འཇིག་རྟེན་ཁྲོད་ཀྱི་སྐར་མའི་གོ་ལའི་ཆེ་ཆུང་བསྡུར་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »འཇིག་རྟེན་ཁྲོད་ཀྱི་སྐར་མའི་གོ་ལའི་ཆེ་ཆུང་བསྡུར་བ།
འཇིག་རྟེན་ཁྲོད་ཀྱི་སྐར་མའི་གོ་ལའི་ཆེ་ཆུང་བསྡུར་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-09-30ལྟ་ཀློག (8373)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཇིག་རྟེན་ཁྲོད་ཀྱི་སྐར་མའི་གོ་ལའི་ཆེ་ཆུང་བསྡུར་བ།   
སྤྲེལ་ཉི་མ་རྒྱལ་མཚན་གྱིས་བཤུས་ཏེ་བསྒྱུར།

      མིའི་རིགས་ཀྱི་ངོས་ནས་བཤད་ན་ང་ཚོ་རྐང་འོག་གི་རྒྱུ་སྐར་འདི་མཐའ་ཡས་པ་ཡིན་ཞེས་ལབ་ཆོག་ལ།    འགྲུལ་བཞུད་གནམ་གྲུའི་མྱུར་ཚད་༼ཆུ་ཚོད་རེ་སྤྱི་ལེ་༨༠༠༽ཀྱིས་སའི་གོ་ལར་སྐོར་བ་གཅིག་རྒྱབ་ན་ཆུ་ཚོད་ལྔ་བཅུ་དགོས་མོད།  འོན་ཀྱང་དེ་འཇིག་རྟེན་ཁྲོད་བཞག་པ་ཡིན་ན་གོ་ལ་ནི་དངོས་གནས་རྡུལ་ཙམ་ལས་མེད། 
      སྐར་མ་ལྷག་པ།  མིག་དམར། པ་སངས།  སའི་གོ་ལ་བཅས་ཀྱི་ཆེ་ཆུང་བསྡུར་བ་སྟེ།   པར་རིས་ལས་མངོན་པ་ལྟར་ན།  པ་སངས་དང་སའི་གོ་ལའི་བོངས་ཚད་ཉེ་བ་ཡོད།  མིག་དམར་དང་ལྷག་པ་གཉིས་ལྟོས་བཅས་ཀྱིས་ཆུང་བར་སྣང་། 

     སའི་གོ་ལ།  སྐར་མ་མཚོ་རྒྱལ།  སྐར་མ་གནམ་རྒྱལ། སྐར་མ་སྤེན་པ། སྐར་མ་ཕུར་བུ་བཅས་ཀྱི་ཆེ་ཆུང་བསྡུར་ན།   སའི་གོ་ལ་ནི་ཉི་མའི་ཁྱིམ་རྒྱུད་ནང་ས་ལས་གྲུབ་པའི་རྒྱུ་སྐར་བཞིའི་ཁྲོད་བོངས་ཚད་ཆེ་ཤོས་ཡིན་ནའང་།  གཞན་པའི་རླངས་གཟུགས་རྒྱུ་སྐར་བཞི་དང་བསྡུར་ན་དངོས་གནས་མིའུ་ཆུང་རེད། 

      སྐར་མ་ཕུར་བུ།  སྐར་མ་བོའོ་ཧྥུའུ་༣༥༩།  ཉི་མ།  སྐར་མ་ལྷ་སྤྱང་བཅས་ཀྱི་ཆེ་ཆུང་བསྡུར་ན།    ཕུར་བའི་སྤུས་ཚད་འབོར་ཆེན་ཡིན་ལ། ཉི་མའི་ཁྱིམ་རྒྱུད་ཀྱི་གཞན་པའི་རྒྱུ་སྐར་གྱི་སྤུས་ཚད་ཕྱོགས་གཅིག་ཏུ་བསྣན་པ་ལས་ཀྱང་ཆེ་ནའང་།  འོན་ཏེ་ཉིང་རྡུལ་འདུས་འགྱུར་དམའ་ཤོས་ཀྱི་སྤུས་ཚད་ཚད་གཞིར་ད་དུང་གཏན་ནས་སླེབས་ཐུབ་མེད།  དེ་ཡི་དབང་དུ་བཏང་ནའང་ཉིང་རྡུལ་འདུས་འགྱུར་དམའ་ཤོས་ཀྱི་བརྟན་སྐར་༼དམར་མདོག་བརྟན་སྐར་ཆུང་བ་༽ དང་མཉམ་དུ་བསྡུར་ན་ཞན་པ་མངོན།   ཉི་མའི་སྤུས་ཚད་ནི་སའི་གོ་ལའི་ལྡབ་སུམ་འབུམ་སུམ་ཁྲི་ཡིན་ལ།  བོངས་ཚད་ནི་སའི་གོ་ལའི་ལྡབ་ས་ཡ་གཅིག་དང་སུམ་འབུམ་ཡིན།  ཡིན་ཡང་སྐར་མ་ལྷ་སྤྱང་དང་བསྡུར་ན་དེ་ཡང་གཅུང་བོ་ཡིན་ནོ།། 


    ང་ཚོའི་དགུ་ཚིགས་མ་ལག་གི་ཚངས་ཐིག་ལ་འོད་ལོ་འབུམ་གཅིག་ཡོད།གསལ་བོར་བཤད་ན་སྐར་ཆ་རེར་སའི་གོ་ལར་སྐོར་བ་ཐེངས་བདུན་དང་ཕྱེད་ཀ་རྒྱག་ཐུབ་པའི་འོད་དེས་དགུ་ཚིགས་མ་ལག་གི་ཚངས་ཐིག་བརྒལ་བར་ལོ་ཆིག་འབུམ་གྱི་དུས་ཡུན་དགོས་ལ། དགུ་ཚིགས་ཁྱིམ་རྒྱུད་ནང་ཧ་ལམ་བརྟན་སྐར་ཁྲག་ཁྲིག་ཅིག་ཡོད།  
----------------------------
❶སྤུས་ཚད།  (质量)དངོས་གཟུགས་རང་སྟེང་གི་རིགས་ཤིག  
❷འོད་ལོ།  (光年)གནམ་རིག་པས་ངོས་འཛིན་ལ་གཟའ་སྐར་རྣམས་ཀྱི་བར་ཐག་འཇལ་བྱེད་ཀྱི་རྩི་གཞི་ཞིག་སྟེ།  འོད་ཀྱིས་ལོ་གཅིག་གི་ཡུན་ལ་སྟོང་རྐྱང་གི་ཁམས་སུ་བགྲོད་པའི་བར་ཐག་ལ་འོད་ལོ་གཅིག་ཅེས་བྱ་ཞིང་།  དེར་སྟོང་སྨི་དུང་ཕྱུར་༩༤༦༠༥ཙམ་ཡིན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499474
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།