ཚོང་དཔོན་ནོར་བུ་བཟང་བོ་ངོ་སྤྲོད་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »ཚོང་དཔོན་ནོར་བུ་བཟང་བོ་ངོ་སྤྲོད་མདོར་བསྡུས།
ཚོང་དཔོན་ནོར་བུ་བཟང་བོ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-05-21ལྟ་ཀློག (6983)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚོང་དཔོན་ནོར་བུ་བཟང་བོ་ངོ་སྤྲོད་མདོར་བསྡུས།


     ཚོང་དཔོན་ནོར་བུ་བཟང་བོ་ནི་མེན་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་ཚོང་བ་ཞིག་ཡིན་ལ། ད་ལྟའི་མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་གི་མི་ཡིན། ཁོང་སྐུ་བལྟམས་དུས་ཡ་མཚར་བའི་རྟགས་མང་བོ་བྱུང་ཞིང་། དེ་ལས་ཀྱང་ཁྱད་མཚར་བ་ནི་ཁོང་གིས་ལག་གཡས་པ་ནས་ལྡོག་གཅིག་བཟུང་ཡོད།  ཆེ་ཆུང་ཧ་ལམ་སྲེག་སྒོང་དང་འདྲ་ལ་གསེར་འོད་སྟོང་ལྡན་འཕྲོས་འདུག

   ནོར་བུ་བཟང་བོ་དགུང་ལོ་༢༦སྟེང་མཚོ་སྔོན་དང་ཉིན་ཞ། ཞི་ཨན་སོགས་ནས་ཚོང་ལས་གཉེར་འགོ་བརྩམས་ཤིང་མི་འགྱངས་བར་མ་རྩ་མང་བོ་བསགས་ནས་ཚོང་བའི་ཁྲོད་ཀྱི་སྐད་གྲགས་ཀྱང་ཆེ་ཆེར་རྒྱས། དུས་མཚུངས་སུ་ཁོང་གིས་བོད་སྐད་དང་རྒྱ་སྐད། ཧོར་སྐད་སོགས་བྱང་ཆུབ། དགུང་ལོ༣༨སྟེང་ཁོང་གི་ཚོང་ལས་ནང་སོག་དང་ཕྱི་སོག ཞིན་ཅང་སོགས་སུ་རྒྱ་བསྐྱེད།

     སྐབས་དེར། འཚོང་རྒྱག་དུས་རྔ་མོང་དང་དྲེལ་ལ་བརྟེན་ནས་ཚོང་ཟོག་སྐྱེལ་འདྲེན་བྱེད་དགོས། ལམ་ཐག་རིང་བའི་རྐྱེན་གྱིས་ས་རུབ་དུས་གང་ལ་ཐོན་ན་དེར་སྒར་བཏབ་ནས་ངལ་གསོ་དགོས། རྔ་མོང་དང་དྲེལ། གཡག་དང་འཁོར་གཡོག་སོགས་ཁྲི་ཁྲག་དུ་མས་གྲུབ་པའི་རྣམ་པ་དེ་ནི་ཇི་འདྲའི་བརྗིད་ཉམས་ཆེ་བ་ལ། ཚོང་བ་མང་བོ་རང་འགུལ་སྒོས་ཁོང་དང་མཉམ་འབྲེལ་བྱས་ཏེ་ཚོང་ལས་གཉེར་བའི་རེ་བ་ཞུས། དུས་དེ་ནས་བཟུང་ནོར་བུ་བཟང་བོར་རྒྱུ་ནོར་མང་པོ་ཐོབ།

     ཁོང་གིས་རྔ་མོང་སྟོང་ཕྲག་ལྷག་ལ་གསེར་དངུལ་རིན་ཆེན་མང་པོ་བཀལ་ནས་སྡོད་གནས་བསྐྱར་སྐྲུན་བྱས་ཏེ་མིང་ལ་ཕོ་བྲང་ནོར་བཟང་གླིང་ཀ་བཏགས། བསྐྱར་སྐྲུན་རྗེས་ཀྱི་ཕོ་བྲང་ནོར་བཟང་གླིང་ཀའི་ཕྱིའི་མཁར་ནི་ཞི་ཨན་མཁར་དང་འདྲ་ལ། ཞེང་ཚད་མཛོ་མོ་མཁར་ལས་ཀྱང་མཐུག་པས་བརྗིད་ཉམས་ཧ་ཅང་ཆེ། དེར་བརྟེན་ནས་ནོར་བུ་བཟང་བོའི་མཚན་སྙན་འབྲུག་སྒྲ་ཇི་བཞིན་ཕྱོགས་ཡོངས་ལ་ཁྱབ།

