འཛམ་གླིང་གི་དུས་ཚོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »འཛམ་གླིང་གི་དུས་ཚོད།
འཛམ་གླིང་གི་དུས་ཚོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-28ལྟ་ཀློག (4875)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   ༄༅།། འཛམ་གླིང་གི་དུས་ཚོད།


རྩོམ་པ་པོ།  དུང་དཀར་བློ་བཟང་འཕྲིན་ལས།

ང་ཚོས་རྒྱུན་དུ་བེད་སྤྱོད་བྱས་པའི་ལོ་ཟླ་དུས་བཞིའི་དུས་ཚོད་ནི། རང་ཉིད་གནས་སའི་ཁུལ་དེའི་ཉི་མ་འཁོར་ཕྱོགས་གཞིར་བཟུང་སྟེ། ཉི་མ་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འཁོར་བསྐྱོད་བྱེད་པའི་འཆར་སྣང་དང་མཐུན་པར་དེ་རིང་གི་ཉི་མ་ཤར་བས་ན་སང་ཉིན་གྱི་ཉི་མ་ཤར་ཁ་ཚུན་ཉིན་ཞག་གཅིག་ཏུ་རྩི་གི་ཡོད་པ་རེད། དོན་དངོས་ཐོག་ཉི་མས་ས་ཡི་གོ་ལར་འཁོར་བསྐྱོད་བྱས་པ་མ་ཡིན་པར་དེ་ལས་ལྡོག་སྟེ་ས་ཡི་གོ་ལས་རྒཡུན་ཆད་མེད་པར་ཉི་མ་བསྐོར་ནས་འགྲོ་བ་མ་ཟད། འཁོར་ཕྱོགས་ཀྱང་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་འཁོར་བསྐྱོད་བྱེད་ཀྱི་ཡོད་ཅིང་། ས་ཡི་གོ་ལ་རང་ཉིད་ཀྱང་གྲུ་གུ་འཁོར་བ་བཞིན་དུ་ནུབ་ནས་ཤར་ཕྱོགས་སུ་འཁོར་བའི་རང་འཁོར་ཡོད་པར་བརྟེན། ང་ཚོའི་མཐོང་སྣང་ལ་ཉི་མ་ཤར་ཕྱོགས་ནས་ཤར་ཏེ་ནུབ་ཕྱོགས་སུ་བཞུད་འགྲོ་བའི་སྣང་བ་འཆར་བ་རེད།
      ས་ཡི་གོ་ལའི་ཐོག་གི་ས་གནས་ཁག་མི་འདྲ་བར་གནས་པའི་མི་རྣམས་ཀྱིས་རང་ཉིད་གནས་སའི་ས་ཁུལ་དེའི་ནམ་མཁའི་དཀྱིལ་ཐིག་ཏུ་ཉི་མ་སླེབས་པའི་དུས་ཚོད་དེར་ཉིན་གུང་ཡིན་པར་རྩི་གི་ཡོད་པས་ས་གནས་ཁག་སོ་སོའི་ཉི་མའི་འཁོར་ཕྱོགས་གཞིར་བཟུང་བའི་དུས་ཚོད་ཀྱང་མི་འདྲ་བ་ཡིན། དཔེར་ན། དབྱིན་ཅིའི་རྒྱལ་ས་ལོན་ཏུན་གྱི་ཉིན་དགུང་ཆུ་ཚོད་བཅུ་གཉིས་པར་སླེབས་སྐབས། རང་རྒྱལ་གྱི་རྒྱལ་ས་པེ་ཅིན་དུ་ཕྱི་དྲོའི་ཆུ་ཚོད་བདུན་དང་སྐར་མ་ཞེ་ལྔར་(རྒྱུན་སྲོལ་གྱི་ཆུ་ཚོད་༡༩ ་་༤༥)སླེབས་ཟིན་པ་ལྟ་བུ་ཡིན་པས། ས་གནས་སོ་སོའི་མཐོང་སྣང་ནམ་མཁར་འཆར་བའི་ཉི་མའི་འཁོར་ཕྱོགས་གཞིར་བཟུང་བའི་དུས་ཚོད་དེ་ལ་ས་གནས་ཀྱི་དུས་ཚོད་ཟེར་ཞིང་། ཐབས་ཤེས་དེ་ནི་གནས་རབས་ནས་འཛམ་གླིང་ཡོངས་སུ་བེད་སྤྱོད་བྱེད་མྱོང་ཡོད།
   གོང་གསལ་ས་གནས་ཀྱི་དུས་ཚོད་དེ་ནི་རྙོག་འཛིང་ཆེ་ལ་གཅིག་གྱུར་མེད་པ་དེའི་འགལ་བ་སེལ་ཆེད་དེང་སང་རྒྱལ་སྤྱིའི་ཐོག་ཚད་ལྡན་དུས་ཚོད་གཏན་འཁེལ་བྱས་ཏེ་བེད་སྤྱོད་བྱེད་འགོ་ཚུགས་ཡོད།  དེ་ཡང་ས་ཡི་གོ་ལའི་ཀླད་གོར་ས་ཁུལ་(བྱི་རྟའི་གཞུང་ཐིག་)དུ་གནས་པའི་དབྱིན་ཇིའི་རྒྱལ་ས་ལོན་ཏུན་གྱི་ཀེ་ལིང་ཝེ་ཀྲིའི་དུས་ཚོད་དེ། འཛམ་གླིང་ཡོངས་ཀྱི་ཚད་ལྡན་དུས་ཚོད་དུ་རྩིས་ནས་འཛམ་གླིང་དུས་ཚོད་ཟེར་བ་རེད།  འོན་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གིས་འཛམ་གླིང་དུས་ཚོད་བེད་སྤྱོད་བྱས་སྐབས་ས་གནས་སོ་སོའི་གནས་ཚུལ་དངོས་དང་མི་མཐུན་པའི་ཚོར་སྣང་ཡོད་པ།   དཔེར་ན། རྒྱལ་ས་པེ་ཅིན་གི་ཉིན་དགུང་ནི་འཛམ་གླིང་དུས་ཚོད་ཀྱི་ཞོགས་པའི་ཆུ་ཚོད་བཞི་བར་རྩི་དགོས་པ་དང་། ཞི་བདེ་རྒྱ་མཚོ་ཆེན་པོའི་ཐིག་གི་ཉིན་དགུང་ནི་འཛམ་གླིང་དུས་ཚོད་ཀྱི་ནམ་ཕྱེད་ཆུ་ཚོད་བཅུ་གཉིས་པར་རྩི་དགིས་པ་སོགས་ཀྱི་སྐྱོན་ཆ་མང་བོ་ཡོང་གི་ཡོད། སྐྱོན་ཆ་དེ་སེལ་ཆེད་ས་ཡི་གོ་ལའི་ཁྱོན་ཡོངས་ལ་ཆ་སུམ་བརྒྱ་དྲུག་ཅུར་ཕྱེ་ནས་དེའི་ཆ་གཅིག་ལ་ཏུན་ཞེས་འབོད་ཅིང་། དུས་ཚོད་ཀྱི་དབང་དུ་བྱས་ན་ས་ཡི་གོ་ལ་རང་འཁོར་ཐེངས་གཅིག་བྱེད་པའི་དུས་ཡུན་དེ་ཆ་ཉི་ཤུ་རྩ་བཞིར་བགོས་ནས་དུས་ཁུལ་ཉི་ཤུ་རྩ་བཞི་དང་། དུས་ཁུལ་རེ་ལ་ཏུའུ་བཅོ་ལྔ། དུས་ཁུལ་རེ་རེའི་བར་ལ་དུས་ཚོད་སྔ་ཕྱི་ཆུ་ཚོད་གཅིག་གི་བར་ཁྱད་ཡོད་པས་ཉིན་མཚན་གཅིག་ལ་ཆུ་ཚོད་ཉི་ཤུ་རྩ་བཞི་ཡིད་པ་དང་ཆ་མཉམ་པ་འབྱུང་ཞིང་། དུས་ཁུལ་ཉི་ཤུ་རྩ་བཞི་བོ་དེ་ཤར་ནུབ་གཉིས་སུ་ཕྱེ་བའི་དཀྱིལ་ཐིག་དེ་ལ་ཀླད་ཀོར་ས་ཁུལ་(བྱི་རྟའི་གཞུང་ཐིག་སྟེ་ནམ་ཕྱེད་བྱི་བ་དང་ཉི་ཕྱེད་རྟ་གཉིས་འཁེལ་སའི་གཞུང་ཐིག) དང་།  