ཡ་གླིང་གི་ཚབ་མཚོན་གཅིག་པུར་གྱུར་པའི་བོད་ཀྱི་གླུ་མ་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཡ་གླིང་གི་ཚབ་མཚོན་གཅིག་པུར་གྱུར་པའི་བོད་ཀྱི་གླུ་མ་ཞིག
ཡ་གླིང་གི་ཚབ་མཚོན་གཅིག་པུར་གྱུར་པའི་བོད་ཀྱི་གླུ་མ་ཞིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-08-20ལྟ་ཀློག (6258)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡ་གླིང་གི་ཚབ་མཚོན་གཅིག་པུར་གྱུར་པའི་བོད་ཀྱི་གླུ་མ།

     ཉིས་སྟོང་བཅོ་ལྔ་ལོའི་“ཀྲུང་གོའི་སྙན་དབྱངས”(中国好声音)སུ་ཁོང་གིས་དཔྱད་འདེམས་དགེ་རྒན་དང་ཀྲུང་དབྱང་གླུ་གར་བརྙན་སྟེགས་ཀྱི་སྤྱིའི་འཁྲབ་ཁྲིད་པའི་ཐོབ་ཐང་ངོས་ནས་འགྲན་ཞུགས་སློབ་མ་ཞིག་ལ་“ཁྱོད་ཀྱིས་གླུ་ལེན་འགོ་རྩོམ་པ་དང་ངས་ཁྱོད་གྲངས་ཉུང་མི་རིགས་ཤིག་ཡིན་པ་ཤེས་སོང་། ང་ཚོ་གྲངས་ཉུང་མི་རིགས་ཚོར་རྒྱུ་འབྱོར་དང་མི་གྲངས་གཞན་ལས་དམན་ཡང་སྲིད་མོད། ཡིན་ནའང་ང་ཚོར་གཞན་ལས་འཕགས་པའི་སྐད་ངག་སྙན་མོ་ཞིག་ཡོད། དེ་ང་ཚོའི་ང་རྒྱལ་ཡིན”ཞེས་བཤད་དེ་སློབ་མ་དེ་ཐེངས་རྗེས་མའི་འགྲན་རར་ཞུགས་ཆོག་པའི་གློག་བརྡ་ཐད་ཀར་མནན།

     ལོ་དུ་མའི་སྔོན་དུ་ཁོང་རྒྱལ་ནང་གི་ཚ་རླབས་ཆེས་ཆེ་བའི་རོལ་རྩེད་ལེ་ཚན“དགའ་སྤྲོའི་སྒར་ཆེན”(快乐大本营)དུ་གདན་དྲངས། ལེ་ཚན་མཇུག་བསྡུ་ལ་ཉེ་བའི་སྐབས་སུ་མོས་ལོ་དེར་མོའི་མི་སྒེར་བྱམས་བརྩེ་ཚོགས་པ་བཙུགས་ཡོད་པ་དང་བྱམས་བརྩེ་ཚོགས་པའི་ལས་དོན་ཐོག་མ་རང་གི་ཕ་ཡུལ་གྱི་ཁྱིམ་ཚང་དབུལ་བོ་བརྒྱའི་ལོ་གཅིག་གི་ཟས་གོས་ཡོངས་སུ་འགན་ཨེ་ལོན་ལྟ་རྒྱུ་ཡིན་པ་བསྒྲགས།

     ཉིན་འགའི་སྔོན་དུ་གྲོགས་པོ་འགའ་དང་མོའི་སྐོར་ནས་ལབ་གླེང་བྱེད་སྐབས་གྲོགས་པོ་ཞིག་གིས་པེ་ཅིང་ནས་མོ་ནམ་ཞིག་ལ་མ་སྐྱེས་ཨ་མའི་ཟ་ཁང་གིས་མཚོན་པའི་གླུ་གར་ཁང་དང་ཆང་ཁང་གང་དུ་སོང་ཡང་དགོང་མོ་དེར་ངོ་ཤེས་མིན་དང་ཐོབ་ཆེ་ཆུང་མེད་པར་བོད་མི་ཚང་མའི་འགྲོ་སོང་མོ་གཅིག་པུས་འགན་འཁུར་འགྲོ་བར་བཤད་ལ་གྲོས་མོལ་ཚོགས་འདུ་ག་གེ་མོ་ལས་བོད་མི་རིགས་ཀྱི་སླད་དུ་ཅོག་ཙེར་ཁུ་ཚུར་བསྣུན་པའང་ཐེངས་གཅིག་གཉིས་མིན་རབས་བཤད།

     སྤྱི་ལོ་༢༠༡༧ལོའི་ཟླ་༦པའི་ཚེས་༡༡ཉིན་ལ་མོ་ཡ་གླིང་གི་ཚབ་བྱས་ཏེ་ཨ་རིའི་ཆེས་མཐོ་བའི་རིག་རྩལ་གཟེངས་རྟགས་ཐྲོ་ནི་གླུ་གར་གཟེངས་རྟགས་ཀྱི་མཛད་སྒོའི་སྟེང་དུ་གདན་དྲངས་ཤིང་ཐེངས་འདིའི་གཟེངས་རྟགས་བླངས། ཐྲོ་ནི་གཟེངས་རྟགས་ཀྱི་མིང་ཆ་ཚང་ལ་ཨན་ཐྲོན་ཐྲི་ཕུར་རེ་གཟེངས་རྟགས་ཟེར་ཞིང་ཨ་རིའི་ཟློས་གར་ཚོགས་པའི་གསར་སྤེལ་མི་སྣ་ཨན་ཐྲོན་ཐྲི་ཕུར་རེ་རྗེས་དྲན་བྱ་ཆེད་༡༩༤༧ལོའི་ཟླ་༤་ཚེས་༦ཉིན་འགོ་བཙུགས་པ་ཞིག་རེད། མོ་ལ་ཐྲོན་ནི་གཟེངས་རྟགས་ཐོབ་པའི་ཉིན་དེར་རྒྱལ་ནང་གི་པོད་འཕྲིན་གཞུང་ཕྱོགས་དྲྭ་སྟེགས་(微博官方网)དང་ཐིང་ཤུན་གཞུང་ཕྱོགས་སྤྱི་སྟེགས་(腾讯官方公号)སོགས་སུ་བསྒྲགས་པ་ལྟར་ན་མོ་ནི་མིག་སྔར་ཐྲོ་ནི་རིག་རྩལ་གཟེངས་རྟགས་སྟེང་གདན་དྲངས་པའི་ཡ་གླིང་གི་ཆེས་ཐོག་མའི་མི་སྣ་དང་ཀྲུང་གོས་ཐྲོ་ནི་གཟེངས་རྟགས་སུ་བཀོད་པའི་ཆེས་ཐོག་མའི་ཟིན་ཐོ་ཡང་ཡིན་པར་གྲགས། དེ་བས་མོས་ཀྲུང་གོ་དང་ཡ་གླིང་གི་ཚབ་བྱས་ཏེ་ཨ་རིའི་རིག་རྩལ་ལོ་རྒྱུས་ལ་ཞབས་རྗེས་ཐོག་མ་བཞག་གོ། །


    ལོ་འདི་དག་གི་རིང་ལ་མོར་ཐོབ་པའི་གཟེངས་རྟག་གྲངས་ལས་འདས་མོད། ཚབ་མཚོན་གྱི་གཟེངས་རྟགས་འགའ་ཞིག་བགྲང་ན།

    ༡༩༩༦ལོར་ཀྲུང་གོའི་གླུ་བ་ཕྱི་རྒྱལ་དུ་འགྲེམ་ཁའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་། ཀྲུང་དབྱང་རིག་གནས་ཅུའུ་ཡིས་སྤེལ་བའི་“ཁུང་མེང་སྲིང་”གསར་གཏོད་བྱ་དགའ་ཐོབ།

