མཚོ་སྔོན་ཡུལ་ཤུལ་ལ
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 11 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »མཚོ་སྔོན་ཡུལ་ཤུལ་ལ
མཚོ་སྔོན་ཡུལ་ཤུལ་ལ
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-23ལྟ་ཀློག (3078)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་ཡུལ་ཤུལ་ལ"2017ལོའི་ཆེས་མཛེས་པའི་ཀྲུང་གོའི་དམིགས་སའི་གྲོང་ཁྱེར"ཞེས་པའི་མཚན་སྙན་ཐོབ་པ།

 ཟླ་9ཚེས་17ཉིན། ཤིན་ཧྭ་གསར་འགྱུར་དྲ་བས་གཙོ་གཉེར་དང་། ཀྲུང་གོའི་གྲོང་ཁྱེར་ཕན་ཚུན་སྐུལ་འདེད་(པེ་ཅིང་)གྲོང་ཁྱེར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཡིས་གཉེར་འགན་ཁུར་བའི་2017ལོའི་ཡུལ་སྐོར་གྱི"གནས་བབ་གསར་པ་དང་། རྣམ་པ་གསར་པ། སྤུས་རྟགས་གསར་པ"འམ་ཡུལ་སྐོར་ལས་རིགས་མཉམ་འདྲེས་དང་གསར་གཏོད་གླེང་སྟེགས་ཧའེ་ནན་ཞིང་ཆེན་གྱི་ལིན་ཧྲུའེ་རྫོང་དུ་གཉེར་ཞིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་ལ་གླེང་སྟེགས་ཐོག"2017ལོའི་ཆེས་མཛེས་པའི་ཀྲུང་གོའི་དམིགས་སའི་གྲོང་ཁྱེར"ཞེས་པའི་མཚན་སྙན་ཐོབ་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གླེང་སྟེགས་སུ"ཁོངས་ཡོངས་དང་། མང་ཚོགས། སྤུས་རྟགས"ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཤིང་། ཡུལ་སྐོར་ཁོངས་ཡོངས་ཅན་དུ་འཕེལ་རྒྱས་གསར་གཏོད་དབུ་ཚོགས་དང་། 2017ལོའི་ཡུལ་སྐོར་ཁོངས་བརྒལ་མཉམ་འདྲེས་དང་མཉམ་ལས་གླེང་སྟེགས། 2017ལོའི་ཡུལ་སྐོར་རྣམ་པ་གསར་པ་དང་སྤུས་རྟགས་གསར་པ་གྲོས་མོལ། གྲོང་གསེབ་ཡུལ་སྐོར་གྱི་ལྟ་ཞིབ་རྣོ་བ། 2017ལོའི་ཆེས་མཛེས་ཀྲུང་གོའི་མིང་བྱང་དགྱེས་སྟོན་བཅས་ཁག་ལྔ་ལས་གྲུབ་ཡོད་པ་རེད།

 ཡུལ་སྐོར་གྱི་གནས་བབ་གསར་པ་གཏོད་པ་དང་། ཡུལ་སྐོར་གྱི་རྣམ་པ་གསར་པ་མཉམ་འདྲེས། ཡུལ་སྐོར་གྱི་སྤུས་རྟགས་གསར་པ་རིམ་སྤར། གླེང་སྟེགས་ཀྱིས་ལས་སྟེགས་གཉེར་སྐྱོང་བྱེད་པའི་ནུས་པར་བརྟེན་ནས་ནང་དོན་ཕུན་སུམ་ཚོགས་པ་དང་ལས་རིགས་འཕེལ་ཕྱོགས་ཁ་སྒྱུར་ཡང་དག་པར་བྱེད་པ་ཟུང་དུ་སྦྲེལ་ཏེ་དམིགས་སའི་གྲོང་ཁྱེར་(མཛེས་ལྗོངས་ཁུལ་)དང་། མ་དངུལ་ཕྱོགས། ཐོན་ཁུངས་ཕྱོགས། ཞབས་ཞུ་ཚོང་པ། ལས་གཉེར་ཚོང་པ་བཅས་ཀྱིས་རྒྱལ་ཡོངས་སུ་ཕན་ཚུན་སྐུལ་འདེད་དང་མཉམ་ལས་འབྲེལ་མཐུད་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པར་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱས་ཏེ་རྒྱུན་མཐུད་ངང་ཀྲུང་གོའི་ཡུལ་སྐོར་དར་རྒྱས་གོང་འཕེལ་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།

  ཤེས་རྟོགས་བྱུང་གསལ་དུ། ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་གྲོང་ཁྱེར་གྱིས"ཐང་བོད་གནའ་ལམ"གྱི་ལམ་གནས་ས་བབ་ཁྱད་ཆོས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་ཐོན་ཁུངས་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི"རྒྱུད་གཅིག་ལམ་གཅིག"འཐབ་ཇུས་ལ་ཧུར་ཐག་ཞུགས་ནས་སྒྲིག་བཀོད་མཉམ་སྦྲེལ་ལས་དོན་ལ་སྐུལ་སྤེལ་ཤུགས་ཆེན་བྱེད་པ་དང་། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གཞུང་ལམ་འགྲིམ་འགྲུལ་དྲ་བ། སྤྱི་སྤྱོད་མཁའ་ལམ་སོགས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཡོམ་རྗེས་བསྐྱར་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་ས་ཁོངས་ཀྱི་ཁྱད་ཆོས་ཟབ་པོ་ལྡན་ལ་མི་རིགས་ཡུལ་སྲོལ་གོམས་འདྲིས་དམིགས་བསལ་ལྡན་པའི་སྐྱེ་ཁམས་ཚོང་དོན་ཡུལ་སྐོར་བཅས་མཉམ་འཕེལ་གྱི་གྲོང་ཁྱེར་ཞིག་གཙང་གསུམ་ཆུ་འགོའི་ས་གཞི་ཆེན་པོར་འགྱིང་ངེར་ཆགས་ཡོད་པ་རེད།

གྲོང་ཁྱེར་གྱི་ཟུར་ངོས་ཤིག

གྲོང་ཁྱེར་གྱི་མཚན་ལྗོངས།

གྲོང་ཁྱེར་གྱི་མཚན་ལྗོངས།

གྲོང་ཁྱེར་གྱི་མཚན་ལྗོངས།

རྩོམ་ཁུངས།  གཙང་གསུམ་རིག་རྩལ་འཕྲིན་སྟེགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23609115
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།