ཨ་རིའི་སྟོབས་ཤུགས་ནི་ཚན་རྩལ་དང་མཚོན་ཆ། རྒྱུ་ནོར་བཅས་ལ་འབྲེལ་བ་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཨ་རིའི་སྟོབས་ཤུགས་ནི་ཚན་རྩལ་དང་མཚོན་ཆ། རྒྱུ་ནོར་བཅས་ལ་འབྲེལ་
ཨ་རིའི་སྟོབས་ཤུགས་ནི་ཚན་རྩལ་དང་མཚོན་ཆ། རྒྱུ་ནོར་བཅས་ལ་འབྲེལ་བ་མེད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-05-08ལྟ་ཀློག (8153)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་རིའི་སྟོབས་ཤུགས་ནི་ཚན་རྩལ་དང་མཚོན་ཆ། རྒྱུ་ནོར་བཅས་ལ་འབྲེལ་བ་མེད། 

         2017/04/30     15:41:48

   ཨ་རི་ནི་རྒྱལ་ཁབ་བཙུགས་ཏེ་ལོ་ངོ་ཉིས་བརྒྱ་ལྷག་ཙམ་ལས་མེད་པའི་རྒྱལ་ཁབ་ཅིག་ཡིན་མོད། ཡིན་ནའང་རྒྱལ་ཁབ་འདི་ནི་སྔ་མོ་ནས་དེང་རབས་ཅན་གྱི་བཟོ་ལས་གསར་བརྗེ་ནང་འཛུལ་ཞུགས་བྱས་པའི་དབྱིན་ཇི་དང་ཧྥ་རན་སི། ཨུ་རུ་སུ་སོགས་ཡོ་རོབ་ཀྱི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་དག་ལས་ཀྱང་སྔོན་དུ་སྐྱོད་ཐུབ་ཡོད་ལ། ལོ་ངོ་སྟོང་ཕྲག་ལྔའི་ལོ་རྒྱུས་ལྡན་པའི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཅིག་ཡིན་སྙམ་པའི་རློམ་སེམས་ཆེ་བའི་ང་ཚོ་ནི་དེ་བས་ཀྱང་རྒྱང་རིང་དུ་བསྐྱུར་ཡོད།

དེའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ན། དེ་ནི་ང་ཚོས་བསམ་པ་ནང་བཞིན་གྱི་ཚན་རིག་ལག་རྩལ་མཐོན་པོ་དང་དྲག་ཆས་མཚོན་ཆ་རྣོ་ངར་ཅན། རྒྱུ་ནོར་གྱིས་ཕྱུག་པ་དང་འབྲེལ་བ་མེད་པ་དང་དེ་དག་ནི་སྣང་ཚུལ་ཙམ་རེད།

01、ཨ་རི་བའི་སྤྱི་དམངས་འདུ་ཤེས།

འགྲོ་བ་མིའི་ཐོབ་ཐང་ནི་བདག་དབང་ལས་ཀྱང་གཙོ་བ།

རང་དབང་ནི་རྒྱལ་གཅེས་ལས་ཀྱང་ངོ་མ་ཡིན་པ།

ཁྲིམས་ལུགས་ནི་སྲིད་འཛིན་ལས་ཀྱང་ཡིད་རྟོན་ལྡན་པ།

དམངས་ཀྱི་འཚོ་བ་ནི་ཆབ་སྲིད་ལས་ཀྱང་རེ་འབྲས་ལྡན་པ།

སློབ་གསོས་ནི་མི་ལ་རེ་བའི་འོད་སྣང་མཐོང་བར་བྱེད་པ།

སྤྱི་དམངས་ཀྱིས་ནི་སྲིད་གཞུང་གི་སྐྱོན་འཚོལ་ཞིང་དེའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་པ་དང་དེ་ནི་རྒྱལ་གཅེས་ཀྱང་ཡིན་ནོ།།


02、ཁྲིམས་ལུགས་ཀྱི་རྒྱལ་ཁབ།

ཨ་མེ་རི་ཀ་རུ། གསར་དུ་གནས་སྤོ་བྱས་པའི་མང་ཚོགས་ཀྱིས་སྤྱི་དམངས་རྒྱུན་ཤེས་ལ་ཡིག་རྒྱུགས་སྤྲོད་དགོས་པ་དང་དེ་དག་ཁྲོད་འདྲི་གཞི་ཞིག་ཡོད་པ་ནི། "ཨ་རི་ནི་ཁྲིམས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་པའི་ནང་དོན་ཅི་ཡིན"ཞེས་པ་དེའོ།།

འདི་ལ་ཧ་ལམ་ཀྲུང་གོའི་མི་ཚང་མས་གཅིག་གྱུར་གྱི་དྲིས་ལན་ནི། "སྤྱི་དམངས་ཚང་མས་ངེས་པར་དུ་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས"ཞེས་པའི་དོན་ཡིན་ཟེར་མོད། ཡིན་ནའང་ཨ་རི་རང་གི་ཚད་ལྡན་གྱི་དྲིས་ལན་ནི། "སྲིད་གཞུང་གིས་ངེས་ཅན་དུ་ཁྲིམས་ལ་བརྩི་སྲུང་བྱེད་དགོས"ཞེས་པའི་དོན་ནོ།།

