买上帝的小男孩
  喜迎十二大 今天是 2024 4 25 星期四 收藏本站  设为首页 འདི་ནས་ང་དང་གླེང་མོལ་བྱ།
首页
学校简介
校园文化
教师风采
学生乐园
图书馆
人物专访
走进社会
招生就业
在线留言
导航 首页» 教学风采» 教师智库 »买上帝的小男孩
买上帝的小男孩
编辑者:  卡谢拉甲措 时间 2017-08-12浏览: (8087)来源: 本网站打印

2016年最感人文章《买上帝的小男孩》

ལྷ་དབང་ཉོ་བའི་བུ་ཆུང་།

དོན་གྲུབ་རྒྱལ་གྱིས་བསྒྱུར།

东主加|译
20世纪初的一天,在美国西部的一座小城,一个十岁左右的小男孩捏着一枚1美元的硬币,沿街一家一家商店地询问:“请问,您这儿有上帝卖吗?”店主要么说没有,要么认为他是在搞乱,不由分说就把他赶出了店门。

དུས་རབས་ཉི་ཤུ་བའི་དུས་མགོ་ཞིག་ལ། ཨ་རུའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཆུང་ངུ་ཞིག་ནས་བུ་ཆུང་ལོ་བཅུ་ཅན་ཞིག་གིས་ཨ་སྒོར་གཅིག་ལག་ཏུ་བཟུང་སྟེ་ཚོང་ཁང་རེ་རེའི་སྒོ་དྲུང་དུ་ཕྱིན་ཏེ་ཁྱེད་ཚང་ལ་ལྷ་དབང་བཙོང་རྒྱུ་ཡོད་དམ་ཞེས་དྲིས་ཙ་ན། ཚོང་བདག་ལ་ལས་མེད་ཅེས་བཤད་མོད་ཁ་ཤས་ཀྱིས་ཁོས་གཏོར་བརླག་བཟོ་བཞིན་འདུག་འདོད་ནས་དེ་འཕྲལ་ཚོང་ཁང་ནས་ཕྱིར་ཕུད།
   
天快黑时,小男孩顽强地向第69家商店的店主开了口:“请问,您这儿有上帝卖吗?”
ས་རུབ་ལ་ཉེ་ཡང་བུ་ཆུང་དེས་སླར་ཡང་ཚོང་བདག་ཅིག་ལ་ཉིན་དེའི་དྲི་བ་ཐེངས་རེ་དགུ་བ་སྟེ་སྔར་བཞིན་ལྷ་དབང་བཙོང་རྒྱུ་ཡོད་མེད་དྲིས།
老板是个60多岁,满头银发,慈眉善目的老头,他笑眯眯地问小男孩:“告诉我,孩子,你买上帝干吗?”
   
     ཚོང་བདག་དེ་ནི་སྐྲ་ལོ་དུང་ལྟར་དཀར་ཞིང་དགུང་ལོ་རེ་དགུར་སོན་པའི་བྱམས་བརྩེའི་ཉམས་དང་ལྡན་པའི་བགྲེས་པོ་ཞིག་ཡིན་ལ་ཁོང་གིས་འཛུམ་དང་བཅས་བུ་ཆུང་དེར། བུ་ཆུང་། ཁྱོད་ཀྱིས་ལྷ་དབང་ཉོ་རྒྱུ་ཡིན་ནམ་ཞེས་དྲིས།

     有人回应,小男孩激动地流出眼泪,对老板说,自己的父母很早就去世了,现在是叔叔养着他。叔叔在建筑工地工作,前不久从脚手架上摔了下来,至今昏迷不醒。医生说,只有上帝才能救他。小男孩想,上帝一定是种非常奇妙的东西。
   