དཀྱིལ་ཁུལ་དུ་རྩུས་པའི་དཀྱིལ་ནི། དབྱིན་ཇིའི་རྒྱལ་ཁབ་ཀྱི་ཀེ་ལིང་ཝེ་ཀྲིའི་གནམ་དཔྱད་ཁང་གནས་ས་དེ་ཡིན་པར་གཏན་འཁེལ་བྱས་ཐོག
   དེའི་ཤར་དངོས་གཞུང་ཐིག་ཏུའུ་བདུན་དང་ཕྱེད་ཀ་དེ་དང་། ནུབ་དངོས་ཀྱི་གཞུང་ཐིག་ཏུའུ་བདུན་དང་ཕྱེད་ཀ་བཅས་བསྡོམས་པའི་ཏུའུ་བཅོ་ལྔའི་ས་ཁུལ་དེ་ནི་ཀེ་ལིང་ཝེ་ཀྲིའི་དུས་ཚོད་བེད་སྤྱོད་བྱེད་པའི་ས་ཁུལ་ཡིན། ས་ཁུལ་དེའི་ཤར་ཕྱོགས་ཏུའུ་བཅོ་ལྔའི་ས་ཁུལ་དེ་ལ་ཤར་ཁུལ་དང་བོ་དང་། དེའི་ཡང་ཤར་ཕྱོགས་ཏུའུ་བཅོ་ལྔའི་ཁུལ་དེ་ལ་ཤར་ཁུལ་གཉིས་པར་རྩི་བ་ནས་ཤར་ཁུལ་བཅུ་གཉིས་པའི་བར་དུ་ཏུའུ་བཅོ་ལྔ་རེའི་ཚད་མཉམ་བྱས་ཏེ་བརྩིས། ཀླད་ཀོར་ས་ཁུལ་གྱི་ཏུའུ་བདུན་དང་ཕྱེད་ཀའི་ནུབ་ཕྱོགས་ཏུའུ་བཅོ་ལྔའི་ཁུལ་དེ་ནུབ་ཁུལ་དང་བོ་དང་། དེའི་ཡང་ནུབ་ཕྱོགས་ཏུའུ་བཅོ་ལྔའི་ས་ཁུལ་དེ་ནུབ་ཁུལ་གཉིས་པར་རྩི་བ་ནས་རིམ་བཞིན་ནུབ་ཁུལ་བཅུ་གཉིས་པའི་བར་དུ་ཏུའུ་བཅོ་ལྔ་རེའི་ཚད་མཉམ་བྱས་ཏེ་བརྩིས་པའི་ཁྱོན་བསྡོམས་ས་ཁུལ་ཉི་ཤུ་རྩ་བཞི་ལ་ཏུའུ་སུམ་བརྒྱ་དྲུག་ཅུའི་གྲངས་མཉམ་པ་འབྱུང་། ས་ཁུལ་ཉི་ཤུ་རྩ་བཞི་བོ་དེར་ཚད་ལྡན་དུས་ཚོད་མི་འདྲ་བ་ཉི་ཤུ་རྩ་བཞི་ཡོད་ཅིང་། དུས་ཁུལ་རེར་དུས་ཚོད་ཉི་ཤུ་རྩ་བཞིའི་ཆ་ཡོད་པ་དེ་དང་། ཉིན་མཚན་གཉིས་ཀྱི་ཆུ་ཚོད་བསྡོམས་པའི་ཉི་ཤུ་རྩ་བཞི་ཡོད་པ་གཉིས་གྲངས་ཚད་མཉམ་པ་འབྱུང་ཞིང་། དུས་ཁུལ་རེ་རེའི་བར་དུ་ཉིན་མཚན་གྱི་དུས་སྦྱོར་ཉི་ཤུ་རྩ་བཞིའི་ཚད་རིང་ཐུང་གཅིག་གྱུར(དབྱར་ཁའི་དུས་ཚོད་དེ་ཁོངས་ཚུད་མེད)ཡིན་པསས་གནས་དུས་ཚོད་ལས་ཧ་ཅང་གི་སྟབས་བདེ་བ་ཡོད་དོན་དངོས་ཀྱི་དབང་དུ་བྱས་པའི་དུས་ཁུལ་ཉི་ཤུ་རྩ་བཞིའི་གནས་ཚུལ་དེ་ལྟར་ཡིན་ཀྱང་། ལག་ལེན་བསྟར་སྐབས་རྒྱལ་ཁབ་སོ་སོའི་མངའ་ཁོངས་རྒྱ་ཆེ་ཆུང་དང་། རང་བྱུང་ས་དབྱིབས་ཆགས་ཚུལ་མི་འདྲ་བ་གཞིར་བཟུང་དགོས་པ་མ་གཏོགས། དོན་དངོས་སུ་གནས་པའི་དུས་ཁུལ་ལྟར་ལག་ལེན་བྱས་ན། མངའ་ཁོངས་རྒྱ་ཁྱོན་ཤིན་ཏུ་ཆེ་བའིརྒྱལ་ཁབ་གཅིག་གི་ནང་དུས་ཁུལ་མི་འདྲ་བ་བའི་ཚད་ལྡན་དུས་ཚོད་ལག་བསྟར་བྱ་དགོས་པའི་སྐྱོན་ཆ་ལྷགས་སྲིད་པ་དཔེར་ན། རང་རེའི་རྒྱལ་ཁབ་ནི་ས་ཡི་གོ་ལའི་དུས་ཁུལ་ཉི་ཤུ་བཞིར་བགོས་པའི་གནས་ཚུལ་གཞིར་བཟུང་ན།  ནུབ་དངོས་ཀྱི་བོད་ལྗོངས་ནས་ཤར་ཕྱོགས་རྒྱ་ཆེན་པོའི་བར་དུ་དུས་གསུམ་གྱི་ས་ཁྱོན་ཡོད་པས་ཚད་ལྡན་དུས་ཚོད་མི་འདྲ་བ་གསུམ་བེད་སྤྱོད་བྱ་དགོས་པ་ཡིན་ཀྱང་། དེ་ལྟར་བྱས་ན་ཧ་ཅང་རྙོག་འཛིང་ཆེ་བར་བརྟེན། རྒྱལ་ས་པེ་ཅིན་གི་གནས་ཡུལ་ཤར་ཁུལ་བརྒྱད་པ་སྟེ་ཏུའུ་བརྒྱ་དང་ཉི་ཤུ་ཐམ་པའི་ཚད་ལྡན་དུས་ཚོད་བེད་སྤྱོད་བྱས་ན། རྒྱལ་ཡོངས་དང་འདྲ་བར་སྟབས་བདེ་ཡོད་པས་རྒྱུན་དུ་པེ་ཅིན་གི་ཚད་ལྡན་དུས་ཚོད་ལག་བསྟར་བྱས་པ་དང་། ཧྥ་རན་སིའི་རྒྱལ་ས་པ་ལི་ནི་དོན་དངོས་ཐོག་ཀླད་ཀོར་ས་ཁུལ་དུ་ཡོད་ཀྱང་དེའི་ཚད་ལྡན་དུས་ཚོད་བེད་སྤྱོད་མ་བྱས་པར་ཤར་ཁུལ་དང་བོའི་ཚད་ལྡན་དུས་ཚོད་ལག་བསྟར་བྱེད་ཀྱི་ཡོད་པ་ལྟ་བུ་རེད།

   དུས་ཁུལ་ཉི་ཤུ་རྩ་བཞི་པོ་སོ་སོའི་ཉེ་ལོགས་ཀྱི་ཚད་ལྡན་དུས་ཚོད་བར་དུ་ཆུ་ཚོད་རེ་རེའི་བར་ཁྱད་ཡོད་པ་དང་། རང་རང་སོ་སོའི་ཤར་ཕྱོགས་ཀྱི་ཆུ་ཚོད་ནི་རང་ས་ལས་ཆུ་ཚོད་གཅིག་གི་སྔ་བ་ཡོད་པ། དཔེར་ན། པེ་ཅིན་གི་རེས་གཟའ་ཟླ་བའི་ཉིན་དགུང་ཆུ་ཚོད་བཅུ་གཉིས་པར་སླེབས་སྐབས། ཤར་ཁུལ་དགུ་བར་གནས་པའི་རི་པན་གྱི་རྒྱལ་ས་ཏུང་ཅིང་གི་རེས་གཟའ་ཟླ་བའི་ཕྱི་དྲོའི་ཆུ་ཚོད་དང་བོར་སླེབས་ཟིན་པ་དང་།