དེ་ཡང་ཨ་རི་ཁྲིམས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་རྒྱུ་རྐྱེན་ནི་སྤྱི་དམངས་རེ་རེས་སྲིད་གཞུང་གི་ཁེ་དབང་ལ་ཞིབ་བཤེར་དང་སྲིད་གཞུང་གི་དབང་ཆ་ལ་ཚོད་འཛིན་ཁག་ཐེག་བྱེད་པར་རེ་བ་འདོན་བཞིན་ཡོད།


03、སྨྲ་བརྗོད་རང་དབང་ཡོད་པ།

 ཨ་མེ་རི་ཀར། གཞུང་སྒེར་སུས་ཀྱང་རང་དབང་གི་གསར་ཤོག་དང་གཞན་པའི་འཁོར་སྐར་བརྙན་འཕྲིན་སྒྲུབ་ཆོག་ལ། སྲིད་གཞུང་ཁོ་ནས་སྒྲུབ་མི་ཆོག་པར་རྩ་ཁྲིམས་དང་འགལ་འགྲོ་བ་འདི་ཅི་ཡིན་ནམ། ཨ་རིར་དཔྱད་བརྗོད་འདྲ་མིན་སྣ་ཚོགས་སྤེལ་ཆོག་པ་དང་ཕར་བལྟས་ན་ཁུངས་ལུང་མེད་པ་ལྟ་བུའི་རང་སྣང་གང་དྲན་གྱིས་བསམ་གཞིགས་བྱས་ཆོག གཞན་ངོ་རྒོལ་གྱི་བརྗོད་གཏམ་སྣ་ཚོགས་ལ་དཀྱེལ་ཡངས་དང་བཟོད་སྒོམ་བྱེད་པ་ཡིན། ཡིན་ནའང་ཨ་རིར་དབང་ཆ་ཚོད་འཛིན་གྱི་དཔྱད་བརྗོད་སྤེལ་མི་ཆོག་པ་དང་དབང་ཆ་གཙོ་ཁྲིད་ཀྱི་བསམ་བློ་སྤེལ་མི་ཆོག གཞན་མི་ཉུང་ཤས་ཤིག་གིས་སྤྱི་ཚོགས་ཡོངས་གཡས་གཡོན་གྱི་མཐའ་གཉིས་གང་ལའང་ལྷུང་བར་བྱས་མི་ཆོག

ཨ་རིའི་སྨྲ་བརྗོད་རང་དབང་གིས་འབངས་མི་ཡོངས་ལ་འགན་སྲུང་བྱེད་པ་ཡིན་མོད། ཡིན་ནའང་མིང་གྲགས་ཡོད་པའི་མི་སྣ་ལ་འགན་སྲུང་མི་བྱེད། དེ་ཡང་སྲིད་འཛིན་ལ་དམོད་ཚིག་ཇི་ལྟར་བོར་ཀྱང་རུང་མོད། ཡིན་ནའང་སྤྱིར་བཏང་གི་མི་ཕལ་བར་ངན་སྨྲས་བྱས་ན་དེ་ལ་གནོད་པ་ཚབས་ཆེན་བཟོ་བ་དང་ངན་སྨྲས་བྱེད་མཁན་ལ་ཉེས་ཆད་ནན་མོ་གཅོད་པ་ཡིན།

04、ཨ་རིའི་བྱིས་པས་སློབ་ཚན་དང་བོ་གང་ཞིག་སློབ་པ་ཡིན་ནམ།

སྐུ་ཞབས་ཧོ་ཧྲི་ཨ་རིའི་ཁཱང་ནེ་ཨར་སློབ་ཆེན་འགྲིམས་སྐབས་སུ་སློབ་ཆུང་གི་གསར་ཞུགས་སློབ་མ་དག་གི་ཐེངས་དང་བོའི་སློབ་ཁྲིད་དང་འཕྲད་པ་རེད།

ཁོ་རང་སོང་ནས་ལྐོག་ཉན་བྱས་ཚེ་སློབ་ཚན་ཡོངས་ཀྱི་ནང་དོན་ནི་སློབ་བུ་ཆུང་ཆུང་ཚོས་དགེ་རྒན་དང་མཉམ་དུ་ཡང་དང་བསྐྱར་དུ་སྐད་གསེང་མཐོན་པོས་བློ་འཛིན་བྱས་པའི་ཚིག་ཡིན་ཏེ།

"ངས་རང་ཉིད་ཀྱི་སྐྱོན་བརྗོད་ནུས་པ་འདོན་པ་འགན་ལེན་བྱ་དགོས། ངས་རང་ཉིད་ཀྱི་རང་སྐྱ་ཐུབ་པའི་བསམ་གཞིགས་བྱེད་པར་ཁག་ཐེག་བྱ་དགོས། ངས་སློབ་གསོ་མྱོང་བར་ཁག་ཐེག་བྱ་དགོས། ངས་རང་ཉིད་ཀྱིས་ཐག་གཅོད་བྱ་ཐུབ་པ་བྱེད་དགོས།"

དམ་བཅའི་ཚིག་འདི་ནི་ཨ་རིའི་སྐབས་ཐེངས་གསུམ་པའི་སྲིད་འཛིན་ཅེ་ཧྥི་སིན་གྱིས་ཨ་རིའི་སློབ་མ་ཚོར་དངོས་སུ་ཕྱག་བྲིས་གནང་བ་ཞིག་རེད།