    ༡༩༩༩ལོར་འཛམ་གླིང་གི་ཆེས་ཁྱད་དུ་འཕགས་པའི་རྒྱ་སྐད་གླུ་བའི་གཟེངས་རྟགས་ཐོབ།

    ༢༠༠༢ལོར་རྒྱལ་ནང་གི་གླུ་གཞས་དྲྭ་སྟེགས་སོ་སོར་ཆེས་དགའ་བསུ་ཐོབ་པའི་གཟེངས་རྟགས་དང་CICIགླུ་བའི་མིང་ཐོ་ཡི་གཟེངས་རྟགས་ལེ་ཚན་ལྔ་ལས་གསུམ་མོས་བླངས། ལོ་དེ་གའི་ཆེས་སྙན་པའི་དབྱངས་རྟའི་གཟེངས་རྟགས་དང་། ཆེས་ལེགས་པའི་གླུ་བའི་གཟེངས་རྟགས། ཆེས་གསར་གཏོད་ཅན་གྱི་གླུ་བའི་གཟེངས་རྟགས་བཅས་ཀྱང་ཐོབ།

    ༢༠༡༡ལོར་ཀྲུང་དབྱང་བརྙན་སྟེགས་ཀྱིས་སྤེལ་བའི་ལོ་སར་དགོང་ཚོགས་ཀྱི་ཆེས་བཟང་བའི་ལེ་ཚན་གྱི་གཟེངས་རྟགས་ཐོབ།

    ༢༠༡༥ལོར་ང་གླུ་བ་ཡིན་(我是歌手)ཞེས་པའི་འགྲན་བསྡུར་སྐབས་གསུམ་པ་ལས་ཨང་དང་བོའི་གཟེངས་རྟགས་ཐོབ།

    ༢༠༡༦ལོར་ཧང་ཁང་གི་ཆེས་སྙན་པའི་དབྱངས་རྟ་བཅུའི་གཟེངས་རྟགས་ཐོབ།

       མོ་ནི་བོད་ལྗོངས་ཆབ་མདོ་ནས་སྐྱེས་པའི་བོད་ཀྱི་གླུ་མ་ཞིག་ཡིན་ལ། སྔ་རྗེས་སུ་སློབ་གནས་དང་ལས་གནས་མཐོན་པོ་དུ་མར་འགན་ཁུར་ཏེ་ད་ལྟ་ལས་གནས་ཚང་མ་མཚམས་བཞག་ནས་བྱམས་བརྩེའི་ལས་དོན་གཉེར་བཞིན་ཡོད། རྒྱ་མི་དག་གིས་མོས་མིང་ལ་ཧན་ཧུང་(韩红)དུ་འབོད་མོད་དོན་དུ་དབྱངས་ཅན་མ་ལྟ་བུའི་གླུ་མ་འདིའི་མིང་ལ་དབྱངས་ཅན་སྒྲོལ་མར་འབོད་དོ། །


ངེད་དྲ་བའི་གསར་འགོད་པ་རྒྱལ་ཚང་ཀརྨས་བསྒྱུར་འགོད་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཡ་གླིང་གི་ཚབ་མཚོན་གཅིག་པུར་གྱུར་པའི་བོད་ཀྱི་གླུ་མ་ཞིག   སྤེལ་མཁན།: ཇོ་ཇོ། སྤེལ་དུས:2017/8/20
རྒྱུ་འབྲས་མིག་ལྟར་བསྲུང་ཤིང་བདེན་པ་བླ་བཞིན་བཀུར་བའི་མི་བོ་ཆེས་མཆོག་ཅན་དག་ནི་ནམ་ཡང་སྤྱི་གཙིགས་ཀྱི་བཀུར་ས་བསྟེན་ས་དང་། མི་ཚེའི་ལམ་བུ་བདེ་བར་བསྟར་མཁན་གྱི་མིག་རྐྱེན་ཡག་ཤོས་དེའང་ཡིན་ནོ།།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23529640
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།