ཚེ་རིང་དོན་གྲུབ་གྱི་ཡིག་གཟུགས་སྒྱུ་རྩལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཚེ་རིང་དོན་གྲུབ་གྱི་ཡིག་གཟུགས་སྒྱུ་རྩལ།
ཚེ་རིང་དོན་གྲུབ་གྱི་ཡིག་གཟུགས་སྒྱུ་རྩལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-23ལྟ་ཀློག (7725)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚེ་རིང་དོན་གྲུབ་གྱི་ཡིག་གཟུགས་སྒྱུ་རྩལ།

      ཚེ་རིང་དོན་གྲུབ་ནི་སྤྱི་ལོ༡༩༧༦ ལོའི་ཟླ༤ཚེས༤ཉིན་མང་ར་མར་ཁུ་ཐང་སྡེ་བར་ཚེ་སྲོག་གི་དབྱངས་རྟ་ཐོག་མ་དེ་ངུ་ངག་གིས་གྱེར་བ་ཡིན། དེར་མུས་ལང་ཚོའི་རྨི་ལམ་དྲོན་མོ་ཞིག་རུམ་སྟེ་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་རེར་གོམ་སྟབས་བསྒྱུར་བ་ཡིན། ཁོ་རང་ཉིད་ཆུང་དུས་ནས་ཡིག་གཟུགས་འབྲི་སྦྱོང་དང་རི་མོ་སོགས་འབྲི་རྒྱུར་མོས་པ་ཤིན་ཏུ་ཆེ་བས་བོད་ཀྱི་ཡིག་གཟུགས་སྨྱུག་བཅད་འབྲི་སྦྱོང་རང་སྦྱོང་ཙམ་བྱས་པ་ཡིན། སྔ་རྗེས་སུ་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ཞིང་། དེ་གར་དགེ་རྒན་ཆེན་མོ་མཚོ་སྐྱེས་དོན་གྲུབ་ཚེ་རིང་ལགས་ཀྱི་མདུན་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱས་པ་ཡིན།  སློབ་མཐར་ཕྱིན་རྗེས་མང་ར་བཅའ་སྡོད་སློབ་ཁུལ་དུ་དགེ་རྒན་གྱི་ལས་གནས་སུ་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། སློབ་གྲྭ་དེར་ཡིག་གཟུགས་ཀྱི་དགའ་ཕྱོགས་ཚོ་ཆུང་བཙུགས་ཤིང་ཡིག་གཟུགས་འབྲི་སྦྱོང་ལ་དགའ་བའི་སློབ་མ་སྐོར་ཞིག་ལ་ཡིག་གཟུགས་སློབ་ཁྲིད་བྱས་པ་མ་ཟད། ཡིག་གཟུགས་ཀྱི་དཔེ་ཆ<<བོད་ཀྱི་ཡིག་གཟུགས་སློབ་དེབ་བློ་གསལ་སློབ་བུའི་དགའ་སྟོན>>ཞེས་པ་དེའང་བྲིས་པ་ཡིན། ༢༠༡༥ལོའི་ཟླ༧པའི་ནང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་༼ཐོན་མིའི་ཡིག་རྒྱུན༽ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་གཙང་བྲིས་དང་སྙེ་བྲིས། གཞུང་བྲིས། བཀའ་བརྒྱུད་བྲབ་བྲིས། ནང་བྲིས་ནོར་བུ་མ། སྡེར་ནང་ས་བྲིས་སོགས་ཡིག་རྒྱུན་མི་འདྲ་བ་དག་གི་བྲིས་རྒྱུན་གྱི་མན་ངག་ཁུངས་དང་བཅས་པ་ལ་སྦྱངས་པ་དང་། ཀན་ལྷོའི་དགེ་རྒན་རྟ་མགྲིན་མགོན་པོ་ལགས་ཀྱི་དྲུང་དུ་སྨོན་ལམ་ཡིག་གཟུགས་ཀྱི་མ་ཕྱི་ལ་སྦྱངས་པ་ཡིན། ༢༠༡༤ལོའི་མང་རྫོང་གཙགས་དྲུབ་རིག་གནས་དུས་ཆེན་སྟེང་ལ་ཨང་གསུམ་པ་དང་། བཟོ་ཚོགས་ལས་ཁུངས་ཀྱི་སྒྲུབ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོ། མང་རྫོང་སློབ་གསོ་ཅུས་སྒྲུབ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོ།  ༢༠༡༦ལོའི་མང་རྫོང་གཙགས་དྲུབ་རིག་གནས་དུས་ཆེན་སྟེང་ལ་བྱ་དགའ་ཨང་གསུམ་པ། ༢༠༡༦ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲན་སྡུར་ཆེན་མོའི་སྟེང་བྱ་དགའ་ཨང་བཞི་བ་བཅས་ཐོབ་པ་ཡིན། ད་ལྟ་མང་རྫོང་ལས་རིགས་ལག་རྩལ་སློབ་གྲྭ་ནས་སློབ་ཁྲིད་ཀྱི་ཞོར་དུ་སྨོན་ལམ་ཡིག་གཟུགས་གཙོ་བྱས་པའི་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་འབྲི་སྦྱོང་བྱེད་མུས་སུ་མཆིས།།


ཚེ་རིང་དོན་གྲུབ་གྱི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་བདམས་བཀོད།



















ཚེ་རིང་དོན་གྲུབ་གྱིས་དངོས་བྲིས་ཡིག་གཟུགས་སྒྱུ་རྩལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། spiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500844
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།