05、སྟོབས་ཤུགས།

ཨ་རིའི་སྐད་གྲགས་ཅན་གྱི་མི་རྒྱུད་ནག་པོའི་དམངས་དབང་ལས་འགུལ་བའི་གཙོ་འཛིན་མཱ་ཏིན•ལོ་ཏི•ཅིན་གྱིས་གསུངས་དོན། "རྒྱལ་ཁབ་ཅིག་གི་སྟོབས་འབྱོར་དར་རྒྱས་ནི་རྒྱལ་ཁབ་དེའི་བང་མཛོད་ནོར་གྱིས་ཕྱུག་པ་དང་མཁར་གྱང་བརྟན་པོ་ཡིན་པ། སྤྱི་བའི་སྒྲིག་ཆས་བརྗིད་ཉམས་མཛེས་པ་བཅས་ལ་རག་ལས་མེད་པར། མི་དམངས་ལ་སློབ་གསོ་ཐོབ་པ་དང་མི་དམངས་ཀྱི་རྒྱང་རིང་མཐོང་བའི་ཕུལ་བྱུང་གི་ལྟ་ཚུལ་དང་མི་གཞིའི་སྤུས་ཚད་ལ་རག་ལས་པ་ཡིན། འདི་ནི་ད་གཟོད་འཇོན་ནུས་ངོ་མ་དང་སྟོབས་ཤུགས་ངོ་མ་དེ་ཡིན་ནོ།།"

06、གཞུང་རྒྱུ།

ཨ་རིའི་ཁང་བ་ལ་དུས་གཏན་གྱི་བདག་དབང་ཡོད་པར་མ་ཟད། ཁང་བའི་སྟེང་གི་བར་སྣང་དང་འོག་གི་སའི་རྨིད800ནང་ཚུན་ཡང་ཁང་བདག་དེ་ལ་དབང་ཞིང་གཏོགས་པ་རེད། མཐོ་ཚད་ངེས་ཅན་ཞིག་གི་བར་སྣང་ད་གཟོད་རྒྱལ་ཁབ་ཀྱི་ཡིན་པ་དང་། གལ་ཏེ་ཁང་བའི་འོག་གི་རྨིད800ནང་ཚུན་དུ་རྡོ་སྣུམ་དང་གཞན་པའི་གཏེར་ཁ་བྱུང་བ་ཡིན་ན་ཐོན་ཁུངས་དེ་དག་ཡོད་ཚད་ཁང་བདག་ལ་དབང་བ་ཡིན།

07、དྲོད་འཇམ།

ཨ་རིའི་ས་ཆ་ག་གེ་མོ་ཞིག་ཏུ་ལོ་གང་རུང་ཞིག་ནང་ཁ་བ་ཆེན་པོ་བབས་པ་ཡིན་ན། སློབ་གྲྭས་སློབ་མ་ཚང་མ་གཅིག་ཀྱང་མ་ལུས་པར་སློབ་གྲྭར་འོངས་པའི་དགོས་འདུན་འདོན་པ་ཡིན། དེ་ལ་ངོ་རྒོལ་བྱེད་མཁན་ཁྱིམ་བདག་ཡོད་ན། སློབ་གྲྭས་འདི་ནི་དྲོད་རླངས་མེད་པའི་དབུལ་བོའི་བུ་ཕྲུག་ཚོའི་ཆེད་ཡིན་པར་བཤད་པ་དང་ཁོ་ཚོ་སློབ་གྲྭར་སླེབས་ན་མ་མཐའ་ཡང་དྲོད་རླངས་དང་ཁུ་བ་ཚ་མོའི་བཏུང་བྱ་ཡོད། ཁྱིམ་བདག་གིས་བཤད་དོན། དེས་ན་བྱིས་པ་སློབ་གྲྭར་འགྲོ་རུ་ཆུགས་ཟེར། ཡང་ཅིའི་ཕྱིར་སློབ་མ་ཡོངས་སློབ་གྲྭར་འགྲོ་དགོས་པ་ཡིན་ནམ་ཞེ་ན།

སློབ་གྲྭ་ཕྱོགས་ནས་བཤད་དོན། འདི་ལྟར་བྱེད་པ་ནི་ཁོ་རང་ཚོའི་རང་བཀུར་གྱི་འདུ་ཤེས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་ཟེར།

08、ཕུང་བོ།

ལོ་ངོ30འདས་ཟིན། ཨ་རིས་ད་དུང་ཡང་ཅན་ཕོ་གྲེ་དང་ཡོ་ནན། ལོ་བོ་སོགས་རྒྱལ་ཁབ་ཁག་ཏུ་དམག་འཁྲུག་སྐབས་བོར་བརླག་ཏུ་སོང་བའི་ཨ་རིའི་དམག་མིའི་ཕུང་བོ་འཚོལ་བཞིན་ཡོད། ཨ་རིས" ས་རྨིད་གཅིག་བསྔོག་པ"ཞེས་པ་ནི"མི་ཚང་མ་རང་ཁྱིམ་དུ་ལོག་པ"ལག་བསྟར་དོན་འཁྱོལ་འོང་བའི་དམ་བཅའི་ཚིག་ཅིག་ཡིན་ལ། ལས་གཞི་འདི་ནམ་ཡང་མཚམས་འཇོག་བྱས་མྱོང་མེད། མི་སུ་ཞིག་ཡིན་ཡང་གཡུལ་ཉེས་བྱུང་བའི་ཨ་རིའི་དམག་མིའི་ཕུང་བོ་རྙེད་པ་ཡིན་ན་དེ་ལ་ཨ་སྒོར་ཁྲི25བྱ་དགའ་རུ་སྤྲོད་པ་ཡིན་ལ་ཨ་རིར་གནས་སྤོར་བྱེད་པར་རོགས་རམ་བྱེད་པ་ཡིན། འདི་ལྟ་བུའི་རྒྱལ་ཁབ་ལ་སུ་ཞིག་གིས་དོ་ཟླ་འོང་ངམ།


