་ས་ཆ་མང་བོ་ལ་མཆོད་མཇལ་དུ་ཕྱིན།
    ༡༩༢༡ནས༡༩༣༥བར་ཏེ་ལོ་ངོ་བཅུ་བཞིའི་རིང་ལ་དབང་རྒྱལ་ནི་ལྷ་ས་འབྲས་སྤུངས་དགོན་དུ་ཞུགས་ནས་ནམ་རྒྱུན་གཞུང་ཆེན་དག་ལ་སྐྱོར་སྦྱོང་དང་བསླབ་པ་སློབ་གཉེར་གཤའ་མ་བྱས། ལྷ་རམས་དགེ་བཤེས་གཏོང་བྱེད་ཀྱི་སྒོར་མོ་ཅུང་ཟད་མ་འདང་བར་ཕྱི་རུ་སྒོར་མོ་བཙལ་དུ་ཕྱིན། དེའི་ཕྱིར་༡༩༣༥ལོར་འབྲས་སྤུངས་དགོན་དང་བྲལ་ནས་པེ་ཅིན་གྱི་ཕྱོགས་སུ་ཆས།  པེ་ཅིན་ལ་འགྲོ་བའི་ལམ་བར་ནས་རི་བོ་རྩེ་ལྔ་བརྒྱུད་ཅིང་ས་གནས་དེ་གའི་དགོན་བདག་ལ་ཁོང་གི་ཐུགས་རྒྱུད་ཀྱི་ཡོན་ཏན་གྱིས་ཧ་ལས་སུ་བཅུག་སྟེ་ཁོང་ལ་ཞལ་ཟས་དང་འབུལ་བ་ཞིག་ཕུལ་ནས་དབང་རྒྱལ་ལ་པེ་ཅིན་ན་ཡོད་པའི་ཁོང་དང་འབྲེལ་བ་ཟབ་པའི་ཧྥ་རན་སིའི་གཞུང་ཚབ་ཁང་གི་འགོ་བ་ལ་མཚམས་སྦྱོར་བྱས།   དབང་རྒྱལ་གྱིས་ཧྥ་རན་སིའི་གཞུང་ཚབ་ཁང་གི་འགོ་བ་དང་ཕྲད་པར་མ་ཟད་འགོ་བ་དེའི་ཁྱིམ་གྱི་དགེ་རྒན་གནང་སྟེ་ཁོ་ལ་བོད་ཡིག་དང་སོག་ཡིག་བསླབ།འདི་ལྟར་དབང་རྒྱལ་གྱིས་ཆེས་ཐོག་མར་ནུབ་ཕྱོགས་ཀྱི་མི་དང་དབྱིན་ཡིག་ལ་འབྲེལ་འདྲིས་བྱས་ཏེ་རྗེས་ཕྱོགས་ཨ་རིའི་ཕྱོགས་ཀྱི་འགྲོ་བསྐྱོད་ལ་རྨང་བཏིངས།འདི་ལྟར་ཁོང་གི་ལྷ་རམས་དགེ་བཤེས་གཏོང་བྱེད་མ་རྩ་འཛོམས་ཤིང་ལོ་རྗེས་མར་སླར་ཡང་ཕྱིར་ལྷ་ས་ལ་ལོག་ནས་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་སོགས་ལེགས་པར་བཞགདེ་རྗེས་སུ་སླར་ཡང་པེ་ཅིན་ལ་སོང་སྟེ་དབྱིན་ཇི་བ་ལྷ་སའི་ཕྱོགས་ཀྱི་གཞུང་ཚབ་ཁང་གི་འགོ་བ་ཁྲ་ཨེར་སུ་བྷེ་ཨེར་གྱི་སྒྲ་བསྒྱུར་བ་བྱས།ལོ་གཅིག་གི་རྗེས་སུ་བྷེ་ཨེར་གྱིས་དབྱིན་ཇིའི་ཁྱིམ་ཐོ་ཡིན་པའི་བོད་རིག་པའི་ཞིབ་འཇུག་པ་བྷ་ལིས་སུ(帕利斯)འདི་ལྟར་༡༩༣༧ལོའི་དབྱར་ཁ་ནས་དབང་རྒྱལ་དབྱིན་ཇི་ལ་འགྲོ་བའི་སྐལ་བ་ལྡན་པར་མ་ཟད་ནུབ་ཕྱོགས་ཀྱི་དཔལ་ཡོན་དང་ཡེ་ཤུའི་ཆོས་ལུགས་སོགས་ལ་འབྲེལ་འདྲིས་བྱས་ཏེ་སྔར་ལས་མཐོང་རྒྱ་ཇེ་ཆེར་དུ་གྱུར།


