ཟུར་གཙང་གཡང་འབུམ་གྱི་ཡིག་གཟུགས་སྒྱུ་རྩལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཟུར་གཙང་གཡང་འབུམ་གྱི་ཡིག་གཟུགས་སྒྱུ་རྩལ།
ཟུར་གཙང་གཡང་འབུམ་གྱི་ཡིག་གཟུགས་སྒྱུ་རྩལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-27ལྟ་ཀློག (13921)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཟུར་གཙང་གཡང་འབུམ་གྱི་ཡིག་གཟུགས་བདམས་བཀོད།

   ཟུར་གཙང་གཡང་འབུམ། མིང་གཞན་ལ་སྐེམ་པོར་འབོད། བོད་ལུགས་གསོ་རིག་རབ་འབྱམས་པ། མཚོ་སྔོན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། མང་རྫོང་མི་རིགས་ཡིག་རིས་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ། གཙང་བཀྲ་ཤིས་ལྷུན་པོ་རྩེ་སློབ་གྲྭའི་ཡིག་གཟུགས་རྒྱུན་འཛིན་པ། ༡༩༨༠ལོར་མདོ་སྨད་གཅན་ཚ་རྫོང་གི་སྣང་རའི་གྲོང་བརྒྱད་ཀྱི་སྡེར་གཏོགས་པའི་ཤིང་སྒར་གྲོང་ཚོའི་ཟུར་གཙང་ཚོ་བ་རུ་སྐྱེས། ཆུང་དུས་ནས་ས་དེ་གའི་སློབ་ཆུང་དང་སློབ་འབྲིང་འགྲིམ་པའི་སྐལ་བ་ཐོབ། སྔ་ཕྱིར་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་སོགས་འགྲིམ། རྨ་ལྷོ་ཁུལ་བོད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། ཀོས་ནན་རྫོང་བོད་སྨན་ཁང་། བོད་ལྗོངས་སྨན་རྩིས་ཁང་སོགས་ནས་དངོས་སྦྱོང་དང་གསབ་སྦྱོང་བྱ་བའི་གོ་སྐབས་བྱུང་ཞིང་སློབ་དཔོན་དུ་མའི་ཞབས་ལ་གཏུགས་པ་དང་སྨན་བཅོས་ལག་ལེན་ཟུང་འབྲེལ་བྱས་ནས་ལོ་ངོ་བཅུ་དྲུག་ཙམ་སོང་། བརྩམས་ཆོས་ལ། ཉེས་གསུམ་གྱི་མཚན་ཉིད་འགྲེལ་སྟངས་རོབ་ཙམ་གླེང་བ་ཞེས་པ་དང་། མཁྲིས་ནད་བརྟག་བཅོས་ཀྱི་ཁྱད་ཆོས་ལ་དཔྱད་པ། དུས་རབས་དང་བསྟུན་ནས་སྔོ་སྦྱོར་གྱི་ཁྱད་ཆོས་སྔོག་འདོན་དགོས་པའི་བསམ་གཞིགས། བོད་ལུགས་གསོ་རིག་ལས་དུག་ནད་གསོ་བཅོས་ཀྱི་ཐུན་མིན་རིག་གཞུང་ཞིབ་འཇུག རིན་པོ་ཆེའི་སྨན་སྦྱོར་བསྟེན་ཚུལ་གྱི་དགོས་གལ་སྐོར། བོད་ལུགས་སྨན་སྦྱོར་རིག་པས་བོད་ཀྱི་དཔར་བསྐྲུན་ལས་རིགས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ། བོད་ལུགས་གསོ་རིག་ལས་དུག་ནད་གསོ་བཅོས་རིག་པའི་བྱུང་འཕེལ་སྐོར་ཐོག་མར་གླེང་བ་ཞེས་པ་སོགས་དཔྱད་རྩོམ་བཅུ་ལྷག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་བཀོད་ཡོད། ༡༩༩༥ལོ་ནས་བཟུང་དབུས་གཙང་ཕྱོགས་ཀྱི་ཡིག་མཁན་དྲུང་ཡིག་རྣམ་རྒྱལ་ལགས་དང་། འཕྲིན་དགའ་ལགས། ཆོས་འཕེལ་ལགས། རྡོ་སྦིས་གྲགས་པ་སོགས་ཀྱིས་ཕྱག་བྲིས་གནང་བའི་༼བོད་ཡིག་གི་ཡིག་གཟུགས་དཔེ་གཞི་༽ཞེས་པ་དང་༼བོད་ཡིག་གི་དཔེ་གཟུགས་༽སོགས་ཚད་ལྡན་གྱི་བྲིས་རྒྱུན་ལ་སྦྱངས་པ་ནན་ཆེར་བྱས་ཤིང་། རང་སྦྱོང་ཁོ་ནས་མ་ཚིམ་པར་གཙང་བཀྲིས་ལྷུན་པོར་བཞུགས་པའི་རྩེ་སློབ་གྲྭའི་༧དགེ་མིང་འཛིན་པ་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་རྨེ་རུ་དགོན་བསྟན་འགྱུར་དཔར་ཁང་དུ་བཞུགས་པའི་༧སྙེ་མོ་བ་བཀྲ་ཤིས་དོན་གྲུབ་མཆོག