ང་ཚོའི་ཡུན་འབར་རྒྱང་སྐྱོད་དམག་ཁྲི་བཅུ་ལྷག་གི་ཕུང་བོ་ནི་རྒྱལ་ཁབ་གཞན་གྱི་ཡུལ་དུ་རུལ་ཚར་སོང་།

09、འདྲ་མཉམ།

ཨ་རིའི་ཨ་ལིན་ཏོན་རྒྱལ་ཁབ་བང་སོ་རུ་མུ་མཐའ་བྲལ་བའི་དཀར་གཙང་གི་དུར་རྡོས་ཁེངས་ཡོད།

དམག་དཔོན་དང་དམག་མི་ནི་མཉམ་གནས་ཡིན་ལ་ཤི་བའང་འདྲ་མཉམ་ཡིན།

10、ཨ་རིས་རང་ཉིད་ཀྱི་སྐྱོན་མཚང་ཐེར་འདོན་ཁྲོད་ནས་རང་ཉིད་ལ་སྟོབས་ཤུགས་འཛོམས་པར་བྱེད་པ་ཡིན།

ཨ་རི་ནི་འཛམ་གླིང་ཡོངས་སུ་རང་གི་རྒྱལ་ཁབ་ལ་སྐྱོན་བརྗོད་བྱེད་མཁན་ཆེས་གཙོ་བོ་ཞིག་ཡིན་ཏེ། ཤེས་ཡོན་པ་དང་གསར་འགྱུར་སྡེ་ཁག་དག་ནི་ནམ་ཡང་ཧ་ལམ་སྲིད་གཞུང་གི་ཁ་གཏད་དུ་ལངས་ཡོད་པ་དང་ལམ་ལུགས་ལ་སྐྱོན་བརྗོད་དང་སྲིད་ཇུས་ལ་སྐྱོན་བརྗོད། སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པ་ཡིན།

འཁྲུག་ཆེན་གཉིས་པའི་རྗེས་སུ་ཨ་རིས་མ་མཐའ་ཡང་རང་ཉིད་ལ་ནན་ཏན་གྱིས་སྐྱོན་མཚང་ཐེར་འདོན་བགྲོ་གླེང་ཐེངས་བརྒྱད་ལ་བྱས་པ་དང་། ཐེངས་མ་རེ་རེར་ཨ་རིའི་རང་མཚང་གི་རྦ་རླབས་རེ་འཕྱུར་བར་བྱས་ཡོད། སྟབས་ལེགས་པ་ཞིག་ལ། ཨ་རིའི་འགོ་ཁྲིད་པས་ནམ་ཡང་དེ་དག་ལ་གཟབ་ཉན་དང་སྐྱོན་ཆ་ལ་ཡོ་བསྲང་བྱེད་པ་ཡིན་པས་རང་ཉིད་ཀྱི་སྐྱོན་མཚང་ཐེར་འདོན་བྱེད་པའི་གོ་རིམ་ཁྲོད་ནས་རང་ཉིད་འཕེལ་རྒྱས་སུ་བཏང་བ་རེད།

11、རྒྱལ་ཁབ་གཞན་པའི་ནང་སྲིད།

1994ལོར། ལོ་བང་ཏ་རྒྱལ་ཁབ་ཏུ་ཚོ་ཁག་རིགས་རྒྱུད་བར་གྱི་འཁོན་འཛིན་གྱིས་མི་ཁྲི80ལྷག་དམར་གསོད་བཏང་བ་རེད།

འདི་ལ་ཨ་རིས་དུས་ཐོག་ཏུ་ཐེ་གཏོགས་མ་བྱས་པའི་དབང་གིས་ཧྥེ་གླིང་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱས་དོན། "ཨ་རིའི་དམག་མི་བརྒྱ་ཕྲག་འགའི་ཚེ་སྲོག་ནི་གླིང་འདིའི་མི་ཁྲི་ཕྲག་འགའི་ཚེ་སྲོག་ལས་ཀྱང་གལ་ཆེན་ཡིན་ནམ།" མཐར་སྲིད་འཛིན་ཁི་ལིན་ཏོན་སྐུ་དངོས་སུ་ལོ་བང་ཏ་རུ་འཚམས་འདྲིར་ཕེབས་ཤིང་སེམས་གཏིང་ནས་ཁོ་ཚོར་དགོངས་དག་ཞུས། མི་དེ་དག་ཨ་རིས་བསད་པ་མིན་ནའང་ཨ་རིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མ་བྱས་པར་ཉེས་པ་གང་ཡོད་དམ་ཞེ་ན། དེའི་རྒྱུ་མཚན་ཁྱེད་ལ་གཞན་གྱིས་ཉེས་སྐྱོན་བཟོ་བར་བཀག་འགོག་བྱེད་ཐུབ་པའི་ནུས་པ་ཡོད་ཀྱང་དུས་ཐོག་ཏུ་དེ་ལ་བཀག་འགོག་མ་བྱས་པ་ཡིན་ན། དེ་ནི་ཉེས་སྐྱོན་ཞིག་གོ།།

