ལོ་ངོ་ཉིས་སྟོང་དྲུག་བརྒྱའི་སྔོན་ལ་བཞེངས་པའི་ནང་བའི་ཨེ་ན་ཁུ་དགོན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ལོ་ངོ་ཉིས་སྟོང་དྲུག་བརྒྱའི་སྔོན་ལ་བཞེངས་པའི་ནང་བའི་ཨེ་ན་ཁུ་ད
ལོ་ངོ་ཉིས་སྟོང་དྲུག་བརྒྱའི་སྔོན་ལ་བཞེངས་པའི་ནང་བའི་ཨེ་ན་ཁུ་དགོན་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-09-21ལྟ་ཀློག (4595)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།ལོ་ངོ་ཉིས་སྟོང་དྲུག་བརྒྱའི་སྔོན་ལ་བཞེངས་པའི་ཨ་ཧྥུ་ཀ་ནི་སི་ཐན་དུ་རྙེད་པའི་ནང་པའི་ཨེ་ན་ཁུ་དགོན་པ། 

སྤྲེལ་ཉི་མ་རྒྱལ་མཚན།
༄༅།། སངས་རྒྱས་ཀྱི་འཁྲུངས་ནས་ད་ལྟའི་བར་ལོ་ག་ཚོད་འགོར་མིན་ཐད་གནའ་དེང་གི་མཁས་པ་ཚོར་འདོད་ཚུལ་བདུན་ཅུ་ལྷག་མཆིས་ལ། དེ་ལས་ལྷོ་བརྒྱུད་སིངྒ་ལའི་གནས་བརྟན་སྡེ་བའི་ལུགས་ཀྱི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་དང་བོད་བརྒྱུད་ནང་བསྟན་པའི་ལུགས་ཀྱི་ལོ་ངོ་སུམ་སྟོང་གི་འདོད་ཚུལ་འདི་གཉིས་འཛམ་གླིང་དུ་ཁྱབ་ཆེ་བར་ཡོད། འོན་
ཀྱང་ད་ལྟ་བོད་རང་གི་མཁས་པའི་ཁྲོད་ན་ལོ་ངོ་སུམ་སྟོང་གི་ལྟ་བ་འདི་འདོད་མཁན་ཉུང་ནས་ཉུང་དུ་ཕྱིན་ཏེ་གནས་བརྟན་སྡེ་བའི་ལུགས་འདི་རང་ལུགས་ལ་འཛིན་གྱིན་འདུག གནའ་རྫས་རྟོག་ཞིབ་པས་འགྲེལ་བཤད་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་ཉིས་བརྒྱ་ ཙམ་ནས་སྤྱི་ལོ་དུས་རབས་དྲུག་པའི་བར་དགོན་པ་འདི་དར་རྒྱས་ཆེན་པོ་ བྱུང་ཡོད་པར་བཤད་འདུག་པ་མ་ཟད་ཡུལ་འདི་དེ་སྔ་དར་གོས་ཚོང་ལམ་གྱི་ལྟེ་བ་ཞིག་ཀྱང་ཡིན་སྲིད། སྤྱི་ལོ་དུས་རབས་དགུ་བའི་སྐབས་གནས་འདི་ནི་ཡུལ་མིའི་སྡོད་གནས་ཤིག་ཡིན་ནོ། ཡུལ་འདི་ལ་ལོ་རྒྱུས་ཐོག་བོད་ཀྱིས་དྲི་ཟའི་ཡུལ་(犍陀罗国)ཞེས་འབོད་ལ་རྒྱ་གར་གྱི་སློབ་དཔོན་ཐོགས་མེད་སྐུ་མཆེད་དང་སློབ་དཔོན་པད་མ་འབྱུང་སོགས་ཡུལ་འདིེར་འཁྲུངས་པར་བཞེད།  དྲི་ཟའི་ཡུལ་འདི་ལ་གནའ་བོའི་གྷི་རིག་དང་རོམ(古希腊罗马艺术)་གྱི་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་ཡོད་ཅིང་བོད་དང་རྒྱ་ནག་གི་ནང་བསྟན་སྒྱུ་རྩལ་ལ་ཡུལ་འདིའི་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་ཡོད། གནའ་ནས་བཟུང་ཆོས་ལུགས་དང་ཟངས་ལས་གཉིས་ལ་འབྲེལ་བ་དམ་པོ་ཡོད་ཙ་ན་ཡུལ་འདིས་གནའ་མིས་ཀྱང་སངས་རྒྱས་ཀྱི་འདྲ་སྐུ་དང་མཆོད་རྫས་སོགས་ཟངས་ཀྱིས་བཟོས་འདུག དེ་མ་ཟད་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཏྰ་ལེ་ཡི་སྐད་