    ནོར་བུ་བཟང་བོས་བལ་བོ་ནས་ཚོང་རྒྱག་དུས། བོད་ལྗོངས་དང་བལ་བོའི་ས་མཚམས་སུ་ཧ་ཅང་རྒོད་པོའི་ཇག་རྐུན་སྐོར་ཞིག་གིས་ཚོང་བ་ཚོའི་སྲོག་ལ་རྒྱུན་དུ་གཙེ། ཁོ་ཚོ་རྒོད་དྲགས་པས་བལ་བོའི་རྒྱལ་བོ་ཡང་བྱ་ཐབས་ཅི་ཡང་མེད་པར་གྱུར། ནོར་བུ་བཟང་བོ་ས་དེར་བརྒྱུད་དུས་ཇག་རྐུན་དེ་དག་དང་འཕྲད། ཁོང་གིས་དེ་མ་ཐག་གཞུ་སྟེང་ལ་མདའ་མོ་གསུམ་བཞག་སྟེ་འཕངས་པས་མཉམ་གཅིག་ལ་ཇག་རྐུན་གྱི་འགོ་བ་གསུམ་བསད། དེ་བས་གཞན་དག་གིས་པུས་མོ་སར་བཙུགས་ནས་སྲོག་ཐར་གཏོང་བའི་ཞུ་བ་བྱེད་པ་ལས་བྱ་ཐབས་གཞན་མ་རྙེད།

    ནོར་བུ་བཟང་བོས་ཇག་རྐུན་བཟུང་ནས་བལ་བོའི་རྒྱལ་བོར་སྤྲད་པས་བལ་བོ་མི་དམངས་ཀྱིས་ཁོང་ལ་བསྟོད་བསྔགས་ཚད་མེད་བྱས། བལ་བོའི་རྒྱལ་བོ་དགའ་ནས་ཁོང་ལ་གསོལ་སྟོན་རྒྱ་ཆེན་བཤམས། གསོལ་སྟོན་སྐབས་སུ་བལ་བོའི་རྒྱལ་བོས་ཁོང་གིས་དཔའ་ངར་ལ་བསྟོད་བསྔགས་ཚད་མེད་བྱས། ད་དུང་བལ་བོ་ནས་ཚོང་ལས་གཉེར་བའི་རེ་བ་ཡང་ཞུས།

    བལ་བོའི་རྒྱལ་བོས་རོགས་སྐྱོར་འོག་ནོར་བུ་བཟང་བོ་འབྱོར་ཕྱུག་ཀླུ་ཡུལ་ལ་འགྲན་པའི་ཚོང་བ་སྟོབས་ཆེན་ཞིག་ཏུ་གྱུར། དུས་དེར་ཁོང་གིས་སྙན་གྲགས་བོད་ཡུལ་ཡོངས་སུ་ཁྱབ་ནས་ཚོང་དཔོན་ནོར་བུ་བཟང་བོར་གྱུར།

    ནོར་བུ་བཟང་བོ་ལྷ་སར་ཐེངས་གསུམ་ལ་སོང་བ་དེ་ནི་ཆེད་དུ་རྗེ་ཙོང་ཁ་བར་མཇལ་དུ་སོང་བ་རེད། རྒྱུ་ནོར་དང་མཆོད་རྫས་གྱ་ནོམ་པ་ཁྱེར་བས་ཁོ་རང་རྗེ་ཙོང་ཁ་བའི་ཡོན་བདག་གཙོ་བོའི་གྲས་ཤིག་རེད།    ནོར་བུ་བཟང་བོ་ཐེངས་བཞི་བར་ལྷ་སར་མ་སོང་གོང་རྗེ་ཙོང་ཁ་བའི་ཡུམ་ལ་མཇལ་དུ་སོང་། ཡུམ་གྱིས་རང་གི་བུ་ཆུང་དྲན་དྲགས་པས་སྐྲ་དཀར་ཉག་ཅིག་སྐུར་ཞོར་སྐད་ཅིག་བཏང་། ཨ་མས་ཁྱོད་ཧ་ཅང་དྲན་པས་ཁྱོད་ཨ་མར་སྐོར་ཞིག་རྒྱབ་ན་བཟང་ཟེར།

