༢༠༡༧ལོའི་སློབ་མ་གསར་བསྡུའི་སྐོར་གྱི་གསར་འགྱུར་ཚ་ཤོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཞུགས་མིང་ཐོ། »༢༠༡༧ལོའི་སློབ་མ་གསར་བསྡུའི་སྐོར་གྱི་གསར་འགྱུར་ཚ་ཤོས།
༢༠༡༧ལོའི་སློབ་མ་གསར་བསྡུའི་སྐོར་གྱི་གསར་འགྱུར་ཚ་ཤོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-09ལྟ་ཀློག (22603)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླིང་གསར་འགྱུར།


       ༢༠༡༧ལོའི་སྤྱི་ཟླ་༩ཚེས་༧ཉིན་ནས་བཟུང་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལས་མི་ཡོངས་ཀྱིས་ད་ལོར་ཕྱོགས་སོ་སོ་ནས་སླེབས་པའི་རྒྱུགས་ཞུགས་སློབ་མ་རྣམས་ལ་མིང་ཐོ་བཀོད་པ་དང་རྒྱུགས་ར་བཀོད་སྒྲིག་བྱས་པ།   རྒྱུགས་ཤོག་ལ་ལྟ་བ་སོགས་བྱས་ནས་རྒྱུགས་འབྲས་སྤྱི་བསྡོམས་བྱས་ཏེ་ཁྱབ་བསྒྲགས་གནང་བ།    སློབ་གླིང་ལ་རྒྱུགས་འཕྲོད་པའི་སློབ་མ་རྣམས་ལ་འཛིན་གྲྭ་བགོ་བ་སོགས་ཉིན་གསུམ་གྱི་རིང་ལ་འབད་བརྩོན་ལྷོད་མེད་ཀྱིས་ཐག་ཉེ་རིང་ཀུན་ནས་རེ་བ་ཆེན་པོའི་ངང་ངེད་སློབ་གླིང་ལ་ཡོང་བའི་གསར་ཞུགས་སློབ་མ་རྣམས་བསྡུ་ལེན་གནང་ཅི་ཐུབ་བྱས།   རི་ཆུ་མང་བོ་བརྒལ་ཏེ་ས་ཕྱོགས་སོ་སོ་ནས་ཕེབས་པའི་ཁྱིམ་བདག་དང་སློབ་མ་བརྒྱ་ཕྲག་མང་བོ་ཉིན་འགའི་སྔོན་ནས་རྭ་རྒྱ་གྲོང་རྡལ་དུ་འབྱོར་ནས་མགྲོན་ཁང་སོགས་སུ་གླས་ཏེ་རེ་བ་ཆེན་པོས་ངང་སྒུག་བྱས་ཡོད།  ད་ལོར་ངེད་སློབ་གླིང་ལ་རྒྱུགས་ཞུགས་མིང་ཐོ་བཀོད་པའི་སློབ་མ་༡༢༠༠ལྷག་དང་།  དེའི་ཁྲོད་ནས་དངོས་སུ་རྒྱུགས་ལ་ཞུགས་པའི་སློབ་མ་༨༥༠ལྷག་ཡོད་ཅིང་།  མཇུག་མཐར་མིང་ཐོའི་གོ་རིམ་དང་རྒྱུགས་འབྲས་དཔྱད་བསྡུར་ཞིབ་མོ་བྱས་པ་བརྒྱུད་ནས་གསར་ཞུགས་སློབ་མ་༣༥༤ལྷག་ངེད་སློབ་གླིང་ལ་དངོས་སུ་ཞུགས་ཐུབ་པ་བྱུང་།  ཐེངས་འདིའི་རྒྱུགས་ཞུགས་སློབ་མ་རྣམས་ནི་ལྷ་ས་དང་།  མངའ་རིས།  ཀོང་བོ། ཆབ་མདོ།  ཡི་གར།  ནང་སོག  མཚོ་སྔོན་གྱི་ཁུལ་དྲུག་དང་མཚོ་ཤར། ཀན་སུའུ་ཅོ་ནེ། ཐེ་བོ། གཙོས།  སི་ཁྲོན་གྱི་གསེར་རྟ། འབྲི་སྟོད། ཁམས་ཕྱོགས་སོགས་མདོ་དབུས་ཁམས་གསུམ་གཙོ་བྱས་པའི་ཡུལ་གྲུ་སོ་སོ་ནས་སླེབས་པ་དང་།   སློབ་གླིང་འདིའི་བྱེད་པོ་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་ཐེངས་འདིའི་གསར་ཞུགས་སློབ་མ་དང་ཁྱིམ་བདག་ཡོངས་ལ་བཀའ་སློབ་ལམ་སྟོན་ཟབ་མོ་གནང་ཞིང་།  ཁོང་གིས་གསུང་རྒྱུར། གཙོ་བོ་ཁྱིམ་བདག་རྣམས་ཀྱིས་རང་གི་བུ་ཕྲུག་བསྐྱང་བ་ལ་དམིགས་ཡུལ་བརྟན་པོ་དང་ཁ་ཕྱོགས་ཡག་པོ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེ་ཚུལ་དང་།  རང་གི་བུ་ཕྲུག་མི་ཇི་འདྲ་ཞིག་ཡོང་བར་ཕ་མ་རྣམས་ཀྱིས་ཁ་ཕྱོགས་ཡག་པོ་ཞིག་ཟིན་ཡོད་མེད་ལ་ཧ་ཅང་འབྲེལ་བ་ཡོད་པ་རེད།

