གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་སྤྲི་ཆུར་ཐོན་རྫས་ཀྲུང་གོའི་མཚོ་སྔོན་ཚོང་འགྲེམ་སྟེང་དུ་ཞུགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་སྤྲི་ཆུར་ཐོན་རྫས་ཀྲུང་གོའི་མཚ
གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་སྤྲི་ཆུར་ཐོན་རྫས་ཀྲུང་གོའི་མཚོ་སྔོན་ཚོང་འགྲེམ་སྟེང་དུ་ཞུགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-06-22ལྟ་ཀློག (7366)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་2017ལོའི་སྐབས་བཅོ་བརྒྱད་པའི་ཀྲུང་གོའི་མཚོ་སྔོན་ཚོང་འགྲེམ་སྟེང་དུ་ཞུགས་པ།

   ལོ་རེའི་འཆར་ཅན་ལྟར་༢༠༡༧ ལོའི་སྤྱི་ཟླ་༦པའི་ཚེས་༡༩ཉིན་༼2017ལོའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲོམ་ཚོགས་ཚོང་འགྲེམ་ཚོགས་ཆེན་༽གྱི་སྟ་གོན་གནའ་མཁར་ཟི་ལིང་གི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས་ཤིང་།  ༡ད་ལོའི་ཚོང་རྫས་འགྲེམ་སྤེལ་དེ་ནི་རང་རེའི་ཚོང་རའི་སྡེ་ཁག་གིས་གཙོ་སྒྲུབ་བྱས་ཤིང་ཐོན་སྐྱེད་སྡེ་ཁག་དང་མཐུན་གཉེར་ཁང་གི་འགོ་ཁྲིད་ཁ་ཤས་ཀྱི་གཟིགས་སྐྱོང་འོག་སྤེལ་བ་ཞིག་ཡིན་ལ། ཐེངས་འདིར་ཡང་ངེད་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གིས་གསར་དུ་ཐོན་བསྐྱེད་བྱས་པའི་འབྲི་མོའི་འོ་ཕྱེ་སོགས་དངོས་སུ་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཀྱི་ཁྲོམ་ཚོགས་ཚོང་འགྲེམ་སྟེང་ཞུགས་ཤིང་།  ཁུལ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་ཚོང་སྡེ་ཁག་དང་འགོ་ཁྲིད་དག་གི་མིང་ཐོ།ལུའུ་ལེ། ཧྲང་ཧེ་གྲོང་ཁྱེར་ཧུང་ཁུའུ་ཆིས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཏང་ཙུའུ། སུའུ་ཞིན། ཧྲང་ཧེ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་དཔལ་འབྱོར་པུའུ། ཆིན་ཧྲའོ་ཆིག ཧྲང་ཧེ་གྲོང་ཁྱེར་ཧུང་ཁུའུ་ཆིས་བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཞིས་ཀང་།  ཧྲང་ཧེ་གྲོང་ཁྱེར་མུའུ་ཏན་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་ཟི།  ཡུའུ་ཁྲོན་ཧེ།  ཧྲང་ཧེ་ཧྲིན་ཏུའུ་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་ཟི།  ཝང་ཆིན་ལན།   ཧྲང་ཧེ་གྱོན་ཆས་ཚད་ཡོད་ཀུང་ཟི།  ཁྲིན་ཞའོ་ཅོན། ཧྲང་ཧེ་གསར་ལས་ཁྲོ་ཐབ་ཚན་རྩལ་ཚད་ཡོད་ཀུང་ཟི། 

