གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུ
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-30ལྟ་ཀློག (5702)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་ལྔ་བཞིའི་ན་གཞོན་དུས་ཆེན་དཀྱིས་གཅིག་ཏུ་བསུས།


    རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་བོའི་སྟེང་ལོ་རེའི་སྤྱི་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ནི་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་ཐག་བཅད་བགྱིས་པ་ནང་བཞིན། དེ་རིང་སྟེ་སྤྱི་ཟླ་ ༤ ཚེས་ ༣༠ ཉིན་ངེད་སློབ་གླིང་གིས་ཀྱང་མི་རིགས་རིག་གནས་འཕེལ་རྒྱས་དང་། བླང་དོར་མཁས་པའི་མིག་ལ་བརྟེན་པ་ཉིད་ནི་གལ་ཆེ་བར་ངེས་ནས་དུས་ཆེན་ལ་སྲུང་བརྩི་དང་དགའ་བསུའི་བྱ་འགུལ་སྤེལ། དགེ་རྒན་དང་སློབ་མ་སུ་ཡིན་ཡང་སུག་བྲིས་བཟང་བོ་ཞིག་འཛོམས་མིན་ལ་མ་ལྟོས་པར་ཤོག་བུ་དང་སྨྱུ་གུ་བསྣམས་ཏེ་བོད་ཀྱི་ཡིག་གཟུགས་སྣ་ཚོགས་གང་ཐོན་གྱིས་བྲིས། བོད་ཀྱི་ཡིག་གཟུགས་དུས་ཆེན་ནི་འཇམ་མགོན་ཐོན་མི་མཆོག་ལ་རྗེས་དྲན་ཞུ་སྟངས་ཤིག་དང་། ཡང་ན་སློབ་དཔོན་ཐོན་མིའི་སྐུ་དྲིན་དྲན་ཚུལ་ཞིག་ཀྱང་ཅིས་མ་ཡིན། དེ་སླད་སློབ་གཙོ་རྒན་བཀྲ་ཤིས་ཚེ་རིང་སོགས་རང་སློབ་གྲྭའི་གཙོ་འགན་པ་དག་གིས་སྣེ་ཁྲིད་དེ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དང་བོ་བསུ་བའི་བྱ་འགུལ་ཕུན་སུམ་ཚོགས་པ་འཁྱོངས་སོ།།
   གཞན་དགེ་སློབ་ལས་བཟོ་བ་དང་བཅས་པས་གཟབ་མཆོར་གྱི་རྒྱན་གོས་སྤྲོས་ཤིང་། སློབ་གཙོ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་ན་གཞོན་དུས་ཆེན་གྱི་དགོས་གལ་དང་། ན་གཞོན་རྣམས་ཀྱི་འགན་འཁྲི་གང་ཡིན་སྐོར་གྱི་ཐོག་མའི་གཏམ་བཤད་སྤེལ། དེ་མིན་སློབ་གྲྭའི་རིག་རྩལ་སློབ་ཚོགས་ཀྱིས་གཙོས་སྡེ་ཁག་སོ་སོ་དང་། འཛིན་གྲྭ་སོ་སོས་གླུ་གར་དང་། ཞབས་བྲོ། གར་ཆུང་དང་བཤད་པ་སོགས་རིག་རྩལ་གྱ་ནོམ་པ་དང་བཅས་ལྔ་བཞིའི་ན་གཞོན་དུས་ཆེན་བསུས།

དགེ་རྒན་བཟང་རྒྱལ་གྱི་ཡིག་གཟུགས།

སློབ་གཙོ་གཞོན་པ་རྒན་འབྲུག་འབུམ་རྒྱལ་གྱིས།

སློབ་གཙོ་གཞོན་པ་རྒན་འཇམ་དཔལ་གྱི་བོད་དབྱིན་རྒྱ་གསུམ་གསུམ་གྱི་ཡིག་གཟུགས།

རྒན་སྒྲོལ་མ་སྐྱབས།

རྒན་པད་དཀར་འབངས།


སློབ་བུ་འཛམ་ཆུང་།

སློབ་བུ་སངས་རྒྱས་མཚོ།

སློབ་བུ་ཚོས་སྦྱངས་ཤིང་བཀོལ་ཏེ་འབྲི་བ།

སྦྱངས་ཤིང་སྟེང་གི་ཐོན་མིའི་མཛུབ་རིས།

བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག

གསར་འགོད་པ། པད་དཀར་འབངས་ཀྱིས་༢༠༡༧  ༤  ༣༠  ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498130
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།