      དེ་བས་ངེད་སློབ་གྲྭར་ཡོང་བ་ཞིག་ཡིན་ན་ཁྱིམ་བདག་རྣམས་ལ་ཁ་ཕྱོགས་དང་བསམ་བློ་ཡག་པོ་ཞིག་དགོས་རྒྱུ་དང་། འདིར་ཞུགས་པའི་སློབ་མ་རྣམས་ལའང་ཕུགས་བསམ་དང་དམ་བཅའ་བརྟན་པོ་ཞིག་ངེས་པར་དུ་ཡོད་དགོས་པ་རེད།  ང་ཚོའི་སློབ་གྲྭ་འདིར་གཙོ་བོ་བོད་རང་གི་རིག་གནས་ཆ་ཚང་ཞིག་ལེགས་པར་སྦྱངས་ནས་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་མི་སྤྱི་སེམས་ཅན་དང་།  བོད་རང་གི་བསམ་བློའི་འདུ་ཤེས་ཡོད་པ།    བསམ་བློ་དང་ཀུན་སྤྱོད་ཡག་པའི་མི་ཞིག་བསྐྱེད་བསྲིངས་བྱ་རྒྱུ་ནི་ང་ཚོའི་སློབ་གྲྭའི་ཁ་ཕྱོགས་དང་ང་ཚོའི་དམིགས་ཡུལ་གཙོ་བོ་ཡིན་པས་དེ་རིང་སློབ་གླིང་འདིར་ཡོང་བའི་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་དེ་ཡིད་ལ་གསལ་བོ་ཞིག་འཛིན་དགོས་རྒྱུ་རེད་ཅེས་སོགས་གསུངས།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་གསར་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ལ་བཀའ་སློབ་གནང་བ།

གསར་ཞུགས་སློབ་མར་མིང་ཐོ་འགོད་བཞིན་པ།

ཁྲ་རྒན་གླིང་དུ་གསར་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཐོ་འགོད་བྱེད་སར་འཚང་བ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་གསར་ཞུགས་སློབ་མ་དང་ཁྱིམ་བདག་ལ་སློབ་མ་བསྡུ་ལེན་སྐོར་གྱི་གསུང་བཤད་གནང་བ།

དགེ་རྒན་བ་རྡོ་ལགས་ཀྱིས་སློབ་མའི་མཚན་ཐོ་གསལ་བསྒྲགས་བྱས་པ།

དགེ་རྒན་རྐང་ཚ་འཕྲིན་ལས་ཀྱིས་རྒྱུགས་རའི་གནས་ཚུལ་གསལ་བསྒྲགས་བྱེད་བཞིན་པ།

རྒྱུགས་ར་སོ་སོའི་རྒྱུགས་ཞུགས་པའི་སློབ་མ།

རྒྱུགས་ར་སོ་སོའི་རྒྱུགས་ཞུགས་པའི་སློབ་མ།

རྒྱུགས་ར་སོ་སོའི་རྒྱུགས་ཞུགས་པའི་སློབ་མ།

སློབ་མའི་རྒྱུགས་སྐར་ལ་དབྱེ་ཞིབ་བྱེད་ཀྱིན་པ།

སློབ་མའི་རྒྱུགས་སྐར་ལ་དབྱེ་ཞིབ་བྱེད་ཀྱིན་པ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་ཐེངས་འདིར་བསྡུ་ལེན་བྱས་ཟིན་པའི་སློབ་མ་དང་ཁྱིམ་བདག་ལ་ལམ་སྟོན་བསླབ་བྱ་གནང་བ།

ཡུལ་ངོས་ཀྱི་རྣམ་པ།

ཡུལ་ངོས་ཀྱི་རྣམ་པ།

ཡུལ་ངོས་ཀྱི་རྣམ་པ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། db3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ༢༠༡༧ལོའི་སློབ་མ་གསར་བསྡུའི་སྐོར་གྱི་གསར་འགྱུར་ཚ་ཤོས།   སྤེལ་མཁན།: བློ་གསལ། སྤེལ་དུས:2017/9/9
ཁྱེད་ཚོ་ངོ་མ་བཀའ་ད྄ིན་ཆེ
  ༢༠༡༧ལོའི་སློབ་མ་གསར་བསྡུའི་སྐོར་གྱི་གསར་འགྱུར་ཚ་ཤོས།   སྤེལ་མཁན།: བློ་གསལ། སྤེལ་དུས:2017/9/9
ཁྱེད་ཚོ་ངོ་མ་བཀའ་ད྄ིན་ཆེ
  ༢༠༡༧ལོའི་སློབ་མ་གསར་བསྡུའི་སྐོར་གྱི་གསར་འགྱུར་ཚ་ཤོས།   སྤེལ་མཁན།: བློ་གསལ། སྤེལ་དུས:2017/9/9
ཁྱེད་ཚོ་ངོ་མ་བཀའ་ད྄ིན་ཆེ
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23522656
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།