གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་དངོས་སུ་དབུ་བརྙེས་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།
གསར་འགོད་པ། འབའ་སྣང་གྲོལ།
དེ་རིང་སྟེ་སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༦ཚེས༡༨ཉིན་མགོ་ལོག་དམེ་ཚང་གིས་སྦྱིན་བདག་མཛད་ཅིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་སྐབས་དང་བོའི་མཐར་ཕྱིན་སློབ་མ་ཀརྨ་ལམ་བཟང་དང་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་འགོ་མཇུག་བར་གསུམ་དུ་གཙོ་འགན་བཞེས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོག་ཁང་ཆེན་མོ་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་དངོས་སུ་དབུ་བརྙེས་པའི་མཛད་སྒོ་གཟབ་རྒྱས་ངང་རང་སློབ་གླིང་དུ་སྤེལ་ཅིང་།
མཛད་སྒོའི་སྟེང་དུ་སྐྱབས་རྗེ་ཨ་ལགས་གཙོ་རུ་རིན་པོ་ཆེ་དང་། སྨན་རམས་པ་ཚེ་བཀྲ། མགོ་ལོག་སྨན་པ་གཡང་དར། ཁུལ་སློབ་གསོ་ལས་ཁུངས་ཀྱི་འགོ་བ་དབང་པོ། རྫོང་སློབ་གསོ་ལས་ཁུངས། ཁུལ་དང་རྫོང་རིམ་པའི་འཕྲོད་བསྟེན་ལས་ཁུངས། མགོ་ལོག་ཁུལ་བོད་སྨན་ཁང་གི་སྨན་གཙོ་དུང་གཅེས། དར་ལག་རྫོང་བོད་སྨན་ཁང་། འབའ་རྫོང་བོད་སྨན་ཁང་སོགས་རྫོང་དང་གྲོང་རྡལ་རིམ་པའི་སྨན་ཁང་མང་པོ་དང་། གཞན་ད་དུང་ཕྱོགས་སོ་སོ་ནས་ཆེད་དུ་ཕེབས་པའི་ལས་ཁུངས་དང་ཚོགས་པ། ཚོང་སྡེ། སྡེ་བ་སོགས་ཀྱི་འཐུས་ཚབ་པ། མི་སྒེར་དང་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་མགྲོན་པོ་བརྒྱ་ཕྲག་འགའ་མཛད་སྒོའི་སྟེང་དུ་མཉམ་ཞུགས་གནང་བ་དང་།
སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ། སྨན་རམས་པ་ཚེ་བཀྲ་སོགས་ཀྱིས་མཛད་སྒོ་དང་འབྲེལ་ནས་གཏམ་བཤད་གནང་བར་མ་ཟད། འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་གཙོ་འགན་པ་ཀརྨ་ལམ་བཟང་མཆོག་གིས་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གསར་དུ་བཙུགས་པའི་བརྒྱུད་རིམ་ངོ་སྤྲོད་ཞུས་ཤིང་། རྩྭ་ཐང་བུ་མོའི་སློབ་གྲྭའི་ན་ཆུང་གླུ་མ་སྐད་གྲགས་ཅན་ལས་དབང་ལྷ་མོ་དང་ཨ་མྱེས་རྨ་ཆེན་རྔ་རྡུང་རུ་ཁག་སོགས་སློབ་གྲྭ་གཉིས་ཀྱི་སློབ་མ་མང་བོས་མཛད་སྒོའི་སྟེང་དུ་ཞུགས་པའི་སྐུ་མགྲོན་རྣམས་ལ་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་ཏེ་བཀྲ་ཤིས་པའི་མཛད་སྒོ་བདེ་བླག་ངང་མཇུག་ཡོངས་སུ་གྲུབ་བོ།།
འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་།
མཛད་སྒོའི་ཡུལ་ངོས།
སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།
མཛད་སྒོའི་སྟེང་དུ་ཕེབས་པའི་སྐུ་མགྲོན་གལ་ཆེན་འགའ།
དགེ་བའི་བཤེས་གཉེན་ཆེན་མོ་ཤེས་རབ་བསྟན་དར་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས།
ན་ཆུང་གླུ་མ་ལས་དབང་ལྷ་མོ།
ཨ་མྱེས་རྨ་ཆེན་རྔ་རྡུང་རུ་ཁག
སྐུ་མགྲོན་རྣམས་ཀྱི་མཉམ་པར།
|