བོད་ཀྱི་ཐོན་རྫས་གསར་བ་ཨ་མའི་ནོར་བུ་ཚོང་འགྲེམ་བྱེད་འགོ་བརྩམས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བོད་ཀྱི་ཐོན་རྫས་གསར་བ་ཨ་མའི་ནོར་བུ་ཚོང་འགྲེམ་བྱེད་འགོ་བརྩམས་
བོད་ཀྱི་ཐོན་རྫས་གསར་བ་ཨ་མའི་ནོར་བུ་ཚོང་འགྲེམ་བྱེད་འགོ་བརྩམས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-06-08ལྟ་ཀློག (6757)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་ཐོན་རྫས་གསར་བ་ཨ་མའི་ནོར་བུ་ཚོང་འགྲེམ་བྱེད་འགོ་བརྩམས་པ།

     བོད་ཀྱི་ཆེས་ཐོག་མའི་སྒྲ་གཟུགས་གཉིས་ལྡན་གྱི་སྐད་གསུམ་བྱིས་པའི་སློབ་སྦྱོང་ཡོ་ཆས།

         གྲོགས་པོ་རྣམ་པ་སྐུ་ཁམས་བཟང་། ཨ་མའི་ནོར་བུ་ཞེས་པའི་སྒྲ་གཟུགས་གཉིས་ལྡན་གྱི་བྱིས་པའི་སློབ་སྦྱོང་ཡོ་ཆས་འདི་ནི་ང་ཚོས་བོད་མདོ་དབུས་ཁམས་གསུམ་གྱི་བྱིས་པ་ཚོར་དམིགས་ནས་བཟོས་པའི་དུས་རབས་འདིའི་ཁ་ཕྱོགས་དང་མཐུན་པའི་བོད་ཀྱི་ཆེས་ཐོག་མའི་སྒྲ་གཟུགས་གཉིས་ལྡན་གྱི་སློབ་སྦྱོང་ཡོ་ཆས་ཤིག་ཡིན་ལ། ཡོ་ཆས་འདིའི་དམིགས་ཡུལ་གཙོ་བོ་སློབ་ཆུང་སློབ་མ་དང་སློབ་སྔོན་སློབ་གསོ་མྱོང་བཞིན་པའི་བྱིས་པ་ཚོར་དམིགས་ནས་ཨ་མའི་ནོར་བུ་རིག་གནས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྤྱི་ལོ་2015ལོ་ནས2017ལོའི་བར་གྱི་ལོ་ངོ་གཉིས་རིང་ལ་ཞིབ་འཇུག་དང་དེང་རབས་ཚན་རིག་ལག་རྩལ་སོགས་ཟུང་འབྲེལ་བྱས་ནས་འབད་འབུང་ཆེ་སྐྱེད་ཀྱི་འབྲས་བུ་ཞིག་ཡིན་ལ། ཐོན་རྫས་འདིའི་ནང་དུ་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་སློབ་ལོ་མ་རན་པའི་བྱིས་པ་ཚོའམ་ཡང་ན་སློབ་སྔོན་འཛིན་གྲྭའི་བྱིས་པ་ཚོར་དམིགས་ནས་བོད་སྐད་ཀྱི་སྟེང་བོད་རང་གི་སྲོལ་རྒྱུན་དང་རིག་གནས་ཀྱི་བྲོ་བ་མ་ཡལ་བ་དང་བྱིས་པའི་བློ་ཁ་དང་མཐུན་པའི་བྱིས་སྒྲུང་དང་གཏམ་དཔེ།གབ་ཚིག ལེགས་བཤད། བྱིས་གླུ། གསལ་བྱེད་ངོས་འཛིན། དབྱངས་གསལ་སྦྱོར་ཀློག་དང་རིགས་མཐུན་ཐ་སྙད་སྣ་ཚོགས།རྨང་གཞིའི་ཨང་རྩིས་སོགས་སྒྲ་གཟུགས་གཉིས་ལྡན་གྱི་ལམ་ནས་མཁོ་སྤྲོད་བྱས་ཡོད་པས་རྒྱ་ཆེའི་གྲོགས་པོ་ཆུང་ཆུང་ཚོ་དང་ཁྱིམ་བདག་རྣམས་ལ་སྔར་མེད་ཀྱི་སློབ་སྦྱོང་ཡོ་ཆས་འདིས་བྱིས་པ་ཚོའི་སློབ་སྦྱོང་ལ་ཕྱོགས་གང་ཐད་ནས་རམ་འདེགས་གང་མང་བྱེད་ཐུབ་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད། དེ་མིན་རྒྱ་ཡིག་དང་དབྱིན་ཡིག་གི་ནང་དུ་ཡང་ལེགས་བཤད་དང་གཏམ་དཔེ།སྒྲ་སྦྱོར། དབྱིན་ཡིག་གི་གསལ་བྱེད་ངོས་འཛིན།རིགས་མཐུན་ཐ་སྙད་སྣ་ཚོགས། ཐང་གི་སྙན་ངགབྱིས་སྒྲུང་སྣ་ཚོགས། ཨང་རྩིས། ལེགས་བཤད། བྱིས་གླུ་སྣ་ཚོགས། འགུལ་རིས་གློག་བརྙན་སྣ་ཚོགས་སོགས་མདོར་ན་བྱིས་པའི་བློ་ཁ་དང་མཐུན་པའི་མཁོ་ཆས་སྒྲ་གཟུགས་གཉིས་ལྡན་གྱི་སློབ་ཚན་དང་གླུ་གཞས་སོགས་ཆིག་སྟོང་ལྷག་མཁོ་སྤྲོད་བྱས་ཡོད། ཆེས་གལ་ཆེ་བ་ནི་སློབ་ཆུང་བོད་ཡིག་སློབ་ཚན་རེད། ཨ་མའི་ནོར་བུ་ཐོན་རིམ་དང་པོའི་ནང་དུ་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སྐད་ཡིག་སློབ་ཚན་ཡོད་ཚད་བརྙན་གྱི་ལམ་ནས་སློབ་ཁྲིད་བྱས་ཡོད་ལ།སློབ་ཚན་གྱི་ནང་དོན་ཡོད་ཚད་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞིའི་བསླབ་དེབ་གཞིར་བྱས་ནས་ཁྲིད་པ་ཡིན་པས་སློབ་མ་ཚོས་རང་གི་སློབ་གྲྭའི་ནང་གི་སློབ་དེབ་གཞིར་བཞག་སྟེ་ཨ་མའི་ནོར་བུའི་ནང་གི་བརྙན་ལ་བལྟས་ཏེ་སློབ་སྦྱོང་བྱས་ཆོག ཐོན་རྫས་འདི་ལྟ་བུར་མཚོན་ན་བྱིས་པ་ཚོས་བེད་སྤྱོད་བྱེད་དགོས་པས་དེའི་རྒྱུ་ཆ་དང་སྤུས་ཀ་སོགས་ཧ་ཅང་གལ་ཆེན་པོ་ཡིན་པས་ང་ཚོས་ཀྱང་མ་རྩ་ཏོག་ཙམ་ལ་མ་བལྟས་པར་ཆེས་ཚན་ལྡན་དང་རྒྱུ་སྤུས་ལེགས་པའི་རྒྱུ་ཆ་དག་བེད་སྤྱོད་བྱེད་ཁུལ་བྱས་ཡོད་པ་མ་ཟད། རྒྱལ་ཁབ་རིམ་པའི་ཆོག་མཆན་ཡང་ཆ་ཚང་བླངས་ཡོད།

