མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐ
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-07-19ལྟ་ཀློག (5946)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།


                  སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༧ཚེས༡༧ཉིན་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་ཉིན་གཉིས་ཀྱི་རིང་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཐོག་ཏུ་ཧི་མ་ལ་ཡ་ཚད་ཡོད་མཐུན་གཉེར་ཁང་།  ཨ་མདོ་ཡུལ་སྐོར་མཐུན་གཉེར་ཁང་། ཚོ་ཤོག་གསར་བ།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མཐུན་གཉེར་ཁང་གི་འཐུས་ཚབ་པ་དང་ཁེ་ལས་པ་བརྒྱ་ཕྲག་ལྷག་མཉམ་དུ་འཛོམས་པར་མ་ཟད།  བོད་ཀྱི་རི་ཆུ་རིག་གནས་ཞིབ་འཇུག་པ་ཆེན་མོ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན།  བོད་ཀྱི་རྩོམ་པ་པོ་དང་ཁེ་ལས་བ་གྲགས་ཅན་སངས་རྒྱས་རྒྱ་མཚོ།  ཚོང་ལས་ཡར་སྐུལ་ཚོགས་པའི་དྲུང་ཡིག་ཆེན་མོ་དང་བོད་ཀྱི་མཛེས་བཟོ་འཆར་འགོད་པ་སྐུ་ཞབས་ཏུང་ལེན། རི་མོ་བ་གྲགས་ཅན་གསེར་བྲག་དོན་གྲུབ་ཚེ་བརྟན།  མཚོ་སྔོན་ཧྲིན་པོ་དཔའ་ཁེང་ཚོང་དོན་ཞབས་ཞུ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱིའི་འགན་འཛིན་པ་བཱང་ཞིན་ཉིན།  མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཁང་གི་ཁྲིམས་དཔོན་མཱ་ཀོས་ཁྲིན་བཅས་ཀྱིས་ཚོགས་འདུའི་དགོངས་དོན་དང་འབྲེལ་ནས་གཏམ་བཤད་གལ་ཆེན་གནང་ཞིང་།  ཚོགས་མི་སོ་སོས་ཀྱང་རང་རང་གི་བསམ་ཚུལ་ལྷུག་བརྗོད་གནང་སྟེ་གྲོས་ཀ་གཅིག་གྱུར་བྱས་ཤིང་།  ཟི་ལིང་གྲོང་ཁྱེར་དུ་བོད་ས་ཁུལ་གྱི་ཚད་མཐོའི་ཚོང་ར་ཆེན་མོ་ཞིག་གསར་འཛུགས་བྱ་རྒྱུར་གྲོས་ཐག་བཅད་མཐར་གྲ་སྒྲིག་ཚོ་ཆུང་ཞིག་གསར་འཛུགས་གནང་བ་བཅས་ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས་པ།

ལས་གཞི་མཉམ་འབྲེལ་གྱི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ།

ཚོགས་འདུའི་ཡུལ་དངོས་སུ་གཏམ་བཤད་ལ་ཉན་བཞིན་པ།

ཚོང་ར་ཆེན་མོ་གསར་འཛུགས་བྱ་ཡུལ་དུ་གཟིགས་ཞིབ་གནང་བ།

ཚོང་རའི་བཟོ་བསྐྲུན་ཇུས་འགོད་སྐོར་ངོ་སྤྲོད་གནང་བ།

ཉིན་གཉིས་པའི་ཚོགས་འདུ་ཨཱརྱ་རྒྱལ་སྤྱིའི་མགྲོན་ཁང་དུ་འཚོགས་པ།

ཚོང་ལས་ཡར་སྐུལ་ཚོགས་པའི་དྲུང་ཡིག་ཆེན་མོ་ཏུང་ལེན་ལགས་ཀྱིས་ཚོགས་འདུར་འགོ་འཛིན་གནང་བ།

ཚོགས་ཞུགས་པས་མཉམ་དུ་བསྐྱོན་པའི་འདྲ་པར།

ཐེངས་འདིར་ཚོང་ར་གསར་འཛུགས་བྱ་རྒྱུར་གྲོས་ཐག་བཅད་མཐར་གྲ་སྒྲིག་ཚོ་ཆུང་གསར་འཛུགས་གནང་བ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།   སྤེལ་མཁན།:  སྤེལ་དུས:2017/7/19
ལྟ་ཀློགས་གྲངས་ཀ་རྫུན་ནི་མ་རེད་་་ཁྱོད་རང་གིས་རྫུན་བཤད་པ་རེད་་་་འདི་དྲྭ་ཚུགས་སྤྱིའི་ལྟ་ཀློགས་རེད་དམ་ཡང་ན་གསར་འགྱུར་གཅིག་གི་ལྟ་ཀློགས་རེད་་་་་་མི་ཤེས་ན་རྒན་ན་དྲིས་་་་མི་རིག་ན་སྒང་བ་བུལ་་་ཟེས་པའི་དཔེ་ལས་མ་མཆིས་་་་
  མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།   སྤེལ་མཁན།: དཀོན་མཆོག་ཚེ་རིང་། སྤེལ་དུས:2017/7/19
ཧ་ཅང་གལ་ཆེ་བའི་དཀྱོགས་མཚམས།ཡིན་གཅིག་མིན་གཉིས་ཀྱིས་ལེགས་འགྲུབ་འབྱུང་དགོས།
  མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།   སྤེལ་མཁན།:  སྤེལ་དུས:2017/7/19
དང་པོར་འགོ་བརྩམས་ཤིང་།རྗེས་སུ་འཇུག་ལེགས་པོ་བསྐྱང་མ་ནུས་ཚེ། མི་མང་པོའི་བསོག་དངུལ་ཕོན་ཆེན་འཕྲོ་བརླག་ཏུ་འགྲོ་བས་དང་པོར་འགོ་བརྩམ་མཁན་དེ་ཚོས་སོ་སོའི་འགན་འཁྲི་ལེགས་པོ་ཐེག་དགོས་པ་གལ་ཆེན་པོ་ཡིན།
  མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།   སྤེལ་མཁན།: རྒོད སྤེལ་དུས:2017/7/19
འགོ་བརྩམ་མཁན་དེ་ཚོས་འགན་འཁྲི་ཐེག་དགོས
  མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་གཞི་མཉམ་འབྲེལ་མཐོ་རིམ་བགྲོ་གླེང་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་འཚོགས་པ།   སྤེལ་མཁན།: བདག སྤེལ་དུས:2017/7/19
ལྟ་ཀློག་གྲངས་ཀ་རྫུན་མ་དེ་རྒྱུན་དུ་མཐོང་།དེ་མི་ཡག རྫུན་དང་ལབ་བཤད་པ་འདྲ་བོ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23533606
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།