12、མཚོན་ཆ།

སྤྱི་ལོ1791ལོའི་ཟླ12ཚེས15ཉིན་གཏན་འབེབས་བྱས་པའི་ཨ་རིའི་རྩ་ཁྲིམས་དོན་ཚན་གཉིས་པ་བཟོ་བཅོས་བྱས་པའི་དོན་ཚན་གྱི་ནང་དོན་གཤམ་གསལ། "སྒྲིག་ཁྲིམས་ནན་སྲུང་བྱེད་པའི་དམངས་དམག་ནི་རང་དབང་གི་མངའ་སྡེ་ཞིག་གི་བདེ་འཇགས་འགན་སྲུང་བྱེད་པར་མཁོ་བ་ཡིན། དེ་བས་མི་དམངས་ཀྱིས་མཚོན་ཆ་ཉར་ཆོག་པའི་ཁེ་དབང་ལ་རྡོག་རྫིས་བཏང་མི་ཆོག"

ཨ་རིའི་མི་ཡོངས་ལ་གཅིག་མཚུངས་ཀྱི་དོགས་གཞི་ཆེན་པོ་ཞིག་ཡོད་པ་ནི། སྲིད་གཞུང་གང་ཞིག་ལའང་ཡིད་རྟོན་བྱ་ཐབས་མེད་པས། ཁོ་ཚོས་དོན་གང་ཞིག་ཡིན་ནའང་རང་ཉིད་ལ་བརྟེན་དགོས། དེ་བས་རང་གི་ལག་ཏུ་མེ་མདའ་ཞིག་ཡོད་ན་ཁོ་ཚོར་དེ་བས་ཀྱང་སྟོབས་ཤུགས་ཡོད་སྙམ་པ་རེད།

13、གཞུང་ཞབས་པ།

ཨ་རིར་གཞུང་ཞབས་པར་ཡིག་རྒྱུགས་སྤྲོད་འདོད་ཡོད་པའི་སློབ་ཆེན་སློབ་མ་ནི3%ཙམ་རེད།

མེ་ཏི་བེ་ཅེ་ཧྥིས་བཤད་མྱོང་ཡོད་དེ། རྒྱལ་ཁབ་ཅིག་གི་ལོ་གཞོན་དག་གཞུང་ཞབས་པ་བྱེད་པར་བརྩོན་ལེན་བྱེད་པ་དེས་རྒྱལ་ཁབ་དེ་ཉིད་རྩ་བ་ནས་རུལ་སུངས་སུ་གྱུར་ཟིན་པ་ཤེས་ཐུབ་ཟེར།

14、ཕོགས་དངུལ།

འཛམ་གླིང་ཡོངས་སུ་ཆུ་ཚོད་རེར་མི་རེར་ཆ་སྙོམས་ཀྱི་ཕོགས་དངུལ་ཨང་དང་བོ་ཡིན་པ་ནི་འཇར་མན་ཡིན་ལ། ཧ་ལམ་ཨ་སྒོར30ཡོད། ཨང་གཉིས་པ་ནི་ཨ་རི་ཡིན་ལ་ཧ་ལམ་ཨ་སྒོར22ཡོད།

15、ཉིའུ་ཡོག་གྲོང་ཁྱེར་འགོ་འཛིན་ཀྱང་ཉིན་ལྟར་ས་འོག་མེ་འཁོར་དུ་འཚང་ཁ་བྱེད་བཞིན་ཡོད།

ཉིའུ་ཡོག་གྲོང་ཁྱེར་འགོ་འཛིན་པོ་ལུང་པོ་ནི2001ལོར་ལས་འགན་ཁུར་བ་ནས་བཟུང་ཐེངས་གསུམ་ལ་ལས་ཁུར་བསྟུད་བཞེས་གནང་བ་དང་། ལོ་རེའི་ཕོགས་ནི་སྒོར་གཅིག་ཡིན། (ཁོ་རང་མ་གཞི་ནས་ཨ་སྒོར་དུང་ཕྱུར་བརྒྱ་བརྒལ་བའི་ཨ་རིའི་ཕྱུག་བདག་ཅིག་ཡིན་པ་དང་གྲོང་ཁྱེར་འགོ་གཙོས་ལོ་ཕོགས་ཨ་སྒོར་གཅིག་ལེན་པ་ཕྱིའི་རྣམ་པ་མཚོན་བྱེད་ཙམ་མོ) ཁོ་རང་ཉིན་ལྟར་ས་འོག་མེ་འཁོར་ལ་བསྡད་ནས་ལས་ཚོགས་ལ་འགྲོ་བཞིན་ཡོད་ལ། འཚང་ཁ་བྱེད་པའི་མེ་འཁོར་ལས་དུས་རྒྱུན་ཁོ་ལ་འདུག་སྟེགས་སྤྲོད་ཀིན་མེད་པ་དང་ཆུ་ཚོད་ཕྱེད་ཀ་ཙམ་ཡར་ལངས་ནས་འགྲུལ་བཞུད་བྱ་དགོས། ད་དུང་ཁོས་ཉིའུ་ཡོག་གི78%སྲིད་གཞུང་གི་དམིགས་བསལ་དབང་ཆ་ཡོད་པའི་རླངས་འཁོར་མེད་པར་བཟོས་པ་རེད།

