ནམ་ཡང་གཞན་ལ་མཐོང་ཆུང་མི་བྱེད་རོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ནམ་ཡང་གཞན་ལ་མཐོང་ཆུང་མི་བྱེད་རོགས།
ནམ་ཡང་གཞན་ལ་མཐོང་ཆུང་མི་བྱེད་རོགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-23ལྟ་ཀློག (4101)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   ནམ་ཡང་གཞན་ལ་མཐོང་ཆུང་མི་བྱེད་རོགས།
做人,永远不要瞧不起别人

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

༼གསལ་བཤད། དེ་རིང་རྒྱ་ཡིག་འདི་འདྲ་ཞིག་མཐོང་བས་བལྟས་པ་ན། འཇིག་རྟེན་མི་ཆོས་ལ་མཁོ་བའི་བསླབ་བྱ་དང་མཐུན་པའི་ཆ་མང་དུ་ཡོད་པ་མཐོང་བས། ཡི་གེ་རེ་རེ་ནས་བསྒྱུར་བའི་ངལ་བ་མ་བྱས་པར་ནང་དོན་བསྡུས་ཏེ། བོད་ཡིག་གི་ཚིགས་བཅད་དུ་བསྡེབས་ནས་སྤེལ་བས་སྐལ་མཉམ་གྲོགས་པོ་རྣམས་ལ་ཕན་ཐོགས་པར་སྨོན་ནོ།།༽

 

人活着,谁都不用瞧不起谁。

三年河东,三年河西,

潮起潮又落。

家财万贯,买不了太阳不下山;

身无分文,不一定日后没江山。


འཇིག་རྟེན་འདི་ནས་སུ་དང་གང་ལ་ཡང་།།

མཐོང་ཆུང་མ་བྱེད་དར་རྒུད་འགྱུར་ལྡོག་མང་།།

རྒྱུ་འབྱོར་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང་།།

ཉི་མ་ནུབ་རིར་ཡོལ་བ་ཅི་ཡིས་འགོག།

ཅི་མེད་ཅང་མེད་ལྟོ་སྐྱ་གོས་ཧྲུལ་ཡང་།།

མ་འོངས་མཐོན་པོར་མི་འགྱུར་སུ་ཡིས་དཔོག།


在这个社会里! 

遇到有钱的,别嫉妒; 

遇到贫穷的,别耻笑; 

遇到善良的,别欺负;

遇到可怜的,多帮助。

遇到讲义气的,拿命袒护;

遇到耍心眼的, 不屑一顾。


སྤྱི་ཚོགས་འདི་ནས་གལ་ཏེ་རང་གི་སེམས།།

སྦྱོང་བར་ནུས་ན་གཞན་གྱིས་བཀུར་བྱར་འགྱུར།།

རྒྱུ་འབྱོར་ཅན་ལ་ཕྲག་དོག་་མ་བྱེད་རོགས།།

དབུལ་བོ་རྣམས་ལ་འཕྱ་སྨོད་མི་གནང་རོགས།།

གཞུང་བཟང་ཅན་ལ་བརྙས་བཅོས་མི་བྱེད་ཅིང་།།

ཉམ་ཐག་རྣམས་ནི་བརྩེ་བའི་སེམས་ཀྱིས་སྐྱོངས།།

དྲང་བདེན་ལ་རྒྱ་ཅན་རྣམས་སྲོག་གིས་སྲུངས།།

གཡོ་ཅན་ཝ་མོའི་ཚོགས་རྣམས་ཐལ་བཞིན་དོར།།


山上的人,不要瞧不起山下的人,

因为终有一天他们会上山取代你。

上山的人,也不要瞧不起下山的人,

因为他风光时你还在山下。


རི་རྩེར་གནས་པའི་མི་ཡིས་རི་ཞོལ་གྱི།།

མི་ལ་མཐོང་ཆུང་མ་བྱེད་ནམ་ཞིག་ཚེ།།

དེ་དག་རི་ལ་འོངས་ཏེ་ཁྱོད་ཀྱི་ཚབ།།

བྱེད་དགོས་དུས་ཤིག་མི་འབྱུང་སུ་ཡིས་ཤེས།།

རི་ལ་འགོ་བའི་མིས་ཀྱང་རི་ཞོལ་དུ།།

འབབ་པའི་མི་ལའང་མཐོང་ཆུང་མི་གནང་རོགས།།

ནམ་ཞིག་རི་ལ་བཀྲགས་མདངས་རྒྱས་པའི་ཚེ།།

རང་ཉིད་ད་དུང་ཞོལ་དུ་གནས་ཕྱིར་རོ།།


为人谦虚,

处处都以心换心的人,

值得靠近必得人心。

因为真诚,是做人之本。


ང་རྒྱལ་མ་བྱེད་ལུགས་མཐུན་ཁེངས་སྐྱུངས་བྱོས།།

ནམ་ཡང་སེམས་དང་སེམས་པ་འདྲེས་པར་གྱིས།།

གང་ཞིག་འགྲོགས་ན་ཨ་གསར་མི་ཆེ་ཞིང་།།

ཕྱི་ཐག་རིང་ན་གཞན་སེམས་ངང་གིས་འགུག།

དེ་ཡང་ཡིན་ཏེ་དྲང་བདེན་ཟོལ་མེད་ནི།།

མི་ཆོས་ཀུན་གྱི་རྩ་བ་ཉིད་ཕྱིར་རོ།།


也许你真的很牛B,

但你未必能拿住我;

也许你真的很有钱,

但我未必能看上你;

也许你真的很有实力,

但我未必瞧得起你;

