རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསལ་བཤད་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསལ་བཤད་གནང་བ།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསལ་བཤད་གནང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-09-06ལྟ་ཀློག (5285)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསལ་བཤད་གནང་བ།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་མའི་ཟ་ཁང་གི་ལས་གཞི་འདི་ནི་༢༠༡༧ལོའི་ཐུན་ཞོན་༩༩སྤྱི་ཕན་གྱི་བྱ་འགུལ་ལས་གཞིའི་ནང་དུ་འདེམས་ཐོན་བྱུང་བའི་གནས་ཚུལ་གསལ་བསྒྲགས།

    ཐིན་ཞོན་༩༩སྤྱི་ཕན་གྱི་བྱ་འགུལ་ནི་བརྡ་འཕྲིན་དུས་རབས་སུ་ཁྲིམས་མཐུན་ལུགས་མཐུན་ངང་རང་རང་གི་འདོད་མོས་ལྟར་རིག་གནས་དང་སློབ་གསོ།  ཁོར་ཡུག་སྲུང་སྐྱོབ།  དབུལ་སྐྱོར་སོགས་རྣམ་དཀར་དགེ་བའི་ལས་ལ་སྤྱི་ཚོགས་ཡོངས་ནས་མཉམ་ཞུགས་དང་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་གསར་བ་དང་གོ་སྐབས་བཟང་བོ་ཞིག་ཡིན་པ་ལས་མགོ་སྐོར་གཏོང་བ་དང་བཙན་ཁྲལ་ལེན་ལྟ་བུ་གཏན་ནས་མིན།  འོན་ཀྱང་སྤྱི་ཕན་གྱི་བྱ་བའི་ཁྲོད་དུ་ཞུགས་མ་མྱོང་མཁན་དང་ཁྱད་པར་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ཆེས་ཆེ་བའི་ཐིན་ཞོན་༩༩སྤྱི་ཕན་གྱི་ལས་གཞི་ལ་རྒྱུས་མངའ་མེད་པའི་མི་ལ་ལ་ཞིག་གིས་ལས་གཞི་འདི་རྫུན་མ་ཡིན་རབས་དང་སློབ་གསོ་ལ་ཁ་གཡར་ནས་མགོ་སྐོར་གཏོང་བ་རེད་ཅེས་བཤད་ཀྱིན་ཡོད་པས་ངས་འདིར་གསལ་བཤད་ཉུང་ངུ་ཞིག་བྱེད་འདོད་སྐྱེས།  

     བྱ་འགུལ་འདི་ནི་ཀྲུང་གོ་དམངས་སྲིད་སྤྱི་ཚོགས་རྩ་འཛུགས་དོ་དམ་ལས་ཁུངས་ཀྱིས་ཀྲུང་གོའི་དགེ་ལས་བཅའ་ཁྲིམས་ལྟར་ཆོག་མཆན་དང་དོ་དམ་བྱེད་བཞིན་ཡོད་པར་མ་ཟད།  ཀྲུང་གོ་དམངས་སྲིད་སྤྱི་ཚོགས་རྩ་འཛུགས་དོ་དམ་ལས་ཁུངས་ཀྱི་འགོ་བ་ཨན་ཉིན་གྱིས་ཀྲུང་ཧྭ་དགེ་ལས་ཀྱི་ཉིན་མོ་སྟེ་སྤྱི་ཟླ་དགུ་བའི་ཚེས་ལྔ་ཉིན་བཤད་རྒྱུར།  བྱ་འགུལ་འདི་ནི་དྲ་རྒྱའི་ནུས་ཤུགས་ལ་བརྟེན་ནས་སྤྱི་ཕན་དགེ་ལས་ཀྱི་བྱ་བ་རྒྱ་ཆེན་དུ་འགྲོ་བ་དང་ཀྲུང་གོའི་དྲ་འབྲེལ་གྱི་གར་སྟེགས་འདི་བརྒྱུད་ནས་ཀྲུང་གོའི་དགེ་ལས་བཅའ་ཁྲིམས་ལག་བསྟར་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པས་ངས་འདིར་བསྟོད་བསྔགས་བྱས་པ་ཡིན་ཞེས་ཐིན་ཞོན་དྲ་རྒྱའི་སྟེང་དུ་དྲིལ་བསྒྲགས་བྱས་ཡོད།  