གཙོ་ངོས་པར་རིས།

སྒྲ་གཟུགས་གཉིས་ལྡན་གྱི་བྱིས་པའི་སློབ་སྦྱོང་ཡོ་ཆས།

སློབ་སྔོན་འཛིན་གྲྭ། ཤེས་བྱ་ཀུན་བཏུས། རིག་པའི་རོལ་རྩེད། སེམས་དངོས་གསོ་སྦྱོང་། ཁཱ་ལok། སྒྱུ་རྩལ་གསོ་སྐྱོང་། འགུལ་རིས། རོལ་དབྱངས། ཁྱིམ་བདག་དོ་དམ།སློབ་སྔོན་སློབ་ཁྲིད་ལ། སྐད་ཡིག་མུན་སེལ། ཐང་རྒྱལ་རབས་ཀྱི་སྙན་དག ཀྲུང་གོའི་རིག་པ། གཏམ་དཔེའི་བྱུང་རབས། དབྱིན་ཡིག་མུན་སེལ། རྨང་གཞིའི་རྩིས་རིག གཤིས་སྤྱོད་གསོ་སྦྱོང་།

ཤེས་བྱ་ཀུན་བཏུས་ལ། སྤྱི་ཚོགས་ངོས་འཛིན། བྱིས་ཚན་རྒྱུན་ཤེས། བདེ་འཇགས་སློབ་གསོ། དྲི་བ་འབུམ་ཕྲག་མ།རིག་པའི་རོལ་རྩེད་ལ། ངོས་འཛིན་རོལ་རྩེད། རྩིས་རིག་རོལ་རྩེད། ལྟ་ཞིབ་རོལ་རྩེད། རིག་པའི་རོལ་རྩེད། སེམས་དངོས་གསོ་སྦྱོང་ལ། མཉམ་རོལ་དང་མཉམ་འབྲེལ། ཡིད་རྟོན་དང་བློ་བརྟན། སྙིང་སྟོབས་དང་བློ་རིག གསར་གཏོད་དང་འགྲན་རྩོད། འགན་འཁྲི་དང་བྱམས་བརྩེ། དྲིན་བཟོ་དང་བརྩི་བཀུར། གཞུང་དྲང་དང་ཁེངས་སྐྱུངས། བརྩོན་འགྲུས་དང་གྲོན་ཆུང་།ཁཱ་ལ OK ལ། བྱིས་གླུ་གྲགས་ཅན། ཚད་ཐུབ་བྱིས་གླུ། གླུ་དབྱངས་གྲགས་ཅན།  ང་ཡི་ཁཱ་ལ OK །སྒྱུ་རྩལ་གསོ་སྦྱོང་ལ། ཞབས་བྲོ། ཤོག་ལྟེབ། ལག་ཤེས། རི་མོ། DIYགསར་གཏོད།འགུལ་རིས་ལ། འགུལ་རིས་གཏམ་རྒྱུད། རིག་འཕྲུལ་འགུལ་རིས། སྤྲོ་སྣང་འགུལ་རིས། ཚད་ཐུབ་འགུལ་རིས། རོལ་དབྱངས་ལ། གཉིད་འགུག་གླུ་དབྱངས། གནའ་བོའི་རོལ་དབྱངས། ཚད་ཐུབ་བྱིས་གླུ། བྱིས་གླུ་གྲགས་ཅན། སྦྲུམ་གསོའི་རོལ་དབྱངས།

འབྲེལ་གཏུག་བྱ་ཡུལ་གྱི་མི་སྣ།

འཚོལ་བཤེར་པར་རིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500356
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།