    རྗེ་ཙོང་ཁ་བའི་ཨ་མས་བསྐུར་བའི་སྐྲ་དཀར་དང་སྐད་ལ་ཉན་རྗེས་སེམས་སྡུག་ཚད་མེད་བྱུང་ཡང་།  སྙིགས་མ་ལྔ་བདོ་བའི་དུས་ཀྱི་བསྟན་འགྲོའི་དོན་ཆེན་ལྷུར་བཞེས་པའི་རྐྱེན་གྱིས་བཀའ་དྲིན་ཅན་གྱི་ཨ་མར་མཇལ་དུ་ཕེབས་མ་ཐུབ། ཨ་མ་དྲན་དྲགས་པའི་སེམས་སྡུག་གིས་ཁོང་ལ་སྣ་ཁྲག་མང་བོ་བཞུར། སྐབས་དེར་ཁོང་གིས་སྣ་ཁྲག་དང་རྫས་གཞན་བསྲེས་ནས་རང་གི་སྐུ་འདྲ་ཞིག་བྲིས། དེ་ནོར་བུ་བཟང་བོར་བསྐུར་ཞོར་འདྲ་འདི་རིག་ན་ང་དང་ངོ་ཐུག་པ་གཅིག་འདྲ་ཡིན། འདྲ་འདིའི་ཁྱེད་ལ་ཨ་མ་ཞེས་འབོད་སྲིད་ལ་ད་དུང་ཉིན་ཞག་དྲུག་ལ་ཁ་བརྡ་ཡང་བྱེད་ངེས་ཞེས་པའི་སྐད་ཅིག་ཀྱང་བསྐུར།

 ནོར་བུ་བཟང་བོས་རྗེ་ཙོང་ཁ་བའི་ཨ་མར་སྐད་དང་འདྲ་འཕྲོད་པས། ཨ་མ་དགའ་དྲགས་ནས་རྗེ་ཙོང་ཁ་བ་འཁྲུངས་སར་སྐྱེས་པའི་ཙན་དན་ཤིང་དེའི་མགོར་རས་གུར་ཕུག བུ་ཆུང་གིས་བསྐུར་བའི་འདྲ་དེ་རས་གུར་དེའི་ནང་ནས་བཤམས། ནོར་བུ་བཟང་བོ་དགུང་ལོ་༩༠སྐྱེས་སྐར་སྟེང་རྗེ་ཙོང་ཁ་བའི་དགེ་ཕྲུག་ཆེ་བ་ཆོས་ཀྱི་རྒྱལ་བོས་ཁོང་ལ་ཚེ་རིང་གི་དབང་སྐུར། དབང་སྐུར་ཚར་རྗེས་ཁོང་གཉིས་ཀ་ནོར་བཟང་གླིང་ག་ནས་འཆམ་འཆམ་བྱེད་དུས་ཙན་དན་གྱི་སྡོང་མགོ་ནས་ཁྭ་ཏ་བསྟུད་མར་ཐེངས་གསུམ་གྲགས་རྗེས་ཁ་ནས་གསེར་མདོག་གི་འོད་སྐྱུག

མི་འགྱངས་བར་ནོར་བཟང་གླིང་ག་ཧྲིལ་བོ་གསེར་མདོག་གི་འོད་ཀྱིས་བཀང་། ལྟས་བཟང་དེ་མཐོང་བས། ནོར་བུ་བཟང་བོས་ཆོས་ཀྱི་རྒྱལ་བོར་འདི་རྐྱེན་ཅི་ཡིན་པའི་རྒྱུན་མཚན་དྲིས། ཆོས་ཀྱི་རྒྱལ་བོས་འདི་ནི་ཁྱེད་ཀྱི་གླིང་ག་མི་འགྱངས་བར་དགོན་པར་འགྱུར་བའི་བཀྲ་ཤིས་ལྟས་བཟང་ཡིན་པ་བཤད།

