རྭ་རྒྱ་ཤེས་རིག་སློབ་གླིང་གི་བྱང་ཤར་འགྲུལ་བཞུད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »རྭ་རྒྱ་ཤེས་རིག་སློབ་གླིང་གི་བྱང་ཤར་འགྲུལ་བཞུད།
རྭ་རྒྱ་ཤེས་རིག་སློབ་གླིང་གི་བྱང་ཤར་འགྲུལ་བཞུད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-09-02ལྟ་ཀློག (5302)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱང་ཤར་འགྲུལ་བཞུད།

    སྤྱི་ལོ༢༠༡༧ལོའི་སྤྱི་ཟླ་༨ཚེས་༢༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བཀའ་དྲིན་ཅན་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་སོགས་གཙོར་གྱུར་བའི་ང་ཚོ་དགེ་རྒན་དང་ལས་བཟོ་བ་མི་གྲངས་བཞི་བཅུར་ཉེ་བ་ཞིག་མཇལ་སྐོར་དུ་འགྲོ་རྒྱུའི་འཆར་གཞི་བཞིན་གནའ་མཁར་ཟི་ལིང་དུ་མཉམ་འཛོམས་བྱུང་།

     ཐེངས་འདིའི་འགྲུལ་བཞུད་ཀྱི་མཐུན་རྐྱེན་སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་ཁོང་གིས་ཡོངས་སུ་བཀའ་དྲིན་བསྐྱངས་པ་བཞིན་ཚེས་ཉེར་ལྔའི་ཐོ་རེངས་སྐབས་ཏེ་ཆུ་ཚོད་ལྔ་ཡས་མས་ཙམ་ལ་ཟི་ལིང་སྐུ་མགྲོན་ཆེན་མོའི་མདུན་དུ་འཛོམས་ཏེ་ཐེངས་འདིའི་ལྗོངས་རྒྱུའི་ཆེད་སྤྱོད་རླངས་འཁོར་ལ་བསྡད་ནས་ལན་ཀྲུ་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་ཤར་བསྐྱོད་བྱས།


       ཐེངས་འདིར་ང་ཚོ་མཇལ་སྐོར་དུ་འགྲོ་ཡུལ་ནི་བོད་བྱང་ཤར་མཐའ་མཚམས་ཀྱི་རྒྱུད་དུ་ཆགས་པའི་གནའ་བོའི་རྒྱ་བོད་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནའ་ཤུལ་གྲགས་ཅན་འགའ་གཙོ་བོར་གྱུར་བའི་ལོ་རྒྱུས་ཀྱི་དོན་སྙིང་ཟབ་པའི་ས་གནས་གལ་ཆེན་འགའ་ལ་མཇལ་སྐོར་དང་འབྲེལ་རྒྱུས་ལོན་དང་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པས་ཐེངས་འདིའི་མཇལ་སྐོར་ལ་འཆར་གཞི་དང་གོ་སྒྲིག་སྣེ་ཁྲིད་གཙོ་བོ་གནང་བའི་རྒན་གཟུངས་མོ་སྐྱིད་དང་དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་ཐེངས་འདིའི་མཇལ་སྐོར་གྱི་ལམ་ཐིག་དཔེ་རིས་དང་དེའི་ཕྱོགས་ཀྱི་ལོ་རྒྱུས་དང་རྒྱུ་ཆ་བསྡུ་རུབ་བྱས་པ་དག་ང་ཚོར་མཁོ་སྤྲོད་གནང་བར་མ་ཟད། ཐེངས་འདིའི་མཇལ་སྐོར་གྱི་འཆར་གཞི་དང་ལམ་ཐིག་རགས་ཙམ་ངོ་སྤྲོད་གནང་ཞིང་།  ང་ཚོ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བརྒྱུད་ནས་ལང་ཇུ་སྡེ་བཞི་དང་།  ནང་བའི་ལོ་ཙཱ་བ་གྲགས་ཅན་རིག་འཛིན་ཀུ་མ་ར་ཤྲིའི་དགོན་པ་དང་།   མཱ་ཐེལ་དགོན་ནམ་རྟ་རྨིག་དགོན།   གྲུབ་ཆེན་བརྒྱད་ཅུའི་སྒྲུབ་གནས། གྲུབ་ཆེན་ཨ་ཝ་ངྷི་ཏིས་ཞལ་འདེབས་གནང་བར་གྲགས་པའི་དགོན་ཞོལ་མ།  འཕགས་མཆོག་ཀུན་འདུས་ལྷ་ཁང་།  མདུང་ནག་འཇམ་དབྱངས་རང་བྱོན།  ཅ་ཡེས་འགག་སྒོའི་ལྕགས་རི།    ཏུན་ཧོང་བྲག་ཕུག    ལོ་ཆེན་བཻ་རོ་ཙ་ནའི་བྲག་བརྐོས་ཡིག་གཟུགས་སོགས་ལོ་རྒྱུས་སྟེང་གྲགས་ཆེ་བའི་གནའ་བོའི་དགོན་རྙིང་དང་གནའ་ཤུལ་བཅུ་ཕྲག་འགའ་ལ་ཉིན་དྲུག་ལྷག་རིང་བེད་སྤྱད་ནས་དགེ་རྒན་རྣམ་པའི་གནས་བཤད་དང་།  ཡིག་ཚང་འཚོལ་ཞིབ། ཡུལ་ངོས་རྒྱུས་ལོན། ཀུན་གྱི་དཔྱད་སྡུར་སོགས་བརྒྱུད་ནས་ཐེངས་འདིར་མཇལ་སྐོར་དང་ལྟ་སྐོར།  ལོ་རྒྱུས་འཚོལ་ཞིབ་སོགས་གཅིག་ལྕོགས་སུ་གྲུབ་པར་བྱས་ཡོད།

