བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག
བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-08-16ལྟ་ཀློག (12573)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་ཤོར་བའི་སློབ་གྲོགས་ལྡོང་འཇམ་དཔལ་བསམ་གཏན་ལགས་ལ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མྱ་ངན་དང་རྗེས་དྲན་ཞུ།


མཚན།  ལྡོང་འཇམ་དཔལ་བསམ་གཏན།
༡༩༨༡ལོར་མགོ་ལོག་གཅིག་སྒྲིལ་དུ་སྐྱེས།
རྟེན། གྲྭ་པ།
བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ཚད་མ་རིག་པ་སོགས་སྦྱང་།
༢༠༠༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན།

ཕ་ཡུལ་དུ་ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོའི་བྱ་བ་གང་མང་བསྒྲུབས།


༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་དངོས་གཞི་རིམ་པར་སློབ་མཐར་ཕྱིན།

སྔ་གཞུག་ཏུ་སློབ་གསོར་དཀའ་ཁག་ཡོད་སའི་ས་གནས་དུ་མར་ཟླ་ཕོགས་མེད་པར་ཟབ་སྦྱོང་འཛིན་གྲྭ་ཐེངས་མང་བསྒྲུབས།

     ༢༠༡༥ལོ་ནས་ཁམས་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དུ་གསར་དུ་བཙུགས་པའི་གངས་ལྗོངས་ཤེས་རིག་མ་ཡུམ་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར་ཞིང་སློབ་སྟོན་ཁང་གི་གཙོ་འགན་ཁུར། གསར་དུ་ཚུགས་པའི་སློབ་གྲྭ་དེའི་སློབ་གསོའི་རྨང་བརྟན་པོ་ཡོང་ཆེད་སློབ་ཁྲིད་ཀྱི་ཞོར་ནས་སློབ་གྲྭའི་རྩ་འཛུགས་ལེགས་བཅོས་དང་སློབ་དེབ་བསྒྲིགས་པ་སོགས་ཀྱི་བྱ་བ་གང་མང་ཁུར་དུ་བཞེས། བོད་སྐད་ཡིག་གི་གནས་བབ་མི་བཟང་བའི་ས་གནས་དེ་སློབ་བུ་ཚོར་བོད་ཡིག་གཙོས་སློབ་དེབ་བཟང་བོ་ཆ་ཚང་བ་ཞིག་བསྒྲིག་ཕྱིར་ཁམས་ཕྱོགས། མགོ་ལོག རྭ་རྒྱ། ཟི་ལིང་སོགས་སུ་ངལ་གསོའི་དུས་ཚོད་མེད་པར་ཁོམ་སྐབས་ནམ་བྱུང་ལྟར་ཐེངས་མང་ཕེབས་ཤིང་།

       ༢༠༡༧ལོའི་ཟླ་བརྒྱད་པའི་ཚེས་༡༤ཉིན་སློབ་གྲྭའི་ཆེད་མངགས་རླངས་འཁོར་ལ་བསྡད་དེ་མགོ་ལོག་ཕྱོགས་སུ་སློབ་བུ་ཚོའི་སློབ་དེབ་ལེན་དུ་ཕེབས་པའི་ལམ་བར་དུ་སྟབས་མ་ལེགས་པར་རླངས་འཁོར་གྱི་དོན་རྐྱེན་ལས་ཁོང་གི་ཚེ་སྲོག་ཤོར་སོང་།

     སྤྱིར་ཁམས་ཕྱོགས་ཀྱི་སློབ་གྲྭ་དེར་ཕེབས་རྒྱུར་ཡུལ་མི་དག་དེ་འདྲའི་འཐད་པ་མེད་ཀྱང་ཁོས་ས་གནས་དེ་ནི་བོད་སྐད་ཡིག་གི་འཁོས་ཞན་ས་ཞིག་ཡིན་པས་དེར་བསྡད་ན་བོད་ཕྲུག་མང་བོ་ཞིག་ལ་ཕན་ཐོགས་ངེས་པས་མ་མཐའ་ཡང་འཛིན་གྲྭ་རིམ་པ་ཁག་ཅིག་མཐར་ཕྱིན་ནས་སློབ་གྲྭའི་སྒྲིག་གཞི་བརྟན་པོར་སོང་ན་མ་གཏོགས་ང་ཕྱིར་ཕ་ཡུལ་ལ་མི་ཡོང་ཞེས་བཤད།

ཁོང་གིས་དགེ་རྒན་གྱི་ཕྱག་ལས་གནང་སའི་ཁམས་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་གངས་ལྗོངས་ཤེས་རིག་མ་ཡུམ་སློབ་གླིང་།

མི་རིགས་སློབ་གསོར་སྐུ་སྲོག་ཤོར་བ་གང་ཉིད་ཀྱི་སློབ་གྲོགས་ཕྲན་རུ་མང་འཕྲིན་ལས་རྒྱ་མཚོས་༢༠༡༧.༨.༡༦ཉིན་གནས་ཚུལ་རྒྱུས་ལོན་བྱས་ཏེ་སྤེལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག   སྤེལ་མཁན།: རྭ་ཅོ་ནག་པོ། སྤེལ་དུས:2017/8/16
བོད་མི་རིགས་ཀྱི་དོན་དུ་ལས་དོན་བསྒྲུབས་མཁན་སུ་འདྲ་ཞིག་མེད་པར་ཆག་ནའང་མྱ་ངན་དང་ཕང་སེམས་ཚད་མེད་ཡོད། འོན་ཀྱང་མི་ཤི་སར་བཟང་ངན་གྱི་འདེམས་ཤོགས་འཕེན་ཡས་དང་བཟང་སྐར་དང་ངན་སྐར་དེ་འདྲ་ལ་གོ་བ་ལོན་མ་སོང་ལ་དེ་བས་དགའ་པོ་བྱུང་མ་སོང་།
  བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག   སྤེལ་མཁན།: གངས་རིའི་འབྲོང་རྒོད། སྤེལ་དུས:2017/8/16
མི་རིགས་ཀྱི་དཔའ་བོ་ངོ་མ་རེད། རླངས་འཁོར་དོན་རྐྱེན་འོག་འདས་ཤོར་བ་འགྱོད་པ་ཆེ། སྐུ་ཚེ་གང་དོན་ལྡན་དུ་བྱས་འདུག་པས་བཀའ་དྲིན་ཞུ།
  བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག   སྤེལ་མཁན།: མེ་ཏོག་མ སྤེལ་དུས:2017/8/16
རྗེས་དྲན་ཞུ།
  བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་ཤོར་བའི་ཚེ་སྲོག་ཅིག   སྤེལ་མཁན།: སློབ་གྲོགས་ཤིག སྤེལ་དུས:2017/8/16
ཁོང་ནི་ང་ལ་ཆ་རྒྱུས་དོག་ཙམ་ཡོད་པ་ཞིག་ཡིན་ཙང་། མིག་སྔར་ཁོང་གི་གཅེས་པའི་ཚེ་སྲོག་མི་རིགས་ཤིག་དང་སློབ་གསོའི་ཆེད་དུ་ཤོར་བར་མྱ་ངན་དང་རྗེས་དྲན་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23498939
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།