    ༡༩༣༧ནས༡༩༤༩བར་དབང་རྒྱལ་ལྷ་སར་བཞུགས་ཤིང་། ༡༩༥༡ལོར་རྒྱ་གར་དུ་ཕེབས། ༡༩༥༥ལོར་ཁོང་ཨ་རིའི་འཛམ་གླིང་ཆོས་ལུགས་ཞབས་ཞུའི་ལས་ཁུངས་ཀྱིས་འདན་འདྲེན་ཞུས་པ་ལྟར་ཨ་རི་ལ་ཕེབས་ནས་དམ་པའི་ཆོས་ཀྱི་འཆད་ཉིན་སྤེལ།ཨ་རི་ལ་ནང་བསྟན་ཆོས་ལུགས་བཙུགས་པ་ནི་དགེ་ལུགས་པ་ཨ་རིའི་ནས་རྐང་ཚུགས་པ་ཡིན། 

དབང་རྒྱལ་གྱིས་ཆོས་འཆད་ཞོར་དུ་སློབ་ཁྲིད་ཀྱི་ལས་ལའང་ཞུགས་ཤིང་རྒུ་ལུན་པིས་ཡ(哥伦比亚)སློབ་ཆེན་ནས་བོད་ཡིག་དང་སོག་ཡིག་གི་སློབ་དཔོན་ཆེན་མོ་འགན་བཞེས་ཏེ་སློབ་མར་སློབ་གསོ་གཏོང་བའི་ཐབས་ལམ་སྙེགས། ཁོང་གིས་སློབ་མ་ཚོ་ལ་སྒོམ་རྒྱག་སྟངས་དང་བསླབ་པ་སློབ་གཉེར་གྱི་སྐོར། མི་ཚེ་ནི་མི་རྟག་པའི་རང་གཤིས་ཡིན་པ་དང་སངས་རྒྱས་ནི་སྐྱབས་སྟོན་པ་བོ་སོགས་མཚོན་པའི་བཀའ་སློབ་མང་དུ་གནང་། ཁོང་གི་སྣེ་ཁྲིད་ཀྱི་འོག་ནས་༡༩༧༠ལོའི་ལོ་འགོར་ཁོང་དང་ཁོང་གི་སློབ་མ་ཚོས་ཨ་རིའི་ནང་བསྟན་ཞིབ་འཇུག་སློབ་གླིང་བཙུགས། སློབ་གླིང་འདིར་ཨ་རིའི་ནང་བསྟན་ཞིབ་འཇུག་པ་མི་ཉུང་བ་འདུས་ཤིང་བོད་ཀྱི་དགེ་བཤེས་ཀྱང་འགའ་རེ་ཕེབས་མྱོང་། དཔེར་ན་དགེ་བཤེས་འཇམ་དཔལ་དོན་གྲུབ་དང་བློ་བཟང་བྱམས་པ་སོགས་ལྟ་བུ།འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་འབུམ་རམས་པ་ཁི་ལིས་སི་ཐཱོ་ཧྥུ་ཆོ་ཀྲའི(克里斯托弗·乔治)དང་ཧྥུ་ཅུའི་ཉིས་ཡ་སློབ་ཆེན་(弗吉尼亚大学)གྱི་འབུམ་རམས་པ་ཇེ་ཧྥུ་ལིས་ཧཱོ་ཕུའུ་ཅན་སཱི(杰弗里·霍普金斯)ཨཱ་མུའུ་སུ་ཐའི་སློབ་གླིང་(阿默斯特学院)གི་འབུམ་རམས་པ་ལོ་བྷུ་ཐི་སོའི་ཨེར་མན(罗伯特·苏尔曼)སོགས་ཀྱང་རྒྱུན་དུ་དཔེ་ཁྲིད་ལ་ཞུགས། སློབ་གླིང་གིས་དབྱར་གནང་དུས་ཐུང་གསབ་སྦྱོང་འཛིན་གྲྭ་དང་གཟའ་མཇུག་གི་བགྲོ་གླེང་སོགས་མཚོན་པའི་བྱ་འགུལ་ཡང་མང་བོ་སྤེལ། བོད་བརྒྱུད་ནང་བསྟན་ཞིབ་འཇུག་དང་ཡིག་བསྒྱུར་གྱི་ལས་དོན་སོགས་སྤེལ་ཞིང་སློབ་གླིང་དུ་ལྷ་ཁང་དང་དཔེ་མཛོད་ཁང་། ཞིབ་འཇུག་སྡེ་ཁག ཟ་ཁང་། མལ་ཁང་སོགས་མིག་སྔར་འབུམ་རམས་པ་སོའི་ཨེར་མན་གྱིས་འགན་ཁུར་དང་བཀོད་སྒྲིག་བྱེད་བཞིན་ཡོད། 