     གང་དུ་སླེབས་ཀྱང་ཐོན་མིའི་དཔུང་རྡང་གི་དམ་ཚིག་མ་འགྱུར་བའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་མང་བོ་ཞིག་གིས་དུས་ལྟར་མཐུན་རྐྱེན་བླ་ལྷག་སྦྱར་ལ་ལྷག་ཏུ་ཐེངས་འདིར་སུའུ་ནན་བཀྲ་ཤིས་བཟང་བོ་དང་ཨ་རིག་མཐར་ཕྱིན་སློབ་མ་ཚོས་རོགས་འདེགས་རྒྱ་ཆེན་བྱས་པར་བཀའ་དྲིན་ཞུ་བ་དང་། དགེ་རྒན་དང་ལས་བཟོ་བ་ཡོངས་རྨ་ནུབ་ཁྱམས་རིང་འགྲིམས་པའི་ཡུལ་ངོས་ལྗོངས་རྒྱུ་མཇུག་བདེ་བླག་ངང་རྫོགས་པས་འཚོལ་ཞིབ་དང་རྒྱུས་ལོན་ཞིབ་མོ་ནི་དགེ་རྒན་རྣམ་པས་རིམ་བཞིན་བྲིས་ཡོང་བས་དེ་དུས་མཇལ་ཆོག་ལ་རེ་འགའ་དགེན་རྣམ་པའི་སྐད་འཕྲིན་རྒྱབ་ལོགས་སུའང་མང་བོ་བཀོད་འདུག་པ་ལ་གཟིགས་འཚལ།



འཇམ་མགོན་ས་པཎ་མཆོག་གི་སྐུ་གདུང་མཆོད་རྟེན་མདུན་དུ།

ནུབ་པདྨོའི་སྡེའི་རིི་འདབས་དགོན་དུ།


ལིང་ཇུ་སྡེ་བཞི་ལས་ནུབ་པདྨོའི་སྡེའི་རི་རྩེར་བསྐྱོད་པ།


རྟ་རྨིག་དགོན་ནས་ཨ་རིག་མཐར་ཕྱིན་སློབ་མ་དང་དགེ་སློབ་ལྷན་འཛོམས།

མདུང་ནག་འཇམ་དབྱངས་དགོན་པའི་མདུན་གྱི་མཉམ་པར།

བོད་ཀྱི་ཆོས་རིག་གི་གཏེར་མཛོད་ཏུན་ཧོང་ངམ་སྟོན་ཁང་ནས་མཉམ་པར་བསྐྱོན་པ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532278
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།