     མཐར་ཐུག་རང་གི་དྲི་བར་ལན་འདེབས་མཁན་ཞིག་ཡོད་པས་བུ་ཆུང་སེམས་འགུལ་ཚད་མེད་ཐེབས་ཏེ་མིག་ཆུ་འབྱིད་ཞོར་དུ་རྒན་པོ་དེར་ཁོའི་ཕ་མ་གཉིས་ཆུང་དུས་ནས་བཞུད་ཅིང་ད་སྐབས་སྙིད་པོས་གཉོར་སྐྱོང་བྱེད་བཞིན་པའི་གནས་ཚུལ་བཤད། ཁོའི་སྙིད་པོས་འཛུགས་སྐྲུན་ལས་གནས་སུ་བྱ་བ་གཉེར་བཞིན་ཡོད་ཅིང་ཉིན་འགའི་སྔོན་ལ་སྐས་ཐོག་ནས་ལྷུང་སྟེ་ད་ལྟ་ད་དུང་སད་མེད་ཅིང་སྨན་པས་ལྷ་དབང་མ་གཏོགས་གཞན་སུས་ཀྱང་སྐྱོབ་མི་ཐུབ་ཅེས་བཤད་པས་བུ་ཆུང་འདིས་སེམས་སུ་ལྷ་དབང་ཞེས་པ་ནི་དངོས་པོ་ཁྱད་མཚར་བ་ཞིག་ཡིན་པར་འདོད།

“我把上帝买回来,让叔叔吃了,伤就会好。”听完小男孩的叙述,老板的眼圈也湿润了,问:“你有多少钱?”
 
     ངས་ལྷ་དབང་ཉོས་ནས་སྙིད་པོས་འཐུང་ན་ཁོའི་ནད་གཞི་སངས་དྲག་ཡོང་ངེས་ཅེས་བཤད།
བུ་ཆུང་འདིའི་སྐད་ཆར་ཉན་རྗེས་ཚོང་བདག་གི་མིག་མཐའ་མཆི་མས་བརླན་བཞིན་ཁྱོད་ལ་སྒོར་ག་ཚོད་ཡོད་ཅེས་དྲིས།
“1美元。”
“孩子,眼下上帝的价格正好是1美元。”
老板接过小男孩手中的硬币,从货架上拿了一瓶“上帝之吻”牌饮料,对小男孩说:“拿去吧,孩子,你叔叔喝了这瓶‘上帝’,就没事了。”
   
ཨ་སྒོར་གཅིག་ཡོད།
བུ་ཆུང་། ད་སྐབས་ལྷ་དབང་གི་རིན་གོང་ཏན་ཏན་ཨ་སྒོར་གཅིག་ཡིན། ཚོང་བདག་གིས་བུ་ཆུང་དེས་ལག་གི་སྒོར་ཚུར་བླངས་ཏེ་ཚོང་སྒྲོམ་ནས་༼ལྷ་དབང་གི་འོ་༽རྟགས་ཅན་གྱི་སྐོམ་ཆུ་ཞིག་བྱིས་པའི་ལག་ཏུ་འཇོག་བཞིན་འདི་འཁྱེར་དང་ཁྱོད་ཀྱི་སྙིད་པོས་ལྷ་དབང་འདི་འཐུང་ན་དྲག་བསྐྱེད་ཡོང་ངེས་ཞེས་བཤད།

小男孩喜出望外,紧紧将饮料抱在怀里,兴冲冲地奔赴医院。一进病房,他就开心地叫嚷道:“叔叔,我把上帝买回来了,你很快就会好起来!”
   
     བུ་ཆུང་དགའ་སྤྲོ་ཚད་མེད་ཀྱིས་བརྟས་ཤིང་སྐོམ་ཆུ་དེ་ལག་ཏུ་དམ་པོར་བཟུང་ནས་སྨན་ཁང་གི་ཕྱོགས་སུ་དགའ་སྤྲོས་རྒྱུགས། སྨན་ཁང་དུ་སླེབས་མ་ཐག་ཁོས་སྤྲོ་དགའ་དང་བཅས་སྙིད་པོ་ལགས། ངས་ལྷ་དབང་ཉོས་ཡོང་ད་ནི་ཁྱེད་མྱུར་དུ་སངས་དྲག་ཡོང་ངེས་ཞེས་འུར་བཤད་བྱས།