    ནོར་བུ་བཟང་བོ་ཧ་ཅང་དགའ་ནས་ཆོས་ཀྱི་རྒྱལ་བོར་དགོན་པར་མིང་ཞིག་སྩོལ་བའི་རེ་བ་ཞུས། ཆོས་ཀྱི་རྒྱལ་བོས་འདི་ནི་ཁྭ་ཏ་དེར་རག་ལས་བས་མིང་ལ་ཁྭ་ཏའི་ཁ་བབས་ཞེས་བཏགས། དེང་སྐབས་གཞོང་ཐང་རྫོང་གི་ཁྭ་ཏའི་ཁ་བབས་དགོན་པ་རེད།

    དེར་མཐུད་ནས་ཁོང་གཉིས་ཀྱིས་དགོན་པའི་མ་འོངས་བའི་བཀོད་སྒྲིག་ཕྱོགས་ཡང་བགྲོ་གླིང་བྱས། ཐེངས་འདིར་ནོར་བུ་བཟང་བོ་ཡང་ཁྭ་ཏའི་ཁ་བབས་དགོན་པའི་ཡོན་བདག་གཙོ་བོར་གྱུར། ཁོང་གིས་མི་གྲངས་སྟོང་གཉིས་ལྷག་ཤོང་བའི་འདུ་ཁང་ཆེན་མོ་དང་། བཙུན་ཤག་སྟོང་གཅིག་ལྷག་གསར་བཞེངས་བྱས། ད་དུང་ཁོང་གིས་ཁང་བ་ཆེས་བཟང་ཤོས་ཆོས་ཀྱི་རྒྱལ་བོར་གཟིམས་ཤག་བྱེད་དུ་བཅུག རྗེས་ནས་ནོར་བུ་བཟང་བོས་ཕྱོགས་ཡར་མར་ནས་བཙུན་པ་སྟོང་གཅིག་གདན་དྲངས་ནས་ཁྭ་ཏའི་ཁ་བབས་དགོན་པ་ནས་རྒྱུན་སྡོད་བྱས། བཙུན་པ་ཚོའི་འགྲོ་སོང་ཡོད་ཚད་ཁོ་གཅིག་པོས་མཁོ་སྤྲོད་བྱས། བཀོད་བསྒྲིགས་བྱས་ཚར་རྗེས། ཁྭ་ཏའི་ཁ་བབས་དགོན་པའི་སྨོན་ལམ་ཆེན་མོ་ཐེངས་དང་པོར་ཆོས་ཀྱི་རྒྱལ་བོས་འགོ་འཛིན་བྱས།

      ནོར་བུ་བཟང་བོ་དགུང་ལོ༩༩སོན་པའི་ལོ་དེའི་ལུགས་རྙིང་གི་ཟླ༩པའི་ཚེས༩ཉིན་གྱི་ནངས་མོར། ཁོང་རྒྱུན་ལྡན་དང་འདྲ་བར་མཆོད་པ་མཆོད་བཤམས་བྱས་ཚར་རྗེས་རྗེ་ཙོང་ཁ་བའི་ཐང་ཀ་དེའི་གསུང་འབྱོན་ནས་ཁྱེད་ཀྱི་ལས་དོན་ཡོངས་སུ་འགྲུབ་པས་དགེ་བ་བསམ་གྱིས་མི་ཁྱབ། འུ་གཉིས་དག་པའི་ཞིང་ནས་ཐུག་ཟེར། ནོར་བུ་བཟང་བོས་ཕྱག་འཚལ་ནས་བཀའ་དྲིན་ཞུས་རྗེས་འཇིག་རྟེན་འདི་དང་བྲལ་སོང་། སྐབས་དེར། ཁོང་གིས་ལུས་དང་བྲལ་མ་མྱོང་བའི་ནོར་བུ་བཟང་བོ་དེ་ཁོང་གི་ལུས་ལ་འཐིམས་སོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23571662
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།