    ཀྲུང་དབྱང་དྲ་བའི་བརྡ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་སྤྱི་ཚོགས་བྱ་བའི་ལས་ཁུངས་ཀྱི་འགོ་གཙོ་ཀྲང་ཞོན་ཧུང་གིས་སྤྱི་ཟླ་དགུ་བའི་ཚེས་གསུམ་གྱི་ཉིན་ཐུན་ཞོན་༩༩སྤྱི་ཕན་ཉིན་མོ་ནི་དྲ་རྒྱའི་དུས་རབས་ཀྱི་སྤྱི་ཕན་སྡེ་ཁག་གི་ཆེས་ཤུགས་རྐྱེན་ཆེ་ཞིང་མཉམ་ཞུགས་རྒྱ་ཆེ་བའི་ཚོང་རྟགས་ཅན་གྱི་བྱ་འགུལ་ཞིག་ཡིན་ལ། དེ་ནི་ལོ་འདི་དག་གི་དྲ་རྒྱ་དང་སྤྱི་ཕན་བྱ་བ་གཉིས་མཉམ་ལས་ཆེས་ཟབ་ཤོས་དང་། དྲ་རྒྱའི་དུས་རབས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཀ་ཇེ་ཡང་དུ་བཏང་བ་ཞིག་ཡིན་ཞེས་གསལ་བསྒྲགས་བྱས།

    གཤམ་དུ་ཐེངས་འདིའི་བྱ་འགུལ་ལེགས་འགྲུབ་ཡོང་བ་དང་ལོ་རྗེས་མར་ཡང་བོད་པ་མང་བོ་ཞིག་ཐིན་ཞོན་༩༩སྤྱི་ཕན་གྱི་བྱ་འགུལ་རྣམ་གྲངས་ནང་དུ་འཛུལ་ཐུབ་ཕྱིར་བྱ་འགུལ་འདིའི་འགྲོ་སྟངས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད།  

    ཚང་མས་ཤེས་དགོས་པ་ཞིག་ནི་རྣམ་གྲངས་འདིའི་ནང་དུ་ཚུད་ཡོད་པ་དེ་གོམས་པ་དང་བོ་རེད།  ཁོ་ཚོའི་སྦྱིན་གཏོང་གི་ཆ་རྐྱེན་གཙོ་བོ་ནི་སྔོན་གྱི་སྲོལ་རྒྱུན་ལྟར་སློང་མཁན་ལ་སྟེར་བ་དང་སྦྱིན་བདག་ལ་འཕྲོད་འཛིན་ཡོད་པ་ཙམ་གྱིས་མི་ཆོག་པར་ཐོག་མར་ཚད་ལྡན་སྔོན་རྩིས་ལ་ཁྲིམས་མཐུན་གྱི་ཐེབས་རྩ་ཚོགས་པ་ཞིག་གིས་ལས་གཞི་ལ་རོགས་དངུལ་སྟེར་བར་ཁས་བླངས་པ།  གཉིས་པ་ཐིན་ཞོན་༩༩སྤྱི་ཕན་བྱ་འགུལ་གྱི་སྒྲིག་ལམ་སྣ་ཚོགས་དང་མཐུན་པ།  གསུམ་པ་ཀྲུང་དབྱང་དྲ་བའི་བརྡ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་སྤྱི་ཚོགས་བྱ་བའི་ལས་ཁུངས་ཀྱིས་ཐག་བཅད་པའི་དྲ་བའི་བརྡ་འཕྲིན་གྱི་དོ་དམ་སྒྲིག་གཞི་དང་མཐུན་ནས་ཐིན་ཞོན་དྲ་རྒྱར་བཀོད་པ་བཅས་ནི་རྣམ་གྲངས་སུ་ཚུད་པའི་རིམ་པ་དང་བོ་ཡིན།