ནོར་བུ་གླིང་ཁར་བཞུགས་པའི་ཡིག་མཁན་འགྱུར་མེད་ཚུལ་ཁྲིམས་སོགས་ཀྱི་ཞབས་དྲུང་དུ་གཏུགས་ཏེ་སྨྱུ་གུ་བཟོ་ལུགས་ནས་བརྩམས་ཏེ་ཀ་ཁ་དང་ཟློས་ཧྲལ། ཚུགས། འཁྱུགས། སྙེ་བྲིས། ལན་ཝར་སོགས་ལ་མཐོང་བརྒྱུད་ཕྱག་ལེན་བཞིན་ལོ་མང་སྦྱངས་པས་གྲུབ་འབྲས་ཆེན་པོ་ཐོབ། ༢༠༡༣ལོར་རྒྱལ་ཁབ་སློབ་གསོ་པུའུ་རྒྱལ་ཡོངས་སློབ་ཆེན་སློབ་མའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་ཞེས་པར་བོད་ལྗོངས་འགྲན་ཁུལ་གྱི་"ཕུལ་བྱུང་མི་བཅུའི"་ཁོངས་སུ་བདམས་ཐོན་བྱུང་བ་དང་སྔ་ཕྱིར་ཡིག་གཟུགས་འགྲན་བསྡུར་ཐེངས་གསུམ་ལ་བསྟུད་མར་ཨང་དང་པོའི་གོ་གནས་ཐོབ། ༼བོད་ཡིག་འབྲི་ཚུལ་བློ་གསར་མིག་འབྱེད་༽དང་༼བོད་ཀྱི་ཡིག་གཟུགས་སྤྱི་རྣམ་༽༼བཀྲས་ལྷུན་དགོན་གྱི་བྲིས་རྒྱུན་བློ་བཟང་བླ་མ་དགྱེས་པའི་མཆོད་སྤྲིན་༽སོགས་དཔེ་དེབ་ཁ་ཤས་དཔར་བསྐྲུན་འགྲེམས་སྤེལ་བྱས་དང་བྱེད་མུས་སུ་མཆིས། གཞན་ཡང་གྲོང་ཁང་ཚེ་རིང་ཆོས་རྒྱལ་ལགས་དང་། སྣེའུ་རྫོང་ཚེ་རིང་དོན་གྲུབ་ལགས། རྒན་འཕྲིན་དགའ་ལགས་སོགས་བྲིས་མཁན་རྒན་རབས་དག་གི་ཞབས་ལ་གཏུགས་ནས་བྲིས་རྒྱུན་དང་ཡིག་གཟུགས་སྐོར་གྱི་ལོ་རྒྱུས་བརྩད་འཚོལ་དང་བཀའ་འདྲི། ལག་ལེན་དམར་ཁྲིད་ཀྱི་གདམས་པ་ཞུས། སྔ་ཕྱིར་ཟི་ཁྲོན་ཞིང་ཆེན་དང་། ཀན་ལྷོ་ཁུལ་སོགས་ཞིང་ཆེན་གཞན་དང་མཚོ་བྱང་ཁུལ། རྨ་ལྷོ་ཁུལ་སོགས་མཚོ་སྔོན་གྱི་ས་གནས་ཁ་ཤས་སུ་གདན་ཞུ་ལྟར་ཕྱིན་ནས་ཡིག་གཟུགས་སྐོར་གྱི་སློབ་ཁྲིད་དང་འཆད་ཁྲིད་བྱས། ད་ལྟ་གཙང་བཀྲ་ཤིས་ལྷུན་པོ་རྩེ་སློབ་གྲྭའི་དགེ་རྒན་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་གི་བྲིས་རྒྱུན་འཛིན་མཁན་གྱི་གོ་གནས་ཐོབ་ཐང་དང་། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཆེད་ཞུའི་དཔྱད་འཇོག་པ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་༼བདེ་ཐང་མཛུབ་སྟོན་༽ལེ་ཚན་གྱི་ཆེད་ཞུའི་སྐུ་མགྲོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་འཕེལ་རྒྱས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ། ཟི་ཁྲོན་རྔ་བ་རྫོང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་རྒྱུན་ཨུའི་ལས་འཛིན་དང་ཞིབ་འཇུག་པ། 《མང་རྫོང་སློབ་གསོའི་ལྟ་སྐུལ》གྱི་རྩོམ་སྒྲིག་པ་སོགས་ཀྱི་འགན་ཁུར་ཡོད།




























ཟུར་གཙང་གཡང་འབུམ་གྱིས་དངོས་བྲིས་ཡིག་གཟུགས་སྒྱུ་རྩལ་བདམས་བཀོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503914
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།