ཀྱི་ནང་Mesཞེས་པ་ཟངས་ཀྱི་དོན་ཡིན་ནོ། ། མདོར་ན་ས་ཁྱོན་མུའུ་སུམ་སྟོང་ཙམ་ཟིན་པའི་གནའ་བོའི་དགོན་རྙིང་གི་རྗེས་ཤུལ་འདི་རྙེད་པ་ནི་རིག་དངོས་ཀྱི་ངོས་ནས་བཤད་ན་བསམ་ཡུལ་ལས་འདས་པ་ཤིག་ཡིན་པར་མ་ཟད་ནང་པ་སངས་རྒྱས་དག་གིས་གཟི་བརྗིད་དང་རེ་བ་ཞིག་ཏུ་བརྩིས་ན་ལགས།།  ཡིན་ཡང་ཐེངས་འདིའི་སྔོག་འདོན་ལས་བྱུང་པའི་གནའ་རྫས་ཀྱིས་ལོ་ངོ་ཉིས་སྟོང་འདོད་མཁན་དག་ཡང་སྐྱར་ཐེ་ཚོམ་གྱི་གནས་སུ་བསྐྱལ་བ་མ་ཟད་ལོ་ངོ་སུམ་སྟོང་འདོད་མཁན་ཚོར་དངོས་དཔང་རྩོད་མེད་ཅིག་སྦྱིན།  དེང་གི་དུས་འདིར་སངས་རྒྱས་འཁྲུངས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འདས་པ་ནི་འཛམ་གླིང་གི་སྤྱི་ལུགས་སུ་ཆགས་ཡོད་པ་དོན་དངོས་ཤིག་ཡིན་ལ།གལ་སྲིད་ཐེངས་འདིའི་གནའ་རྫས་རྟོག་ཞིབ་པ་ཚོས་བཤད་པའི་དུས་ཚོད་ལ་ནོར་བ་མེད་ཚེ་ནང་བའི་དགོན་པ་འདི་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་བསྐྲུན་ཡོད་པར་འདུག ད་དུང་ལོ་ངོ་ཉིས་སྟོང་གི་སྔོན་ལ་གནས་འདི་བརྒྱུད་ནས་ནང་བསྟན་རྒྱ་ནག་ཏུ་དར་བ་གདོན་མི་ཟའོ། གང་ལྟར་ཀྱང་རིག་དངོས་ཀྱི་ངོས་ནས་བཤད་ན་ཐེངས་འདིའི་སྔོག་འདོན་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པར་མ་ཟད་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ཁབ་ཀྱི་དངོས་མང་བཤམ་སྟོན་ཁང་གི་སྟོང་ཆ་ཡོངས་སུ་སྐོང་ནུས་སོ། །གནའ་བོའི་དགོན་པ་འདིའི་རྗེས་ཤུལ་ནི་རྒྱལ་ས་ཁ་པུར་科布尔ལྷོ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུ་སར་གནས་ཡོད་ལ་ལོའུ་ཀིར་ཞིང་ཆེན་དུ་གཏོགས་ཤིང་།  སའི་རྒྱ་ཁྱོན་ལ་མུའུ་སུམ་སྟོང་ཡོད།  རྗེས་ཤུལ་དུ་ཨེ་ན་ཁུ་(Mes Aynak艾娜克)དགོན་ཤུལ་གཙོ་བོས་སྐུ་གདུང་མཆོད་

རྟེན་མང་པོ་བཞུགས།  སྤྱི་ལོ་༡༩༦༠ལོ་ཙམ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནའ་རྫས་རྟོག་ཞིབ་པས་ཨེ་ན་ཁུའི་ཟངས་ཀྱི་གཏེར་ཁ་ནི་གནའ་བོའི་དགོན་རྙིང་ཞིག་གི་རྗེས་ཤུལ་ཡིན་པ་རྟོགས་ཡོད་ཀྱང་ཕྱི་རུ་བསྒྲགས་མྱོང་མེད་ལ་ལོ་འདི་གར་གནའ་རྫས་རྐུ་ འཁྱེར་ཆེད་རྗེས་ཤུལ་ལ་གནོད་སྐྱོན་མི་ཉུང་བ་ཐེབས་ཡོད།  སྤྱི་ལོ་ཉིས་སྟོང་བཅུ་ཡི་ཟླ་བ་ལྔ་བར་དེ་གར་ཟངས་གཏེར་སྔོག་འདོན་བྱེད་གྲབས་ཡོད་པའི་ཀྲུང་གོའི་ཀྲུང་ཡེ་ཚོགས་ཁག་(中冶集团)ཟེར་བའི་སྤྱི་གཉེར་ཁང་ཞིག་གིས་རྙེད་དེ་ཕྱི་ལ་ཁྱབ་བསྒྲགས་གནང་། མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་སྤྱི་གཉེར་ཁང་དེ་གཉིས་ནས་ གནས་སྐབས་ཀྱི་གྲོས་མཐུན་ཡི་གེ་བཀོད་ནས་ལོ་གསུམ་གྱི་དུས་ཡུན་སྤྲད་ནསཨ་ཧྥུ་ཀ་ནི་སི་ཐན་གྱི་ཆེད་མཁས་བཅོ་ལྔ་དང་ཧྥ་རན་སེའི་ཆེད་མཁས་གསུམ། ལས་མི་སུམ་ཅུ་ལྷག་བཅས་ཀྱིས་ཕྱོགས་ཡོངས་ནས་སྔོག་འདོན་དང་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། ད་ལྟའི་བར་དུ་དགོན་པའི་སྤྱིའི་ཆགས་དབྱིབས་དང་གླིང་བར། ལྡེབ་རིས་ཡོད་པའི་ལྷ་ཁང་། རྫ་ཆས་དང་རྡོ་ལས་བཟོས་པའི་སངས་རྒྱས་ཀྱི་སྐུ་འདྲ་སྣ་ཚོགས་ཐོན་ཡོད་པ་མ་ཟད་དགོན་པའི་ཁྱམས་ར་ན་སྔོན་རྨིད་བཞི་ནས་ལྔ་ཙམ་ལྡན་པའི་མཆོད་རྟེན་ཞིག་བཞེངས་ཡོད་པ་གསལ་བོར་ཤེས་ཐུབ།

 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526237
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།