     རིམ་པ་གཉིས་པ་ནི་སྦྱིན་པ་གཏོང་སྟངས་རེད།  ལོ་རེ་བཞིན་སྦྱིན་བྱའི་སྒོར་གྱི་གྲངས་ཀ་དང་མཐུན་སྦྱོར་རོགས་དངུལ་གྱི་མང་ཉུང་ལ་འགྱུར་བ་ཡོད་སྲིད།  ད་ལོའི་སྦྱིན་སྒོར་ལ་མཚོན་ན་དུང་ཕྱུར་དྲུག་རེད།  སྦྱིན་པ་གཏོང་བའི་གྲས་སུ་ཚུད་ཡོད་པའི་རྣམ་གྲངས་༦༧༠༠༠ཡོད།  དམངས་སྒོར་དུང་ཕྱིར་དྲུག་གཏོང་མཁན་ནི།  ཐིན་ཞོན་སྤྱི་ཕན་དགེ་ལས་ཐེབས་རྩ་ཚོགས་པའི་སྒོར་དུང་ཕྱུར་༢.༩༩༩༩དང་གཞན་པའི་ཁྲིམས་མཐུན་ལྷག་བསམ་ཅན་གྱི་དཔུང་རོགས་ཚོགས་པའི་སྒོར་དུང་ཕྱིར་༣.༠༩ཡིན།  ཁོ་ཚོའི་སྦྱིན་གཏོང་བྱེད་པའི་ཆ་རྐྱེན་གྱི་གཙོ་བོ་ནི་རྣམ་གྲངས་དེ་ལ་སྤྱི་ཚོགས་ཀྱི་ལྟ་ཚུལ་དང་རོགས་ཞུགས་མི་སྣ་ག་ཚོད་ཡོད་པ་དེ་ཡིན།   དེའི་རྒྱུ་མཚན་གྱིས་སྤྱི་ཚོགས་ཀྱི་རོགས་རམ་ལ་གཞིགས་ནས་སྦྱིན་པ་གཏོང་བ་ལས་སྤྱི་ཚོགས་ཀྱི་རོགས་འདེགས་མེད་པའི་རྣམ་གྲངས་ལ་སྦྱིན་པ་མི་གཏོང་།   དཔེར་ན་ང་ཚོ་ཤེས་རིག་གླིང་གི་ཐེངས་འདིའི་རྣམ་གྲངས་ལ་མཚོན་ན།  སྤྱི་ཟླ་དགུ་བའི་ཚེས་བདུན།  ཚེས་བརྒྱད། ཚེས་དགུ་གསུམ་གྱི་སྔ་དྲོའི་ཆུ་ཚོད་དགུ་ནས་བཟུང་ཕྱི་དྲོའི་ཆུ་ཚོད་བརྒྱད་ཀྱི་བར་ལ།  སྤྱི་ཚོགས་སྟེང་གི་མི་སྒེར་དང་ཁེ་ལས་སོགས་ཀྱིས་སློབ་གྲྭ་ལ་ཞལ་འདེབས་སྒོར་༡༠༠༠བྱས་ན་ཐིན་ཞོན་སྤྱི་ཕན་དགེ་ལས་ཐེབས་རྩ་ནས་མཐུན་སྦྱོར་རོགས་དངུལ་སྒོར་༡༠༠༠སྟེར་ལ།   ལྷག་བསམ་ཅན་གྱི་དཔུང་རོགས་ཚོགས་པས་ཡང་སྒོར་༡༠༠༠ནས་༡༥༠༠ཡས་མས་ཀྱི་མཐུན་སྦྱོར་རོགས་དངུལ་སྟེར།  དེ་ལྟར་བྱས་ན་ཁྱོད་ཀྱི་རོགས་དངུལ་སྒོར་གཅིག་དེ་སྒོར་གསུམ་མམ་སྒོར་གསུམ་དང་ཟུར་ལྔ་རུ་གྱུར་ནས་ངེད་སློབ་གླིང་ལ་དབང་བ་ཡིན།  

   གསལ་བཤད་བྱེད་དགོས་པ་ཞིག་ནི་ང་ཚོས་སློང་མོ་བྱས་ནས་ཁ་གསོ་དགོས་ན་ཆེས་ཡིད་སྐྱོ་བ་དང་ཡུན་མི་བརྟན་པའི་འཚོ་སྟངས་ཤིག་ཡིན་པ་ང་ཚོས་སྔ་མོ་ནས་གསལ་བོར་ཤེས་ཡོད།   ཡིན་ན་ཡང་ཀྲུང་གོ་རྒྱལ་ཁབ་ཀྱི་ཆེས་གཞི་རྒྱ་ཆེ་ཞིང་ཉིན་གསུམ་གྱི་རིང་ལ་དམངས་སྒོར་དུང་ཕྱུར་དྲུག་གི་སྦྱིན་པ་གཏོང་བའི་རྣམ་གྲངས་ཀྱི་གྲས་སུ་ཚུད་ཡོད་པས་དེ་ལ་དོ་སྣང་མི་བྱེད་པ་དང་བརྩོན་ལེན་གྱི་ནུས་པ་མེད་པར་འཐུས་ཤོར་དུ་སོང་ན་བོད་པ་ཚང་གི་སྐལ་ཆད་པ་ལས་ལེན་མཁན་མི་རིགས་གཞན་པ་དུང་ཕྱུར་མང་བོས་འཕྲོག་རྩོད་བྱེད་བཞིན་ཡོད།   དེའི་ཕྱིར་གནས་ཚུལ་འདི་དངོས་གནས་ཡིན་པ་གསལ་བསྒྲགས་བྱས་ཏེ་ཐེངས་འདིའི་བྱ་འགུལ་ཁྲོད་དུ་འབྲས་བུ་གཡར་དུ་ཟ་བ་ལོན་པ་དང་ང་ཚོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་ག་ཚོད་ཡོད་པར་རྒྱ་མ་ཞིག་ཀྱང་ཚད་པ་ཡིན།  ཁྱེད་ཀྱི་རྒྱབ་སྐྱོར་ནི་ང་ཚོ་ལ་གསོན་ཤུགས་རྒྱས་པའི་བདུད་རྩི་ཡིན་ལ་སྙིང་སྟོབས་འཕེལ་བའི་ངར་ཤུགས་ཡིན།  ཐུགས་རྗེ་ཆེ་ཡང་ཡང་ཞུ། 

༢༠༡༧ལོའི་སྤྱི་ཟླ་དགུ་བའི་ཚེས་དྲུག་ཉིན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ནས་གུས་ཕུལ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23540531
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།