    ༡༩༧༣ལོར་དབང་རྒྱལ་དང་ཁོང་གི་སློབ་མ་སོགས་ཀྱི་མཉམ་འབྲེལ་ངང་༼ཐར་ལམ་འཇུག་སྒོ༽ཞེས་པ་བཀའ་གདམས་པ་དང་དགེ་ལུགས་པའི་གྲུབ་མཐའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཅིག་བསྒྱུར། དགེ་བཤེས་དབང་རྒྱལ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྤྱི་དང་ཁྱད་པར་དུ་རི་བོ་དགེ་ལུགས་པའི་བསྟན་པའི་དོན་དུ་འབད་ཅིང་འཆད་ཁྲིད་དང་སློབ་ཁྲིད། རྩོམ་འབྲི་བ། ཡིག་བསྒྱུར་སོགས་མཚོན་པའི་བསྟན་པ་དང་འགྲོ་བའི་དོན་མང་དུ་མཛད།  ཨ་རི་ནས་དགོན་པ་ཕྱག་གཏབས་པར་མ་ཟད་ནང་ཆོས་ཀྱི་ཞིབ་འཇུག་པའང་མང་བོ་གསོ་སྐྱོང་གནང་། དགེ་བཤེས་དབང་རྒྱལ་གྱི་སྣེ་ཁྲིད་འོག་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལུགས་པའི་གྲུབ་མཐའ་རིམ་གྱིས་ཁྱབ་ཇེ་ཆེར་དུ་གྱུར་ཏེ་ཨ་རིའི་རྒྱལ་ཁབ་ཀྱི་ཁུལ་གཞན་པ་དག་ཏུའང་བསམ་གཏན་ལྟེ་གནས་མང་དུ་བཙུགས། དེ་དག་ལས་ཆེས་གླེང་རིན་ཡོད་པ་ནི་རྡ་ོརྗེ་འཆང་ཤེས་རབ་ཞིབ་འཇུག་ཁང་ཡིན། 
    རྡོ་རྗེ་འཆང་ཤེས་རབ་ཞིབ་འཇུག་ཁང་ནི་སྤྱི་ཕན་རྣམ་པ་ཅན་གྱི་དགེ་ལུགས་པའི་གྲུབ་མཐའ་དང་སློབ་གསོའི་རྩ་འཛུགས་ཤིག་ཡིན། ༡༩༧༥ལོར་ཇ་ལིས་ཧྥུ་ཉིས་ཡཱ(加利福尼亚)ནས་བཙུགས། གཙོ་བོ་དགེ་ལུགས་པའི་དགེ་བཤེས་གཉིས་བཞུགས། ཁོང་གཉིས་ནི་ཐུབ་བསྟན་ཡེ་ཤེས་དང་ཐུབ་བསྟན་སྦྱིན་པ་གཉིས་ཡིན་ལ་ཆོས་ཀྱི་དགོངས་དོན་དང་སྒོམ་རྒྱག་སྟངས་སོགས་ཀྱི་སྐོར་ནས་བཀའ་སློབ་དང་ལམ་སྟོན་རྒྱ་ཆེར་མཛད།

   རྩོམ་ཐུང་འདི་ནི་བསྟན་པའི་གཟི་འོད་ནུབ་ཕྱོགས་སུ་འཕྲོས་པ་ཞེས་པའི་དཔེ་དེབ་ལས་ཚན་བསྒྱུར་བྱས།
   此文章摘自于佛光西渐



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 20r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​ཨ་རིའི་ཆེས་ཐོག་མའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག   སྤེལ་མཁན།: གངས་རྩེན། སྤེལ་དུས:2017/10/7
དམ་པའི་མཛད་རྗེས་མི་ནུབ་སྲིད་མཐར་བརྟན་གྱུར་ཅིག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5870602
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号