ཅ་ཀྲིག་མངའ་སྡེའི་གཙོ་འཛིན་ཧྲི་བ་ཞིན་ཀིས(ལས་ཁྱུར་ངལ་གསོ་བྱས་ཟིན)ཀྱང་ཕྱིའི་རྣམ་པ་མཚོན་བྱེད་ཙམ་དུ་ཕོགས་དངུལ་ཨ་སྒོར་གཅིག་བླངས་པ་རེད།

16、ཨ་རིའི་ཁ་གཏད་གཅོག་དཀའ་བའི་ཁྱིམ་ཚང་།

ཨ་རིའི་ཞེ་ཡ་ཐོ་རུ་ཁ་གཏད་གཅོག་དཀའ་བའི་ཁྱིམ་ཚང་ཞིག་ཡོད་པ་དེ་འཛུགས་སྐྲུན་སྡེ་ཁག་ལས་རྣམ་པར་རྒྱལ། རྨིད་ངོས་སྙོམས་གྲུ་བཞི་མ90ཙམ་ལས་མེད་པའི་ཁང་ཆུང་དེ་ལ་གྲོང་ཁྱེར་ཚོང་རའི་རིན་གོང་ལས་ལྡབ་བཅུ་ཕྲག་འགའ་ལས་མཐོ་བའི་ཨ་སྒོར་ཁྲི་བརྒྱ་ལྷག་གི་སྐྱིན་ཚབ་སྤྲད་ནའང་། དགུང་ལོ80ལྷག་ཡིན་པའི་ཁང་བདག་བགྲེས་སོང་གིས་གནས་སྤོར་བར་མོས་མཐུན་མ་བྱས་པ་རེད། མཐར་འཛུགས་སྐྲུན་ཁེ་ལས་མཐུན་ཚོགས་ཀྱིས་ཁོ་མོའི་ཁང་བ་སོར་བཞག་བྱས་ཤིང་དེའི་མཐའ་རུ་བརྩེགས་རིམ་ལྔ་ཅན་གྱི་ཚོང་ལས་ཐོག་ཁང་བསྐྲུན་པ་རེད།

དེར་མ་ཟད། ཁེར་རྐྱང་ཡིན་པའི་ཁོ་མོ་དང་ཚོང་ལས་ཁང་བརྩེགས་ཀྱི་བཟོ་སྐྲུན་ལས་གཞིའི་གཙོ་འགན་པ་མཱ་ཏིན་གཉིས་ལོ་ཚད་ཆེ་ཆུང་ཡོད་པའི་གྲོགས་པོ་རུ་གྱུར་བ་དང་ཁོ་མོ་འདས་རྗེས་ཁང་བ་དེ་མཱ་ཏིན་ལ་སྤྲད་པ་རེད།

17、ངོ་རྒོལ།

སྐབས་དེའི་ཨ་རིའི་སྲིད་འཛིན་ཁི་ལིན་ཏོན་ཀྲུང་གོར་ཕེབས་ཏེ་པེ་ཅིན་སློབ་ཆེན་དུ་གཏམ་བཤད་སྤེལ་བ་དང་དྲི་བ་འདོན་པའི་དུས་སུ་ཐོན་སྐབས། སློབ་མ་ཞིག་གིས་འདྲི་དོན། "སྲིད་འཛིན་ཁི་ལིན་ཏོན། ཐེངས་སྔོན་མར་ང་ཚོའི་ཀྲུའུ་ཞིས་མཆོག་ཨ་རིར་འཚམས་འདྲིར་ཕེབས་སྐབས། ཕྱི་རོལ་ནས་ངོ་རྒོལ་བྱེད་མཁན་འདུག གལ་ཏེ་དེ་རིང་ཡང་ཚོམས་ཆེན་འདིའི་ཕྱི་རོལ་དུ་ཁྱེད་ལ་ངོ་རྒོལ་བྱེད་མཁན་ཡོད་ན་དེ་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ"ཞེས་དྲིས།

སྲིད་འཛིན་ཁི་ལིན་ཏོན་འཛུམ་དམུལ་དམུལ་ངང་གསུངས་དོན། "དོན་དངོས་སུ་ཨ་རིར་ཡང་ང་ལ་དུས་རྒྱུན་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱིན་ཡོད། ངའི་བྱ་བ་ནི་ངོ་རྒོལ་བྱེད་མཁན་དག་གི་བསམ་ཚུལ་ལ་གཟབ་ཉན་བྱས་ཏེ་ཇི་ལྟར་ཁོ་ཚོའི་གནད་དོན་ཐག་གཅོད་པར་རོགས་རམ་བྱེད་པ་དེ་ཡིན"ཞེས་གསུངས།

