རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོ​གས་ཆེན་མོ་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་སྐབས་དང་བོ་མདོ་སྨད་གཅན་ཚ་རྫོང་དུ་འཚོགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོ​གས་ཆེན་མོ་གཡང་མདའ་རྟགས་མའི་དྲག་ར
རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོ​གས་ཆེན་མོ་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་སྐབས་དང་བོ་མདོ་སྨད་གཅན་ཚ་རྫོང་དུ་འཚོགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-17ལྟ་ཀློག (5466)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཆེན་མོ་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་སྐབས་དང་བོ་མདོ་སྨད་གཅན་ཚ་རྫོང་དུ་འཚོགས་པ།

2017ལོའི་སྤྱི་ཟླ9ཚེས16ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་བོ་ནས་འགོ་བརྩམས་ཏེ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་སྐབས་དང་བོ་མདོ་སྨད་གཅན་ཚ་རྫོང་གི་ལུས་རྩལ་ཐང་ཆེན་དུ་བསྡུས།

འདི་ནི་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། གཅན་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་།གངས་ལྗོངས་ལུས་རྩལ་ལུས་སྦྱོང་སྤྲོ་སྐྱིད་ཚད་ཡོད་ཀུང་སི་བཅས་མཉམ་འབྲེལ་བྱས་ནས་སྒྲུབ་པའི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཆེན་མོ་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་སྐབས་དང་བོ་ཡིན།  འགྲན་བསྡུར་གྱི་བརྗོད་བྱ་ནི་དྲག་རྩལ་གྱི་སྙིང་སྟོབས་མཆོག་ཏུ་བཀུར་བ་ཞེས་པ་ཡིན་ལ། ཐེངས་འདིར་ཀྲུང་གོ་དང་ཨ་མེ་རུ་ཀ  ཨུ་རུ་སུ།   དབྱི་རག  བོའུ་ཁུ་ལན་སོགས་རྒྱལ་ཁབ6ནས་ཡོང་བའི་རྒྱལ་སྤྱིའི་དྲག་རྩལ་པ་24འགྲན་བསྡུར་ནང་ཞུགས་ཤིང་།རྒྱལ་སྤྱིའི་དྲག་རྩལ་གྱི་འགྲན་རྩོད་སྒྲིག་ལམ་ལྟར། སྤྱི་རྒྱ52དང་། སྤྱི་རྒྱ60། སྤྱི་རྒྱ67། སྤྱི་རྒྱ65། སྤྱི་རྒྱ70བཅས་རིམ་པ་བཅུ་གཉིས་སུ་དབྱེ་སྟེ་སོ་སོར་འགྲན་བསྡུར་བྱས་ཏེ་ཀྲུང་གོའི་འགྲན་རྩོད་པ་སུང་ལ་ཆིས་དང་། ཁ་ཆེ་དྲག་རྩལ་པ་ཀྲུང་ཙི་ཆིང་།  ཀྲུང་གོའི་དྲག་རྩལ་པ་བོའུ་ལན་སུང་།  ཀྲིན་སུའུ་ཙི། ཆོ་ཧྥུན། ཀོ་བུན་ཐེ། ལུག་ཐེན་ཅུན།    བོད་རིགས་དྲག་རྩལ་པ་བཀྲ་ཤིས་ཚེ་དབང་། ཐེ་ལན་ཀྲིའི་དྲག་རྩལ་པ་ལན་ཆུར། དབྱི་རག་གི་དྲག་རྩལ་བ་ལེས་མིན། ཀྲུང་གོའི་དྲག་རྩལ་བ་ལུས་པེ་ཡུན། ཨུ་ལོ་སུའི་དྲག་རྩལ་བ་མ་ཁུ་ཞིས་མོ་བཅས་མི་གྲངས་བཅུ་གཉིས་ལ་ཐེངས་འདིའི་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ།

 རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཆེན་མོ་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་སྐབས་དང་བོ་དངོས་སུ་འགོ་བརྩམས་པ།

འགྲན་ཞུགས་པ་རྣམས་ཀྱིས་སྟ་གོན་བྱེད་ཀྱིན་པ།

རྒྱལ་ཕམ་རྩོད་པ།

འགྲན་ཐེངས་དང་བོ།

འགྲན་ཐེངས་གཉིས་པ།

འགྲན་ཐེངས་གསུམ་པ།

རྨ་ལྷོ་ཁུལ་གྱི་ཧྲུའུ་ཅུའུ་ལིན་དཔལ་ལྡན་གྱིས་བྱ་དགའ་གནང་བ།



འགྲན་རྩོད་ལས་རྒྱལ་ཁ་ཐོབ་པ།

འགྲན་རྩོད་ལས་རྒྱལ་ཁ་ཐོབ་པ།

གཅན་ཚ་རྫོང་གི་རྒྱུན་ལས་རྫོང་དཔོན་ཀྲང་ལིས་ཀྱིས་བྱ་དགའ་གནང་བཞིན་པ།


དྲག་རྩལ་བ་སངས་རྒྱས་དོན་འགྲུབ་དང་མེ་ལོང་རྩོམ་སྒྲིག་པ་རོང་ཚང་ཀླུ་རྒྱལ་གཉིས་ཀྱིས་བྱ་དགའ་གནང་བཞིན་པ།

ཤན་འབྱེད་པའི་དཔུང་སྡེ།

མཇུག་མཐའི་རྒྱལ་ཁ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོ​གས་ཆེན་མོ་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་སྐབས་དང་བོ་མདོ་སྨད་གཅན་ཚ་རྫོང་དུ་འཚོགས་པ།   སྤེལ་མཁན།: ཁ་བའི་རྒྱལ་མཚན སྤེལ་དུས:2017/9/17
གངས་ལྗོངས་དྲག་རྩལ་གྱི་འཕྲིན་ལས་གོང་དུ་འཕེལ་ཞིང་རྒྱས་པར་ཤོག།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23528656
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།