དགེ་སློབ་སྟོང་ཕྲག་གིས་སློབ་དཔོན་ཐོན་མིའི་བཀའ་དྲིན་དྲན་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »དགེ་སློབ་སྟོང་ཕྲག་གིས་སློབ་དཔོན་ཐོན་མིའི་བཀའ་དྲིན་དྲན་ཚུལ།
དགེ་སློབ་སྟོང་ཕྲག་གིས་སློབ་དཔོན་ཐོན་མིའི་བཀའ་དྲིན་དྲན་ཚུལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-09-04ལྟ་ཀློག (4467)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་སློབ་སྟོང་ཕྲག་གིས་སློབ་དཔོན་ཐོན་མིའི་བཀའ་དྲིན་དྲན་ཚུལ།

རྒྱུས་ལོན་བྱས་པ་ལྟར་ན། 

     མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ངམ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་དུས་རྒྱུན་གཟའ་ཟླ་བའི་ཞོགས་པར་དགེ་སློབ་ཚང་མས་རྒྱལ་གླུ་གཏོང་ཞིང་རྒྱལ་དར་སྒྲེང་བཞིན་ཡོད་ལ།  ད་དུང་དགེ་སློབ་སྟོང་ཕྲག་མང་པོས་སློབ་གླིང་གི་ཐོན་མིའི་སྐུ་བརྙན་མདུན་ནས་ལག་ཟུང་ཐར་མོ་སྙིང་ཁར་སྦྱར་ཏེ་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་སྡོམ་ཚིག་གམ་དམ་བཅའ་དད་འདུན་གདུང་དབྱངས་ཀྱིས་སྐྱོར་པ་དེས་མི་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་ཡོད།


ཁོང་གི་སྐུ་བརྙན་མདུན་ནས་བཀའ་དྲིན་རྗེས་སུ་དྲན་པའི་སྡོམ་ཚིག་དམ་བཅའ་དབྱངས་ཀྱིས་སྐྱོར་བ་དེ་གཤམ་དུ་བཀོད་ཡོད།

ཚིག   ཐར་ཤུལ་བློ་བཟང་སྙན་གྲགས།

      སློབ་དཔོན་ལགས། ཐོན་མི།  ཁྱེད་ཀྱི་བཀའ་དྲིན་ནི་རི་རབ་ལས་དཔང་མཐོ་ལ། ཁྱེད་ཀྱི་མཛད་རྗེས་ནི་ཉི་ཟླ་ལས་མདངས་གསལ། ཁྱེད་ནི་བོད་གངས་ཅན་གྱི་དཔྲལ་བའི་མིག་དང་། ཁོང་གི་སྙིང་། འཚོ་བའི་སྲོག་ཤིང་གཅིག་པུ་ཡིན། ཁྱེད་མེད་ཀྱི་ན། ང་ཚོས་འཇིག་རྟེན་གྱི་ལྟད་མོ་མཐོང་མི་ཐུབ་ལ། ཁྱེད་མེད་ཀྱི་ན། ང་ཚོའི་འཚོ་བར་དོན་སྙིང་མེད། ཚེ་སྲོག་གི་མར་མེ་ཇི་ལྟར་འབར། དེ་བས། ང་ཚོས་ཀྱང་ཁྱེད་ཀྱི་མཛད་རྗེས་ཀྱི་རི་མོ་རེ་རེ་ལག་པས་སྐྱོར་ཏེ། ཤུལ་བཞག་རིན་བྲལ་གྱི་ནོར་བུ་རུམ་ལ་བཅུག་ནས། ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་། བཟོད་བསྲན་གྱི་སྡུག་རུས། རྨ་འབྲིའི་རྒྱུན་ལྟར་བསྲིངས་པའི་བརྩོན་པ། ད་དུང་ཁྱེད་ཀྱི་གཤིས་སུ་ཐིམ་པའི་ངོ་ཚ་དང་ཁྲེལ་གཞུང་། ང་ཚོར་བཅངས་པའི་ལྷད་མེད་ཀྱི་བརྩེ་བ། ཐག་པའི་སྡོམ་ལྟར་སྦྲེལ་བའི་མཐུན་སྒྲིལ་གྱི་ཕུགས་བསམ་བཅས་ནི། དེ་རིང་གི་རྒྱང་བཞུད་པ་སྟེ། ང་ཚོའི་རྒྱགས་ཕྱེ་ཡིན་ལ། སང་ཉིན་གྱི་ཁོ་ཚོའི་རེ་བའང་ཅིའི་ཕྱིར་མིན། སློབ་དཔོན་ལགས། ཐོན་མི། དྲིན་ཅན་གྱི་ཐོན་མི། དེ་རིང་ང་ཚོས། ཁྱེད་ཀྱི་མདུན་ནས་ལག་ཟུང་གི་ཐལ་མོ་སྙིང་གར་སྦྱར་ནས་ཁྱེད་ལྟར་མི་ཚེ་དོན་ལྡན་དུ་བྱ་བར་འབད་ངེས་ཡིན། བརྩོན་ངེས་ཡིན། དུས་ད་ལྟ་ནས་ཧུར་བརྩོན་བྱེད་ངེས་ཡིན།

སྨྲས་པ།

རི་རབ་ལྕིད་ཀྱིས་མི་ཐེག་ཅིང་། །

ནམ་མཁའི་མཐའ་ལ་ཤོང་མིན་པའི། །

སློབ་དཔོན་ཐོན་མིའི་བཀའ་དྲིན་ནི། །

སྟོང་གསུམ་ནོར་གྱིས་གཞལ་ནུས་མིན། །

 

འདི་ན་ཁྱེད་སྐུའི་གཟི་བྱིན་དེ། །

ཉི་ཟེར་ཕོག་པའི་པདྨོ་བཞིན། །

དགྱེས་པའི་འཛུམ་དང་བཞད་པའི་དབྱངས། །

ཀ་ཁའི་ངག་དང་ལྷན་ཅིག་སྡེབས། །

 

གང་གི་མཛད་རྣམ་ཉི་ཟླའི་ཆ། །

དབྱངས་གསལ་སྣང་བས་གསལ་བྱས་པ། །

གངས་ཅན་གཙུག་ལག་བྱེ་བའི་མཛོད། །

འཛིན་པའི་མང་ཐོས་ས་ཁྱབ་ཤོག །


གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།


ཐོན་མིའི་ཡིག་ཕུད།


སློབ་དཔོན་ཐོན་མི་རྒྱ་ཡིག་གིས་ངོ་སྤྲོད་བྱས་པ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502330
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།