18、ཨ་རིའི་སྤྲང་བོ་དང་མི་འདྲ་ས།

ཨ་རིའི་སྤྲང་བོ་ནི་གཙོ་བོ་ལོ་གཞོན་ཡིན་པ་ལས་དབང་བོ་སྐྱོན་ཅན་དང་རྒས་འཁོགས་ཞ་བོ་ཤིན་ཏུ་ཉུང་། འདིས་ཅི་ཞིག་གསལ་བཤད་བྱས་ཡོད་ཅེས་ན། ཨ་རིའི་སྤྲང་བོ་ནི་གཙོ་བོ་ལས་ལ་མི་བརྩོན་པའི་སྒྱིད་ལུག་འབའ་ཞིག་ཡིན་པ་དེའོ།། དེ་ཡང་ཨ་རི་སྲིད་གཞུང་གིས་ཕག་ལྟ་བུའི་སྒྱིད་ལུག་མཁན་དག་གསོ་མི་འདོད་པ་དང་དབང་བོ་སྐྱོན་ཅན་དང་རྒས་འཁོགས་ཞ་བོ་ལ་བདག་སྐྱོང་བྱེད་པ་ཡིན།

19、ཨོ་བྷ་མའི་ནུ་བོས་བཤད་དོན། "ང་ལ་ཕུ་བོས་རོགས་རམ་བྱེད་དགོས་དོན་མེད།"

དབྱིན་ཇིའི་ཉིན་རེའི་ཡིག་ཟམ་གསར་ཤོག་གིས་སྤེལ་དོན། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཕ་གཅིག་ཡིན་པའི་ནུ་བོ་ཆོ་གྲི་སྤྱི་ལོ2008ལོར་ཐེངས་དང་བོར་མང་ཚོགས་ཀྱི་མིག་ལམ་དུ་མངོན་པ་རེད། སྐབས་དེར་ཁོ་རང་ཁིན་ནེ་ཡའི་དབུལ་བོའི་སྡོད་ཁུལ་དུ་གནས་སྡོད་བྱས་ཡོད་པས། ཨོ་བྷ་མས་རང་གི་ནུ་བོ་ལ་རོགས་རམ་མི་བྱེད་པར་སྐྱོན་བརྗོད་ཀྱང་བྱས་པ་རེད། ཡིན་ནའང་ཁ་སང་གི་བརྙན་རིས་ཤིག་གི་ནང་དུ་ཆོ་གྲིས་བཤད་དོན་རང་ཉིད་ནི་ནར་སོན་ནས་ཡོད་པས་ཨོ་བྷ་མས་བདག་སྐྱོང་བྱེད་དགོས་དོན་མེད་ཟེར་བ་དང་། ཡང་ཁོས་ཨོ་བྷ་མས་འཛམ་གླིང་ཡོངས་ལ་བདག་སྐྱོང་བྱེད་བཞིན་ཡོད་པས་ང་རང་ལའང་བདག་སྐྱོང་བྱས་པ་དང་གཅིག་མཚུངས་ཡིན་ཟེར།

2010ལོའི6ཚེས14ཉིན། ཨོ་བྷ་མ་ཨ་ལ་བྷ་མའི་མཚོ་ཁུལ་དུ་སྣུམ་ཤོར་བའི་དོན་རྐྱེན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས། གནས་དེའི་མང་ཚོགས་ཀྱི་རྣམ་འགྱུར་མི་ལེགས་པ་བསྟན་ནས་སྲིད་འཛིན་ལ་འདུག་སྟེགས་མ་སྤྲད་པ་རེད།

20、ཡོངས་ཁྱབ་རིན་ཐང་ལྟ་བ།

ཞི་བདེ་གནམ་བསྐོས་རྒྱལ་ཁབ་ཀྱི་དུས་སུ། ཨ་རིའི་ཆོས་སྤེལ་མཁན་མེ་ཏི་ལི་ཀྲུང་གོར་སླེབས་པ་དང་ཁོ་རང་གིས་བསམ་པའི་ཡུལ་ལས་འགོངས་པའི་དཀའ་ངལ་སྣ་ཚོགས་ཤིག་དངོས་སུ་མིག་གིས་མཐོང་། རྗེས་སུ་ཁོས་བཤད་དོན། ད་སྐབས་ཀྲུང་གོ་ལ་ཆེས་མཁོ་བ་ནི་དེང་རབས་ཅན་གྱི་ཚན་རིག་ལག་རྩལ་མ་ཡིན་པར་རྨང་གཞིའི་ཤེས་རིག་རེད་ཅེས་སྤྱིར་བསྡོམས་མཛད།

དེ་ཡང་རྨང་གཞིའི་ཤེས་རིག་ཅེས་པ་ནི་གན་རྒྱའི་བསམ་བློ་དང་ཁེ་དབང་གི་འདུ་ཤེས། ད་དུང་དམངས་གཙོ་ཆབ་སྲིད་དང་མི་སྒེར་རང་དབང་གི་གོ་རྟོགས་བཅས་རེད། ད་ལྟ་འདི་དག་ལ་ཡོངས་ཁྱབ་རིན་ཐང་ཟེར་ཞིང་དེའི་དོན་ནི་ཀླ་ཀློ་མི་རྒོད་ལས་གཞན་པའི་མི་ཚང་མས་འདི་རྟོགས་དགོས་ཞེས་པའི་དོན་ནོ།།

