གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-06-27ལྟ་ཀློག (7029)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

   ཉིས་སྟོང་བཅུ་བདུན་ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་མཛད་སྒོ་སྤེལ། མཛད་སྒོའི་སྟེང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་། རྒན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་གཉིས་ཕེབས། རྣམ་པ་གཉིས་ཀྱིས་གསུང་རྒྱུར་ཁྱེད་ཚོ་ནི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ཟེར་བའི་བོད་ཀྱི་སློབ་གྲྭ་དེ་རེད། དེ་བས་རང་ཉིད་བོད་རིགས་ཤིག་ཡིན་པ་བརྗེད་ཉན་ནི་མ་རེད། ཁུ་ཚུར་གནམ་ལ་འཕྱར་བ་ཙམ་མ་ཡིན་པར། བོད་རང་ལ་ཡོད་པའི་ཕུན་སུམ་ཚོགས་པའི་རིག་གནས་དང་། རང་ཉིད་སྐྱིད་ཐབས་བདེ་ཐབས་ཙམ་པོ་བོའི་ཆེད་དུ་གཞན་ལ་འཚེ་བ་མི་བྱེད་པའི་བསམ་བློ་བཟང་བོ་དང་ཀུན་སྤྱོད་ཡག་པོ་ཞིག་ཡོད་པ་དེར་སྲུང་སྐྱོབས་བྱེད་དགོས། ཡོན་ཏན་སྦྱངས་ན་མི་གཤིས་དང་ཀུན་སྤྱོད་ཇེ་ཡག་ཏུ་འགྲོ་དགོས་པ་ལས་ཇེ་ངན་དུ་འགྲོ་མི་རུང་། ངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན་པའི་རང་གི་གྲོགས་པོ་རེ་འགར་ཁ་བརྡ་བྱས་མྱོང་ཁོ་ཚོས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚོར་བསམ་བློ་བཟང་ཞིང་གཡོ་སྒྱུས་མ་གོས་པའི་ལྷད་མེད་དང་། ཕ་མ་ལ་སྲི་ཞུ། དགེ་རྒན་དང་སློབ་མའི་བར་ལ་བརྩི་བཀུར་དང་མཐུན་སྒྲིལ་གཞན་དང་མི་མཚུངས་ཚུལ་མང་པོ་བཤད་ཡོང་། ང་ཚོའི་སེམས་སུ་ཡང་དགའ་བ་སྐྱེས་ཡོད། ཁྱེད་ཚོའི་བསམ་བློ་དང་ཀུན་སྤྱོད་ཡག་ན་བོད་མི་རིགས་དང་། སློབ་གྲྭ་འདིའི་བརྒྱན་ཡིན། དགེ་རྒན་འཇིགས་མེད་ཚང་གི་ཐུགས་དགོངས་ཀྱང་བསམ་བློ་དང་ཀུན་སྤྱོད་བཟང་བའི་སློབ་མ་སྐྱེད་བསྲིངས་བྱེད་རྒྱུ་དེ་ཡིན། ཁོང་གི་བཀའ་དྲིན་དྲན་ན་ཡང་བསམ་བློ་དང་ཀུན་སྤྱོད་ཡག་དགོས་ཞེས་ཚེ་ནོམ་བྱས་ཆོག་པའི་གསུང་བཤད་གནང་། མ་ཟད་མཐར་ཕྱིན་སློབ་མ་ཚོས་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་གྱེས་ཚིག་དང་དྲིན་བཟོའི་ཕྱག་རྟེན་དང་གླུ་གར་གྱི་མཆོད་པ་ཕུལ་བ་དང་དུས་མཚུངས་སུ་འཛིན་གྲྭ་འོག་མ་རེ་རེས་ཀྱང་མཐར་ཕྱིན་སློབ་མ་ཚོར་གྱེས་ཚིག་དང་ལེགས་སྐྱེས་སུ་གླུ་གར་གྱི་སྤྲོ་སྟོན་གང་ལེགས་བཤམས། མཐར་སློབ་དཔོན་དམ་པ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ། རྒན་ལྡོང་ཡོན་ཏན་རྒྱ་མཚོ། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་། འཛིན་བདག་དགེ་རྒན་རྟ་མགྲིན་ཚེ་རིང་སོགས་ཀྱིས་མཐར་ཕྱིན་སློབ་མ་༣༧ལ་མཐར་ཕྱིན་ལག་རྟགས་བསྩལ་ཏེ་ཕྱི་དྲོའི་བར་ལ་འབྲལ་དཀའ་བའི་མཆི་མ་དང་བཅས་མཛད་སྒོ་ཡོངས་སུ་མཇུག་བསྒྲིལ་ཏོ།།

སློབ་དཔོན་རྣམ་པ་གཉིས་དང་མཐར་ཕྱིན་སློབ་མའི་མཉམ་པར།

དགེ་སློབ་ཡོངས་ཀྱིས་སློབ་དཔོན་རྣམ་པ་གཉིས་བསུ་བཞིན་པ།

ཁོང་རྣམ་པ་གཉིས་ལ་དགེ་སློབ་ཡོངས་ཀྱི་དྲི་མེད་ཀྱི་ལྷ་དར་འབུལ་བཞིན་པ།

སློབ་དཔོན་རྣམ་པ་གཉིས་ཀྱིས་ཚེ་ནོམ་བྱས་ཆོག་པའི་གསུང་བཤད་གནང་བཞིན་པ།

མཛད་སྒོའི་ཡུལ་ངོས་ཀྱི་གར་གྱི་སྟངས་སྟབས།

ཁོང་རྣམ་པ་གཉིས་དང་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་། འཛིན་བདག་དགེ་རྒན་རྟ་མགྲིན་ཚེ་རིང་སོགས་ཀྱིས་མཐར་ཕྱིན་འཛིན་ཡིག་གནང་བཞིན་པ།

སྐབས་ལྔ་བའི་མཐར་ཕྱིན་འཛིན་གྲྭ་དང་དགེ་རྒན་ཚོའི་མཉམ་པར།


མཐར་ཕྱིན་སློབ་མའི་ཕྱིར་མིག་ཁྲོད་ཀྱི་མ་ཡུམ་སློབ་གླིང་།

གསར་འགོད་པ། དཀར་མོ་ཡེ་ཤེས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531370
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།