འཛམ་གླིང་གི་ཁེ་ལས་པ་གྲགས་ཅན་བཞིའི་གདམས་ངག
གལ་ཏེ་ཁྱེད་ཀྱིས་རང་ཉིད་ཚོད་འཛིན་བྱེད་མི་ཐུབ་ན།
ཁྱེད་ཀྱི་མགོར་སྔ་གཞུག་གང་རུང་ཞིག་ནས་ཆག་སྒོ་ཆེན་པོ་ཞིག་ལྷུང་ངེས།
__པ་ཧྥེ་ཐི (ཨ་རི)
དཀའ་སྡུག་དང་བར་ཆད་ནི་མི་རེ་རེར་འཕྲད་ངེས་པ་ཞིག་རེད།
ཁྱེད་ཀྱིས་སྒྲུབ་དགོས་པ་གཅིག་ཡོད་པ་ནི་དེ་ལ་འཁང་ར་མི་བྱེད་པར།
ཁ་རོག་གེར་དེའི་ཁྲོད་ཀྱི་ཤེས་བྱ་དང་ལེན་བྱེད་པ་དེ་ཡིན།
__བྷེ་ཨོ་གྷེ་ཚི (ཨ་རི)
གལ་ཏེ་ཁྱེད་རང་གཞན་གྱི་ཆེད་དུ་འཚོ་བ་ཡིན་ན།
ཁྱེད་རང་ནི་བེམ་པོ་ཁོ་ནའོ།
__སི་ལེས་མཱོ (མོག་སི་ཁོ)
ཁེ་ལས་པ་ལ་བརྩེ་སེམས་དང་འགན་འཁྲིའི་འདུ་ཤེས་ཡོད་།
དེ་འདྲ་ཡོད་པས་ད་བཟོད་ཁོ་ཚོའི་ཁེ་ལས་དོན་དམ་གྱིས་འཕེལ་རྒྱས་གཏོང་ཐུབ་སོང་བ་རེད།
__བང་ཅིན་ལེན (ཀྲུང་གོ)
འཛམ་གླིང་ན་སྐད་གྲགས་ཡོད་པའི་ཁེ་ལས་པ-པ་ཧྥེ་ཐིའི་ལེཊ་བཤད་བཅུ་གཉིས།
༠༡
དངུལ་སྒོར་གྱིས་མི་བཟང་ཇེ་བཟང་དུ་གཏོང་ཐུབ་ལ།
མི་ངན་ཇེ་ངན་དུ་གཏོང་ཐུབ། དེ་ཡོད་ཚད་ནི་མི་སྒེར་གྱི་རིན་ཐང་ལྟ་བར་རག་ལས་སོ།
__པ་ཧྥེ་ཐི
(ཨ་རི)
༠༢
ཤོག་སྒོར་གྱིས་ཁྱེད་ལ་སྐབས་ལ་ལར་སྟབས་བདེ་མང་པོ་ཞིག་བསྐྲུན་ཐུབ་ན་ཐང་།
ཡིན་ནའང་ཁོའི་བདེ་ཐང་དང་བདེ་སྐྱིད་ཉོ་མི་ཐུབ།
__པ་ཧྥེ་ཐི
(ཨ་རི)
༠༣
བདག་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཕྱུག་པོར་འགྱུར་བར་ཤེས་ཡོད།
དེའི་ཕྱོགས་ལ་ང་རང་དོགས་པ་སྤུ་རྩེ་ཙམ་ཡང་སྐྱེས་མ་མྱོང་།
__པ་ཧྥེ་ཐི
(ཨ་རི)
༠༤
ཁྱེད་ཀྱི་མི་ཚེའི་མགོ་འཛུགས་གནས(起点)དེ་ཅི་འདྲ་ཞིག་ཡིན་པ་གལ་ཆེན་མ་རེད།
གལ་ཆེན་ནི་ཁྱེད་མཐའ་མར་གང་ཞིག་ལ་སླེབས་ཡོད་མིན་དེ་རེད།
__པ་ཧྥེ་ཐི
(ཨ་རི)
༠༥
ཐབས་ཇུས་ཡག་པོ་ལ་དུས་ཚོད་ངེས་ཅན་ཞིག་དགོས།
དེ་ནི་བསམ་གཞིགས་ཞིབ་ནན་གྱི་འབྲས་བུ་ཡིན་པ་ལས།
དུས་ཐུང་སེམས་འཚབ་གྱི་འབྲས་བུ་མིན་ནོ།
__པ་ཧྥེ་ཐི
(ཨ་རི)
༠༦
འཚོ་བའི་གནད་འགག་ནི་སུ་ཞིག་གི་ཆེད་དུ་ལས་ཀ་སྒྲུབ་བཞིན་པ་ཤེས་རྒྱུ་དེ་རེད།
__པ་ཧྥེ་ཐི
(ཨ་རི)
༠༧
ཀླད་པའི་ནང་གི་ཤེས་བྱ་དག་ལེགས་སྒྲིག་དབྱེ་འབྱེད་མ་བྱས་པའི་སྔོན་དུ་ཡོད་ཚད་ཀྱི་མིང་ལ"གད་སྙིགས"ཟེར།
__པ་ཧྥེ་ཐི
(ཨ་རི)
༠༨
གལ་ཏེ་ཁྱེད་རང་ལམ་ནོར་བ་ཞིག་གི་ཐོག་ཏུ་ཡོད་ཚེ།
བརྒྱུགས་ནའང་གྲུབ་འབྲས་ཡོད་པ་མ་རེད།
__པ་ཧྥེ་ཐི
(ཨ་རི)
༠༩
ཁོ་ཚོ་གང་དུ་འགྲོ་བཞིན་པ་གསལ་བོར་ཤེས་དགོས་པ་ལས།
ཁོ་ཚོ་གང་དུ་བསྡད་ཡོད་པ་ཤེས་དགོས་པ་མ་རེད།
__པ་ཧྥེ་ཐི
(ཨ་རི)
༡༠
ཚད་འདས་འབྱོར་ཕྱུག་གི་འཚོ་བ་རོལ་འདོད་ན
ཁྱེད་ཀྱི་ཨ་ཕ་ལ་རེ་ལྟོས་བྱས་ནས་མ་འདུག ( རང་གི་བུ་མོ་ལ།
__པ་ཧྥེ་ཐི
(ཨ་རི)
༡༡
ཤེས་རིག་གི་ཕྱུག་ཚད་དང་ཡིད་རྟོན་རུང་བའི་ཚོད་དཔག་ལས་གཞན།
སེམས་ཤུགས་ནི་ཁྱེད་ཀྱིས་ཆེས་རིན་ཐང་བྲལ་བའི་རྒྱུ་ནོར་རེད།
__པ་ཧྥེ་ཐི
(ཨ་རི)
༡༢
གལ་ཏེ་ཁྱེད་ཀྱིས་རང་ཉིད་ཚོད་འཛིན་བྱེད་མི་ཐུབ་ན།
ཁྱེད་ཀྱི་མགོར་སྔ་གཞུག་གང་རུང་ཞིག་ནས་ཆག་སྒོ་ཆེན་པོ་ཞིག་ལྷུང་ངེས།
__པ་ཧྥེ་ཐི
(ཨ་རི)
རྩོམ་ཁུངས།根呷འཕྲིན་སྟེགས་ལས་བཤུས། རྩོམ་སྒྱུར་པ།
བརྩེ་དུང་རྡོ་རྗེ།
|