21、ལོ་རྒྱུས་ཀྱི་ལྟ་ཚུལ།

ཨ་རིའི་ལོ་རྒྱུས་བསླབ་གཞི་བཀླགས་པ་ཡིན་ན་དེའི་ནང་ཇི་འདྲའི་ངོ་གནོང་དགོས་པའི་དོན་ནི་དེ་འདྲའི་ཞིབ་པར་བྲིས་ཡོད་དེ། དཔེར་ན་མི་རྒྱུད་ནག་པོར་མཐོང་ཆུང་བྱས་པ་དང་དཔལ་འབྱོར་ཉམས་རྒུད་ཆེན་མོའི་དུས་སྐབས། ཀྲུང་གོའི་བཟོ་བར་གཅར་བརྡུང་བྱས་པ་སོགས་གསལ་བོར་བྲིས་ཡོད། ཡིན་ནའང་ཁོང་ཚོའི"རླབས་ཆེ་བའི་གྲུབ་འབྲས"སྐོར་ནི་བཀླགས་ཀྱང་རྙེད་དཀའ་འོ།།

མ་གཞི་ཨ་རི་བས་རང་ཁྱིམ་གྱི་སྐྱོན་མཚང་ཕྱི་རུ་བསྒྲགས་ཏེ་མི་རབས་རྗེས་མར་ཉེན་བརྡ་གཏོང་བཞིན་ཡོད་པ་དང་། ཡང་བསྐྱར་དེ་འདྲའི་ནོར་འཁྲུལ་གཏན་ནས་མི་བཟོ་བར་བྱེད་ཀྱིན་ཡོད། དེ་ཡང་ལོ་རྒྱུས་ཡོད་ཚད་ཉེ་རབས་ལོ་རྒྱུས་ཡིན་པ་དང་། ལོ་རྒྱུས་ལ་མཛེས་ཆས་བརྒྱན་ཏེ་བབ་ཅོལ་ཡང་མངོན་འགྱུར་བྱེད་པ་དང་མ་འོངས་པའི་བཀྲག་མདངས་ཉམས་པར་བྱས་ཤིང་རྗེས་རབས་པ་བློ་གྲོས་ཀྱིས་དབུལ་བར་བྱས་ཡོད། དེ་ཡང་ངོ་མཚར་བ་ཞིག་ནི་ཁྱིམ་གྱི་སྐྱོན་མཚང་དེ་ཡང་བསྐྱར་ལེགས་འགྲུབ་དང་མངོན་འགྱུར་བྱུང་བར་བྱས་ཡོད་པ་དེའོ།།

22、སློབ་གྲྭའི་རླངས་འཁོར།

ཨ་རིས་བྱིས་པའི་ཚེ་སྲོག་གི་བདེ་འཇགས་ལ་ཆེས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྲུང་སྐྱོབ་བྱེད་པ་ཡིན། སློབ་གྲྭའི་རླངས་འཁོར་ལ་མངོན་པར་གསལ་བའི་ཁ་དོག་ཡོད་པ་དང་ཆེས་སྲ་བརྟན་ཡིན་པའི་ཇུས་འགོད་བྱས་ཡོད། སློབ་གྲྭ་གྲོལ་སྐབས་རླངས་འཁོར་ཡོད་ཚད་ཆ་རྐྱེན་ཅི་ཡང་མེད་པར་བསྡད་དེ་སྔོན་ལ་བྱིས་པ་ཚོ་འགྲོ་རུ་འཇུག་དགོས། འདི་ནི་ཁྲིམས་ལུགས་ནང་གཏན་འབེབས་བྱས་ཡོད།

དེ་ཡང་ཁོ་རང་ཚོའི་བསམ་བློ་ནི། སྲིད་འཛིན་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་བྱིས་པའི་བདེ་འཇགས་ལའང་སྲུང་སྐྱོབ་བྱ་དགོས། དེའི་རྒྱུ་མཚན་ཁྱེད་ཀྱིས་གཞུང་ལམ་བརྒལ་བའི་བྱིས་པ་འདི་དག་ཁྲོད་ཀྱི་གང་རུང་ཞིག་ཨ་རིའི་མ་འོངས་པའི་སྲིད་འཛིན་ཡིན་པ་ཤེས་མི་ཐུབ་པོ།།

23、ནང་འཁྲུག་ལ་བཅིངས་འགྲོལ་མི་ཟེར།

ཨ་རིར་ཡང་སྔོན་ཆད་ལྷོ་བྱང་གཡུལ་འཐབ་ཀྱི་ནང་འཁྲུག་བྱུང་བ་རེད། ཡིན་ནའང་ཁོ་ཚོས་མགྱོགས་མྱུར་ངང་ཤེས་རྟོགས་བྱུང་བ་ནི། ལྷོ་ཕྱོགས་ཀྱི་དམག་ཅི་ཙམ་ཤི་བ་དང་ཡང་ན་བྱང་ཕྱོགས་ཀྱི་དམག་ག་ཚོད་ཤི་བའི་གནད་དོན་ཙམ་མ་ཡིན་པར། ཐོག་མར་ཤི་བ་དེ་ནི་མི་ཞིག་ཡིན་པ་དང་རྗེས་སུ་ཤི་མཁན་དེ་ནི་ཨ་རི་བ་ཞིག་ཡིན་པ་དེའོ།།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཨ་རིའི་སྟོབས་ཤུགས་ནི་ཚན་རྩལ་དང་མཚོན་ཆ། རྒྱུ་ནོར་བཅས་ལ་འབྲེལ་བ་མེད།   སྤེལ་མཁན།: རླུང་བུ། སྤེལ་དུས:2017/5/8
ཨ་རིའི་སྟོབས་ཤུགས་མཚོན་ཡོད་པ་
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23504058
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།