ཡཱང་ཧུའུ།  ཧྲང་ཧེ་གྲོང་ཁྱེར་མུའུ་ཏན་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་ཟི།  ལིག་རུའུ་ཆོན།  ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གི་ཟི་ལིང་གཞུང་ཚབ་ལས་སྒྲུབ་ཁུའུ་ཀྲུའུ་རིན།  ཏུའུ་པའོ་ཝེ།  ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་མཉམ་ལས་བརྗེ་རེས་གཞུང་སྒྲུབ་ཆིས་མཉམ་ལས་ཁྲུའུ་ཁྲུའུ་ཀྲང་།  ཏུའུ་པོའ་རིན།  ཧྲང་ཧེ་གྲོང་ཁྱེར་ཏང་ཆེན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དྲུང་ཡིག་ཁྲུའུ་ལས་བྱེད་པ།  ལིས་པེན།   ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གི་ཟི་ལིང་གཞུང་ཚབ་ལས་སྒྲུབ་ཁྲུའུ་ཀྲུའུ་རིན་གཞོན་པ། ལིག་ཧོས། ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གི་ཟི་ལིང་གཞུང་ཚབ་ལས་སྒྲུབ་ཁྲུའུ་ཕྱོགས་བསྡུས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་། མཚོ་སྔོན་ཞིང་ཆེན།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས།  མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡིས་ཀྲང་།  མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཀོས་ཁྲིན།   ཚོང་ལས་ཡར་སྐུལ་ཚོགས་པ་སོགས་བོད་ཀྱི་ཚོང་སྡེ་མང་བོ་ཞིག་ཀྱང་ཆེད་ཕེབས་ཀྱིས་རང་རེའི་ཐོན་རྫས་ལ་གཟིགས་ཞིབ་གནང་བ་དང་།  ཚོང་རའི་འགན་འཛིན་པ་ཏིང་འཛིན་རྡོ་རྗེ་ལགས་ཀྱིས་རང་རེའི་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གིས་ཐོན་བསྐྱེད་བྱས་པའི་ཐོན་རྫས་དག་ངོ་སྤྲོད་བྱས་པར་མ་ཟད།  ཐེངས་འདིར་ས་ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་ཞུགས་ཚོང་བ་རྣམས་དང་འཛད་སྤྱོད་པ།  ཞིང་ཆེན་དང་སྲིད་གཞུང་གི་འགོ་ཁྲིད་སོགས་ཀྱིས་ཐོན་རྫས་ལ་གཟིགས་ཞིབ་གནང་ཞིང་།  ཐོན་རྫས་དག་གི་བྲོ་བ་དངོས་སུ་མྱངས་ནས་བསྟོད་བསྔགས་བླ་མེད་གནང་།  ཞིང་ཆེན་དང་ཁུལ། རྫོང་རིམ་པའི་འགོ་ཁྲིད་དང་ལས་ཁུངས་སོ་སོའི་གཟིགས་ཞིབ་གནང་བ་དང་མ་འོངས་བའི་ཁེ་ལས་ལམ་ཕྱོགས་ལ་འོད་སྟོང་ལྡན་པའི་སྨོན་འདུན་ཞུས།

ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་པ་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བ།


ཚོང་ལས་ཡར་སྐུལ་ཚོགས་པའི་མི་སྣ་ཆེད་ཕེབས་ཀྱི་གཟིགས་ཞིབ་གནང་བ།


ཐོན་རྫས་ཀྱི་བྲོ་བར་རོལ་མྱོང་བྱེད་བཞིན་པ།

ཐོན་རྫས་ཐད་བསམ་ཚུལ་བརྗོད་པ།

ཐོན་རྫས་ངོ་སྤྲོད་གནང་བཞིན་པ།

འཛད་སྤྱོད་པས་ཐོན་རྫས་ལ་གཟིགས་པ།

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་ཐོན་རྫས།

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་ཐོན་རྫས།

གནས་ཚུལ་མཁོ་སྤྲོད་པ།  ཏིང་འཛིན།  བསྟན་ཁོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་སྤྲི་ཆུར་ཐོན་རྫས་ཀྲུང་གོའི་མཚོ་སྔོན་ཚོང་འགྲེམ་སྟེང་དུ་ཞུགས་པ།   སྤེལ་མཁན།: འཇམ་དབྱངས་ཡོན་ཏན། སྤེལ་དུས:2017/6/23
འབྲི་མོའི་འོ་མ་བདུད་རྩིའི་སྨན་གྱི་མ།
  གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་སྤྲི་ཆུར་ཐོན་རྫས་ཀྲུང་གོའི་མཚོ་སྔོན་ཚོང་འགྲེམ་སྟེང་དུ་ཞུགས་པ།   སྤེལ་མཁན།: རྟེན་འབྲེལ་ཞུ། སྤེལ་དུས:2017/6/23
དཔལ་འབྱོར་ལེགས་ཚོགས་བྱ་བ་དབྱར་མཚོ་ལྟར་བརྒྱས་པར་ཤོག།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23506982
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།