      རང་རྒྱལ་གྱི་ནུབ་ཕྱོགས་དབྱིན་ཇི་རྒྱལ་ཁབ་ཀྱི་ནམ་ལངས་ཁའི་ཆུ་ཚོད་བཞི་བ་མ་གཏོགས་སླེབས་མེད་ཅིང་། ཨ་མེ་རི་ཁའི་གྲོང་ཁྱེར་ཧ་ཧྲན་ཏུན་ལ་གཟའ་ཉི་མའི་ནམ་ཕྱེད་མ་ཟིན་གྱི་ཙམ་གྱི་ཆུ་ཚོད་ཉི་ཤུ་རྩ་གསུམ་པར་མ་གཏོགས་སླེབས་མེད་པ་ལྟ་བུ་རེད།   རྒྱལ་སྤྱིའི་ཐོག་ད་དུང་གཏན་འབེབས་བྱས་དོན་དུ། ཞི་བདེ་རྒྱ་མཚོ་ཆེན་པོའི་གཞུང་ཐིག་བརྒྱ་དང་བརྒཡད་ཅུ་བ་དེ་ནི་རྒྱལ་སྤྱིའི་མཚོ་ཐོག་གི་དུས་ཚོད་འགྱུར་ལྡོག་གཏོང་སའི་མཚོན་ཐིག་ཡིན་པར་གཏན་འཁེལ་བྱས་ཡོད། དེ་ཡང་གྲུ་གཟིངས་ཐོག་ནས་ཞི་བདེ་རྒྱ་མཚོ་ཆེན་པོ་བརྒྱུད་འགྲོ་མཁན་ཡིན་ན།  ནུབ་ནས་ཤར་ཕྱོགས་སུ་ཁ་གཏད་དེ་འགྲོ་སྐབས་ས་ཡི་གོ་ལའི་རང་འཁོར་གྱི་ཁ་ཕྱོགས་དང་མཐུན་ཡིད་པས་དེ་ཉིན་གྱི་རེས་གཟའ་དེ་ནས་ཉིན་གཅིག་ཕྱི་བཤོལ་བྱ་དགོས་(དཔེར་ན། དེ་ཉིན་རེས་གཟའ་མིག་དམར་ཡིན་ན་རེས་གཟའ་ཟླ་བར་ཕྱི་བཤོལ་བྱ་དགོས་པ) དེ་ལས་ལྡོག་སྟེ་གྲུ་གཟིངས་ཤར་ནས་ནུབ་ཕྱོགས་སུ་ཁ་གཏད་ནས་འགྲོ་སྐབས་ས་ཡི་གོ་ལའི་རང་འཁོར་གྱི་ཁ་ཕྱོགས་དང་གདོང་གཏད་ནས་འགྲོ་གི་ཡོད་པས་དེ་ཉིན་གྱི་རེས་གཟའ་དེ་ཉིན་གཅིག་སྔ་བསྣུར་བྱ་དགོས་པ(དེ་ཉིན་རེས་གཟའ་མིག་དམར་ཡིན་ན་རེས་གཟའ་ལྷག་པར་མཆོང་དགོས) ལྟ་བུ་ཡིན།  གནམ་གྲུའི་ཐོག་ནས་འགྲོ་སྐབས་ཀྱང་དེ་དང་འདྲ་བར་ཕྱི་བཤོལ་དང་སྔ་བསྣུར་བྱེད་དགོས།
      བོད་ས་གནས་སད་པེ་ཅིན་གི་ཡུལ་གྱི་དུས་ཚོད་བར་ཁྱད་ནི། དབྱར་སྟོན་ཉིན་མཚན་མཉམ་པའི་སྐབས་ཆུ་ཚོད་གཅིག་དང་སྐར་མ་སུམ་ཅུའི་བར་ཁྱད་ཡོད་ཅིང་། དབྱར་དགུན་ཉི་ལྡོག་སྐབས་ཆུ་ཚོད་གཉིས་ཀྱི་བར་ཁྱད་ཡིད་པ་དུས་ཡུན་རིང་བོར་ཐེངས་མང་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ།  ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532744
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།