也许你真的觉得自己是个人物,

但我未必能正眼看你。


ཁྱོད་ལ་དངོས་གནས་མཐུ་ནུས་ལྡན་ཡང་སྲིད།།

འོན་ཀྱང་ཁོ་བོ་ཐུབ་མིན་སུ་ཡིས་ཤེས།

།ཁྱོད་ལ་དངོས་གནས་རྒྱུ་འབྱོར་ཆེ་ཡང་སྲིད།།

འོན་ཀྱང་བདག་གིས་ཁྱོད་ཉིད་བཀུར་དོན་ཅི།།

ཁྱོད་ལ་དངོས་གནས་དབང་ཐང་ཡོད་ཀྱང་སྲིད།།

འོན་ཀྱང་བདག་ཉིད་ཁྱོད་ལ་ཞུམ་དོན་ཅི།།

ཁྱོད་ཀྱིས་རང་ཉིད་མཐོན་པོར་བསམ་ཡང་སྲིད།།

འོན་ཀྱང་བདག་གིས་ངེས་པར་བརྩི་དགོས་ཅི།།

དེ་ཕྱིར་རིགས་གཟུགས་མངའ་ཐང་ལོངས་སྤྱོད་སོགས།།

རང་ལ་ཇི་ཙམ་འཛོམས་པ་དེ་ཙམ་དུ།།

རང་གི་བསམ་དང་ཀུན་སྤྱོད་ལེགས་སྲུང་ན།།

དེ་ཙམ་རང་ཉིད་གཞན་གྱིས་བཀུར་བར་འགྱུར།།


再有地位,再有人际,再会说,

对不起,我不想认识你,OK?

路还长,别太狂,以后指不定谁辉煌。

不要瞧不起别人,

老天爷面前,谁都是孙子;

不要瞧不起自己,

老天爷疼爱他每个孙子。


ཁྱོད་ཀྱི་གོ་གནས་ཇི་ལྟར་མཐོ་ཡང་རུང་།།

ཁྱོད་ལ་གཡོགས་འཁོར་ཇི་ཙམ་མང་ཡང་ཆོག།

འོན་ཀྱང་ཁྱོད་ཀྱི་བསམ་དང་ཀུན་སྤྱོད་ལས།།

ང་རང་ཁྱོད་དང་རིང་དུ་གྱེས་ན་འདོད།།

ཤུལ་རིང་ལམ་དུ་ད་དུང་བསྐྱོད་དགོས་ཤིང་།།

རྗེས་མར་སུ་རྒྱལ་སུ་རྒུད་མི་ཤེས་པས།།

བཙན་ཡང་རང་ཚོད་ཟིན་ན་མཐའ་རུ་བཟང་།།

གཞན་ལ་མཐོང་མ་བྱེད་གནམ་རྒན་མའི།།

མདུན་ནས་ཁྱོད་ཀྱང་ད་དུང་ཚ་བརྒྱུད་ཡིན།།

༼འདིའི་ཚ་བརྒྱུད་ཅེས་པར་རྒྱ་སྐད་དུ་ཐོབ་ཞན་པའམ་ཐོབ་ཐང་དམན་པར་སྟོན་པའི་དོན་ཡོད།༽

རང་གིས་རང་ལའང་སྣང་ཆུང་བྱེད་མི་དགོས།

།ཨ་མྱེས་གནམ་དེ་ཚ་བརྒྱུད་ཀུན་ལ་བརྩེ།།


谁的人生都不易,笑人等于笑己,

尊重别人就是尊重自己。

谁的人生十全十美,

谁的生活没有薄凉,

谁敢保证一直都是人生得意。


རང་ལ་ཅི་འབྱུང་རང་གིས་མི་ཤེས་པས།།

གཞན་ལ་འཕྱ་སྨོད་རང་ལའང་འཁོར་ཡང་སྲིད།།

རང་གིས་གཞན་ལ་གུས་བཀུར་བྱེད་པ་ནི།།

དོན་གྱིས་རང་ཉིད་གཞན་གྱིས་བཀུར་བའི་རྒྱུ།།

སོ་སྐྱེས་སུ་ཞིག་སྐྱོན་མེད་ཡོངས་དག་ཡིན།།

སུ་ཡི་འཚོ་བ་རྣམ་ཀུན་མཆོག་ལྡན་ཡིན།།

སུས་ཀྱང་རང་གི་མི་ཚེ་རྣམ་ཀུན་དུ།།

བསམ་པ་ཇི་བཞིན་འགྲུབ་མིན་གདེང་ཚོད་ཅི།།


不管世界变成什么样,

别人对你怎么样,

都请你记得:

做人,

永远不要瞧不起别人,

一定要低调,一定要善良!


འཇིག་རྟེན་ཁམས་འདི་ཇི་ལྟར་གྱུར་ཀྱང་རུང་།།

གཞན་གྱིས་ཁྱོད་ལ་ཅི་ཞིག་བྱས་ཀྱང་ཆོག།

ནམ་ཡང་གཞན་ལ་མཐོང་ཆུང་མི་བྱེད་པར།།

དོན་མཐུན་མི་ཆོས་སྲུང་རྒྱུ་སེམས་ལ་ཟུངས།།

དར་ན་ལྷག་པར་རང་ཉིད་དམན་སར་ཟུངས།།

འབྱོར་ཚེ་ཅིས་ཀྱང་རང་གཤིས་ལེགས་པར་སྲུངས།།

ཞེས་བླ་བྲང་བཀྲ་ཤིས་འཁྱིལ་ནས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23480855
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།