第二天,一个由世界上顶尖医学专家组成的医疗小组乘专机来到这个小城市,奔赴小男孩叔叔所在的医院,对小男孩的叔叔进行了联合会诊。很快,小男孩的叔叔就被救好。
     
     ཉིན་གཉིས་པར། འཛམ་གླིང་གི་སྨན་པ་ཆེད་མཁས་པ་རྩེ་གྲས་ཁག་གཅིག་གནམ་གྲུར་བསྡད་དེ་ཆེད་དུ་གྲོང་ཁྱེར་ཆུང་ཆུང་འདིར་སླེབས་ཏེ་བུ་ཆུང་གི་སྙིད་པོ་ཡོད་སའི་སྨན་ཁང་དུ་ཕེབས་ནས་མཉམ་དུ་ནད་ལ་བརྟགས་ཤིང་ཡུན་རིང་མ་འགོར་བར་ནད་པ་ཉེན་ཁ་ལས་བསྐྱབས།
    但当小男孩的叔叔出院时,看到天价的医疗费账单时,又差点昏过去。不过,远方很快就打消了他的疑虑,说有个叫邦迪的年长富翁已经帮他把钱付清了,联合医疗队也是邦迪花费重金找来的。
    ཡིན་ན་ཡང་ཁོ་རང་སྨན་ཁང་ནས་འབུད་སྐབས་སྨན་ཡོན་རྩིས་ཁྲའི་སྟེང་གི་ཨང་གྲངས་མཐོང་རྗེས་སླར་ཡང་དབང་བོ་ཤོར་ཙམ་བྱས་མོད་ཁོའི་སེམས་ཁྲལ་དེ་མུར་མེད་པར་བཟོས། མིང་ལ་པང་ཏེར་འབོད་པའི་ཕྱུག་བདག་བགྲེས་པོ་ཞིག་གིས་ཁོའི་སྨན་ཡོན་ཆ་ཚང་བྱིན་པ་མ་ཟད་སྨན་པ་ཆེད་མཁས་ཀྱང་ཁོས་ཡོན་སྦྱར་ཏེ་གདན་འདྲེན་བྱས་པར་བཤད།

后来,叔叔才知道,邦迪是一位亿万富翁,那家杂货店是邦迪的祖产,他没事就常来在此打发时光。

      དེའི་རྗེས་ནས་སྙིད་པོས་མིང་ལ་པང་ཏེ་ཞུ་བའི་མི་དེ་ནི་ཕྱུག་བདག་ཅིག་ཡིན་ཞིང་ཚོང་ཁང་ཆུང་ཆུང་དེ་ནི་ཁོང་ཚང་གི་མི་རབས་གོང་མའི་ཚོང་ཁང་ཞིག་ཡིན་པ་ད་གཟོད་ཤེས། པང་ཏེ་ཁོམ་ལོང་ཡོད་པའི་སྐབས་སུ་ནམ་རྒྱུན་ཚོང་ཁང་འདིར་ཡོང་སྟེ་རྣམ་གཡེང་བྱེད་བཞིན་ཡོད་པ་རེད།
   
小男孩的叔叔激动不已,立即和小男孩去杂货店感谢。店员告诉叔侄二人,老板已经出门旅游了,让他们无需挂怀,并将邦迪写的一封信给了小男孩的叔叔。
   
       བུ་ཆུང་གི་སྙིད་པོར་སེམས་འགུལ་ཚད་མེད་ཐེབས་པས་མྱུར་དུ་བུ་ཆུང་དང་ཁོང་གཉིས་ཚོང་ཁང་དེར་བཀའ་དྲིན་ཞུ་རུ་ཕྱིན་ཚེ་ཚོང་གཉེར་བ་ཞིག་གིས་ཚོང་བདག་གནས་གཞན་དུ་ལྗོངས་རྒྱུར་ཕེབས་ཤིང་པང་ཏེ་ཡི་རེ་བར་ཁྱོད་ཅག་གིས་དོན་དག་འདི་སེམས་སུ་འཛིན་མི་དགོས་ལུགས་ཁུ་དབོན་གཉིས་ལ་གསལ་བོར་བཤད་པ་མ་ཟད་ཁོང་གིས་བྲིས་པའི་འཕྲིན་ཡིག་ཅིག་ཡོད་པ་དེ་སྙིད་པོའི་ལག་ཏུ་བཞག
      小男孩的叔叔展开信:“年轻人,您不需要感谢我,所有的一切,您的侄儿都已经付清费用。我要说的是,您能有这个侄儿,实在是太幸运了。为了救您,他拿1美元到处购买上帝……感谢上帝,是他挽救了您的生命。但您一定要永远记住,真正的上帝,是人们的爱心!”

