རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་ཁུལ་སློབ་རའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་ཁུལ་སློབ་རའི་གསར
རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་ཁུལ་སློབ་རའི་གསར་འགྱུར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-04-28ལྟ་ཀློག (3934)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་ཁུལ་སློབ་རའི་གསར་འགྱུར།

 དེ་རིང་སྟེ་སྤྱི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ངེད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་བོད་སྐད་ཡིག་སྡེ་ཁག་གིས་དམའ་འབྲིང་རིམ་པའི་༼གསེར་སྨྱུག་རྟགས་མའི་སྙན་ངག་གྱེར་འདོན་འགྲན་སྡུར་༽གྱི་བྱ་འགུལ་སྤེལ་ཞིང་དམའ་གཉིས་ལྔ་བའི་སློབ་བུ་འཇིགས་མེད་སྐལ་བཟང་དང་དམའ་གཅིག་གཉིས་པའི་སློབ་མ་འཛོམས་ལོ་གཉིས་ཀྱིས་མདོ་འཛིན་བྱས།


བྱ་འགུལ་གྱི་མདོ་འཛིན་པ།

སྙན་ངག་གྱེར་འདོན་ལ་དཔྱད་འདེམས་བྱེད་བཞིན་པ།

བྱ་དགའ་ཐོབ་པའི་སློབ་གྲོགས་བཞི།
     དཔྱད་འདེམས་པ་རང་སློབ་གྲྭའི་སློབ་གཙོ་ཚེ་རིང་བསྟན་པ་གཙོས་དགེ་རྒན་རྒན་པ་མཚན་ཉིད་བོད་ཡིག་ཁྲིད་དཔྱོད་ཁང་གི་ཚན་གཙོ་ལྷ་མོ་དང་དགེ་རྒན་བསྟན་རྡོར་བསོད་སྟོབས་ཆོས་གྲགས་རྒྱ་མཚོ་བསོད་ནམས་རྒྱ་མཚོ་ཚེ་དཔལ་སྐྱབས་དང་སྐར་མ་རྩི་མཁན་གསང་མོ་འཚོ་སྐར་མ་སྒྲོག་མཁན་དགེ་རྒན་བཀྲ་ཤིས་དོན་གྲུབ་བཅས་ཡིན།

ཐོག་མར་སློབ་གཙོ་ཚེ་རིང་བསྟན་པ་ལགས་ཀྱིས་སྙན་ངག་གྱེར་འདོན་གྱི་དམིགས་ཡུལ་དང་དགེ་མཚན་གྱི་ཐད་ནས་གཏམ་བཤད་གནང་། དེ་ནས་འཛིན་གྲྭ་རེའི་སློབ་མ་གཅིག་རེ་འགྲན་བསྡུར་དུ་ཞུགས་ཏེ་སྨྲ་བརྗོད་དག་ཅིང་ལང་ཚོའི་ཉམས་དང་ལྡན་པའི་སྒོ་ནས་གྱེར་འདོན་བྱས།
   ཨང་དང་བོ་དམའ་གཅིག་བཞི་བའི་སློབ་མ་རིག་མཚོ་དང་ཨང་གཉིས་པ་དམའ་གཅིག་ལྔ་བའི་ཀླུ་མོ་རྒྱལ་ཨང་གསུམ་པ་དམའ་གཉིས་ལྔ་བའི་འཇིགས་མེད་སྐལ་བཟང་ཨང་བཞི་བ་དམའ་གཅིག་གཉིས་པའི་འཛོམས་ལོ་སོགས་ལ་ཐོབ།

ཐེངས་འདིའི་དཔྱད་འདེམས་དགེ་རྒན་དང་བྱ་དགའ་ཐོབ་པའི་སློབ་གྲོགས་མཉམ་པར།

     མཇུག་མཐར་ངེད་སློབ་གྲྭའི་དགེ་རྒན་དང་ཡང་ན་རྨ་ཡུལ་གླུ་བ་བཀྲ་ཤིས་དོན་གྲུབ་ཀྱི་སྙན་འགྱུར་ངག་གི་གླུ་སྐད་ཁྲོད་ནས་མཇུག་ལེགས་པར་སྒྲིལ་བའོ།།

གསར་འགོད་པ་གཡོན་གཞིས་ཁྲོ་རྒྱལ།
༢༠༡༧-༤-༢༨ཉིན་ལ་སྤེལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506800
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།