ལས་མི་བསྡུ་བའི་བརྡ་ཐོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བྱ་འགུལ་ངོ་སྤྲོད། »ལས་མི་བསྡུ་བའི་བརྡ་ཐོ།
ལས་མི་བསྡུ་བའི་བརྡ་ཐོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-08-13ལྟ་ཀློག (6450)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལས་མི་བསྡུ་བའི་བརྡ་ཐོ།

      ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་སྐུ་འབུམ་ཤམ་བྷ་ལ་ཡུལ་སྐོར་ས་ཚིགས་གསར་བ་རུ་༼བོད་པའི་ཟས་༽ཞེས་པའི་ཇ་ཁང་གསར་དུ་སྒོ་འབྱེད་བྱ་རྩིས་ཡོད། དེའི་ནང་དུ་ལས་མི་བུ་མོ་གཅིག་བསྡུ་ལེན་བྱ་རྒྱུ་ཡིན་པས་མོས་པ་ཡོད་མཁན་ཚོས་དོ་སྣང་བྱ་དགོས་པའི་ཆ་རྐྱེན་གཤམ་གསལ་ལྟར།

གཅིག   ལས་བཟོ་བའི་ཆ་རྐྱེན།

༡  ལོ་༡༨ ནས་༢༨ བར་ཡིན་དགོས།

༢ མཐོ་འབྲིང་དང་དམའ་འབྲིང་གི་རིག་གནས་ཆུ་ཚད་ཡོད་པ།

༣ དུས་ཚོད་ཀྱི་འདུ་ཤེས་ཡོད་པ་དང་སློབ་གསོ་ལ་དགའ་མོས་ཡོད་པ །

༤ ཇ་ཁང་དང་ཟ་ཁང་གི་ཞབས་ཞུ་བྱེད་མྱོང་བའམ་མགྲོན་པོར་སྣེ་ལེན་གྱི་ཉམས་མྱོང་ཡོད་པ །

༥ ལུས་ཕུང་བདེ་ཐང་ཡིན་པ་དང་སྨྲ་བརྗོད་དག་པ །

༦  ཀུན་སྤྱོད་གཙང་ཞིང་མགྲོན་པོར་གུས་བརྩི་ཡོད་པ །

༧ བྱ་བར་བློ་དཀར་ཞིང་ནན་ཏན་ཡིན་པ །

 གཉིས།  ལས་བཟོ་བའི་མཐུན་སྦྱོར་རིགས།

༡ ཐོག་མའི་ཟླ་གཅིག་ནི་ཚོད་ལྟའི་སྐབས་ཡིན་པས་ཟླ་ཕོགས་སྒོར་1500ལས་མེད ། ཟླ་རྗེས་མ་ནས་རིམ་བཞིན་གྲོས་ཀ་བྱས་ཏེ་ཐག་བཅད་ཆོག     

༢ ལས་བཟོ་བའི་ཉལ་ཁང་དང་ཟ་མ་ངེད་༼བོད་པའི་ཟས་༽ཇ་ཁང་གིས་འགན་འཁུར་རྒྱུ་ཡིན།

༣ ཇའི་རིགས་ཀྱི་བཟོ་རྩལ་ལ་ཐུན་མིན་གྱི་བྱང་ཆ་ཡོད་པ་ཡིན་ན་དམིགས་གསལ་སྟེར་རྒྱུ་ཡིན།

༤ གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡིན་ན་དམིགས་གསལ་སྟེར་རྒྱུ་ཡིན།

༥ ཟས་སྦྱོར་དང་གསོལ་ཇའི་རིགས་ཀྱི་བཟོ་རྩལ་ལ་བྱང་ཆ་མེད་ན་ངེད་༼བོད་པའི་ཟས་༽ཇ་ཁང་གིས་དུས་བཅད་ལྟར་རིན་མེད་གསབ་སྦྱོང་སྤྲོད་རྒྱུ་ཡིན།

གསུམ། མིང་ཐོ་འགོད་སྟངས།

      ཁ་པར་དང་འཕྲིན་ལམ་དུ་མིང་ཐོ་འགོད་སྐབས་རང་ཉིད་མཚམས་སྦྱོར་མདོར་བསྡུས་ཤིག་དང་ཁ་པར་ཨང་གྲངས། ཐོབ་དཔང་ཨང་གྲངས། སྡོད་གནས་སོགས་གསལ་བོ་བཤད་དགོས་པ་དང་མིང་ཐོ་དངོས་སུ་འགོད་སྐབས་རང་གི་ཉེ་པར་དང་ཐོབ་ཐང་དཔང་ཡིག་སོགས་དངོས་སུ་ཁྱེར་ཡོང་དགོས།

མིང་ཐོ་འགོད་པའི་དུས་ཡུན་སྤྱི་ཟླ་8ཚེས་13ནས་30་བར་ཡིན།

བཞི། མིང་ཐོ་འགོད་གནས།


འབྲེལ་གཏུག་བྱ་ཡུལ།

ཁཱ་ཤེས་རབ་རྒྱ་མཚོ། 15283703999  

འབའ་སྣང་གྲོལ།   18946885460



招聘启事

     陀弥校友会塔尔寺香巴拉“博贝赛”茶餐厅,拟招一位服务工作人员。

一、招聘要求:

1.年龄仅限18至35岁(女)之间;

2.不低于初高中学历;

3.要有惜时意识、能吃苦耐劳;

4.有相关工作经验者优先考虑;

5.身体健康且开朗;

6.尊重顾客且人品要好;

7.敬业、认真对待工作;

二、员工待遇:

1.试用期为一个月,试用期满后工资面议。

2.吃住由本店统一承担。

3.具备煮咖啡、奶茶技能者优先考虑。

4.草原女子学校毕业生优先考虑。

5.对不熟悉咖啡类的相关技能者,本店免费培训相关技能。

三、报名方式:

网上报名,应聘者请将本人简历、联系电话、身份证复印件、毕业证书复件和一寸照片一张发送至邮箱(826927487@qq.com)

报名时间:8月13日至8月30日截止。

四、联系方式:


卡·谢拉甲木措15283703999  巴·朗卓18946885460

སྐུ་འབུམ་ཤམ་བྷ་ལ་ཡུལ་སྐོར་ལྗོངས་རྒྱུའི་ས་ཚིགས་གསར་བ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། x2u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5914141
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号