        སྙིད་པོས་འཕྲིན་ཡིག་གི་ཁ་ཕྱེས་ཏེ་མྱུར་དུ་ཐེངས་གཅིག་བཀླགས།    གཞོན་ནུ་ལགས། ཁྱེད་ཀྱིས་ང་ལ་བཀའ་དྲིན་ཞུ་མི་དགོས། ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ཀྱི་ཚ་བོས་རྩིས་སྤྲོད་བྱས་ཟིན། ངས་ཁྱེད་ལ་བཤད་འདོད་པ་ནི། ཁྱེད་ལ་ཚ་བོ་འདི་ལྟ་བུ་ཞིག་ཡོད་པ་ནི་ལས་བསོད་ཆེ་བ་ལ། ཁྱེད་རང་སྐྱོབ་པའི་ཆེད་དུ་ཁོས་ཨ་སྒོར་གཅིག་གིས་གང་སར་ལྷ་དབང་ཉོ་རུ་སོང་བ་རེད། ལྷ་དབང་ལ་བཀའ་དྲིན་ཞུ་འོས་ཏེ་ཁོང་གི་ཐུགས་རྗེ་དང་ནུས་མཐུ་ཡིས་ཁྱེད་རང་བསྐྱབས་པ་རེད། ཡིན་ན་ཡང་ནམ་ཞར་སེམས་ལ་འཛིན་དགོས་པ་ནི་དོན་དངོས་སུ་ལྷ་དབང་ངོ་མ་ནི་མིའི་རྒྱུད་ཀྱི་བྱམས་སེམས་རེད།

    故事并没有到此结束。后来,那个到处买上帝的小男孩长大后,考进了医学院,为了感谢曾经救过他叔叔的亿万富翁邦迪,也是为了帮助更多意外受到伤害的人,他发明了创可贴,并用邦迪的命名之,以便大家记住他的故事,将爱心传递下去。
    
      གཏམ་རྒྱུད་འདི་ལྟར་མཇུག་རྫོགས་པ་མ་ཡིན་ཏེ། རྗེས་ནས་ལྷ་དབང་ཉོ་མཁན་གྱི་བུ་ཆུང་ནར་སོན་རྗེས་གསོ་རིག་སློབ་གླིང་དུ་རྒྱུགས་འཕྲོད་ཅིང་རང་གི་སྙིད་པོའི་སྲོག་སྐྱོབ་ཀྱི་དྲིན་ཆེན་པང་ཏེ་ཡི་དྲིན་ལན་འཇལ་བའི་ཕྱིར་དང་། དེ་མིན་དོན་རྐྱེན་དང་ཆག་སྒོའི་གནོད་སྐྱོན་ཐེབས་མཁན་དག་ལ་རོགས་སྐྱོར་གྱི་ཆེད་དུ་ཁོས་རྨ་སྦྱོར་གསར་གཏོད་བྱས་ཤིང་མིང་ལ་ཡང་པང་ཏེ་ཞེས་བཏགས་ཏེ་ཁོང་གི་གཏམ་རྒྱུད་དང་བྱམས་སེམས་ཀུན་ལ་ཁྱབ་དུ་བཅུག

所以,我们一定要相信,这个世界是有奇迹存在的,而促使种种奇迹发生的最重要的因素,就是真挚的爱。有了真挚的爱,困难就会低头,奇迹就会发生,魔鬼就会逃逸!
   
      དེར་བརྟེན། ང་ཚོས་འཇིག་རྟེན་འདིར་ངོ་མཚར་བའི་བྱས་རྗེས་འཇོག་ཐུབ་པར་ཡིད་ཆེས་བྱེད་དགོས་ཤིང་། འདི་དང་འདི་འདྲ་བའི་མཛད་རྗེས་འཇོག་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་བརྩེ་བ་རེད། རྣམ་དག་གི་བརྩེ་བ་ཡོད་པས་དཀའ་ངལ་དང་གདོན་འཕྲུལ་གྱི་མགོ་བོ་གནོན་ཐུབ་པ་མ་ཟད་ངོ་མཚར་གྱི་མཛད་རྗེས་ཀྱང་འཇོག་ཐུབ་པོ།

责任管理员:卡谢拉甲木措
审核人员:学校领导小组
编辑人员:卡谢拉甲木措,巴弄照,索热,成立尼玛,旦切朋措 .

共享:
61.4K

  评论( 0 )个。
评论发表框
评论者 验证码 uc4i 请输入验证码!不能大于四个字!不能小于四个字!
输入内容! 不能小于三个字!不能大于三千字!
评论内容不能超过三千个字,已输字数      
 
目前没有人评论过!
浏览总数
23527326
 
联系方式:    电话:  15283703999    E-mail:QQ:3267109906
版权归吉美坚赞民族职业学校所有