འཇིགས་མེད་རྒྱལ་མཚན་མཆོག་གིས་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོ་ནས་འཆད་ཁྲིད་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འཇིགས་མེད་རྒྱལ་མཚན་མཆོག་གིས་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་ད
འཇིགས་མེད་རྒྱལ་མཚན་མཆོག་གིས་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོ་ནས་འཆད་ཁྲིད་གནང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-25ལྟ་ཀློག (3859)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སློབ་གསོ་བ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་ནས་ཀུན་སྤྱོད་སློབ་གསོ་གནང་བ།

   ༢༠༡༧ ལོའི་སྤྱི་ཟླ་༤་བའི་ཚེས་༢༤ ཉིན། རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་འཆམ་ཐུན་དང་ཀུན་སྤྱོད་སློབ་གསོ་བརྗོད་གཞི་བྱས་པའི་༼དགེ་རྒན་དང་སློབ་མའི་ཀུན་སྤྱོད་ཚད་གཞི་མཐོ་རུ་གཏོང་རྒྱུ་ནི་སྤྱི་ཚོགས་བདེ་འཇགས་ཡོང་བའི་རྨང་གཞི་ཡིན།༽ཞེས་པའི་འཆད་ཁྲིད་བྱ་འགུལ་ཞིག་སྤེལ། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་གཞི་རྩ་ནི་སློབ་གསོར་རག་ལས་པ་དང་།  དེ་ལས་ཀྱང་ཀུན་སྤྱོད་སློབ་གསོ་ནི་སློབ་གསོའི་རྨང་རྡོ་ལྟ་བུར་གྱུར་ཡོད་པ་རེད། དེ་ཕྱིར་ངེད་སློབ་གྲྭས་དགེ་རྒན་གྱི་མི་གཞི་ག་འདྲ་ཞིག་ཡིན་དགོས་པ་དང་སློབ་མའི་མི་གཞི་གང་འདྲ་ཞིག་སྐྱོང་དགོས་པ་བརྗོད་གཞིར་བཟུང་ནས་འཆད་ཁྲིད་དང་བྱ་འགུལ་སྣ་ཚོགས་རབ་དང་རིམ་པ་སྤེལ་འཆར་ཡོད་ལ།  གཅིག་ནས་སྤྱི་ཚོགས་སྟེང་གི་སློབ་གསོའི་ཆེད་མཁས་པ་མང་པོ་གདན་དྲངས་ཏེ་དགེ་སློབ་ཡོངས་དང་ཁྱིམ་བདག་ཡོངས་ལ་འཆད་ཁྲིད་གནངརྒྱུ་དང་གཟའ་རེའི་འཆར་ཅན་ལྟར་རང་སློབ་གྲྭའི་དགེ་རྒན་བདམས་ཏེ་སློབ་མར་ཀུན་སྤྱོད་སློབ་གསོ་བརྗོད་སྙིང་བྱས་པའི་ཁ་ཏ་བྱ་རྒྱུ། གཞན་ད་དུང་སྨྱན་གཟུགས་དང་སྒོ་སམ་ཚགས་པར་སོགས་ཕྱོགས་ཡོངས་ནས་ཀུན་སྤྱོད་སློབ་གསོའི་སྐོར་གྱི་ཤེས་བྱ་ཁྱབ་བསྒྲགས་བྱ་རྒྱུ།  སྤྱིར་སློབ་གྲྭ་ཞིག་ལ་མཚོན་ན་སློབ་གྲྭ་རང་ཉིད་ཀྱི་སློབ་གསོའི་ཐབས་ལམ་དང་དམིགས་ཡུལ་ཞིག་ཡོད་ལ།  དགེ་རྒན་ཞིག་ལ་མཚོན་ནའང་དེ་ལྟར་ཡིན་པར་འདོད། དེ་ན་ང་ཚོའི་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་ནི་ཀུན་སྤྱོད་དང་མི་གཞི་གཙོ་བོར་གྱུར་བའི་ཤེས་ཡོན་གཉིས་འཛོམས་ཀྱི་སློབ་མ་སྐྱོང་རྒྱུ་དམིགས་སུ་བཟུང་ཡོད་ལ། འདིའི་ཕྱོགས་ནས་དགེ་རྒན་ནས་མགོ་བརྩམས་ཏེ་བརྩོན་ལེན་དང་དག་ཐེར་བྱ་འཆར་ཡོད།

      ཐེངས་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་སོགས་གསར་འཛུགས་གནང་མཁན་གངས་ཅན་བོད་པའི་གསོ་བ་ཆེན་མོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གདན་དྲངས་ཏེ།ཀུན་སྤྱོད་སློབ་གསོ་ལས་འཕྲོས་པའི༼ དགེ་རྒན་དང་སློབ་མའི་ཀུན་སྤྱོད་ཚད་གཞི་མཐོ་རུ་གཏོང་དགོས་པའི་གལ་ཆེན་རང་བཞིན་དང་། ད་ལྟའི་གནས་བབས་དང་སྦྲགས་ཏེ་བོད་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེན་རང་བཞིན་སྐོར༽གསུང་གླེང་ཞིབ་རྒྱས་གནང་།ཐེངས་འདིའི་བྱ་འགུལ་ལ་ངེད་སློབ་གྲྭའི་དགེ་སློབ་ཡོངས་དང་ཁྱིམ་བདག་སོགས་མི་གྲངས་ཉིས་སྟོང་ལ་ཉེ་བ་ཞུགས་ཤིང་སློབ་དཔོན་ཁོང་གིས་གསུང་པའི་མི་གཞི་སྐྱོང་ལུགས་དང་རང་མི་རིགས་ཀྱི་རིག་གནས་ཀྱི་གལ་ཆེན་རང་བཞིན་སོགས་ཉན་རྗེས་ངེས་ཟིན་གཟབ་མོ་ཐོབ།ལྷག་པར་དུ་ང་ཚོ་དགེ་རྒན་རྣམས་ལ་བློ་སྤོབས་དང་ཐབས་ལམ་བསྩལ་བས་མ་འོངས་པའི་མདུན་ལྗོངས་ལེགས་པོ་ཞིག་བསྐྲུན། ཐེངས་འདིའི་བྱ་འགུལ་བརྒྱུད་དེ་ངེད་སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་མི་རིགས་སློབ་གསོའི་ལས་དོན་ཐད་ལ་ནུས་ཤུགས་ཡོད་དགུ་འདོན་རྒྱུའི་ཆོད་སེམས་བརྟན་པོ་རྙེད།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ལ་ཕེབས་བསུ་གནང་བ།

སློབ་མ་རྣམས་ཀྱིས་དགེ་རྒན་མཆོག་ཕེབས་བསུ་གནང་བཞིན་པ།

དགེ་རྒན་དང་སློབ་མའི་ཀུན་སྤྱོད་ཀྱི་ཚད་གཞི་མཐོ་རུ་གཏོང་དགོས་པའི་ལམ་སྟོན་བསླབ་བྱ་གནང་བ།

སློབ་མ་རྣམས་ཀྱིས་གཟབ་ནན་སྒོས་ཁོང་གི་བཀའ་སློབ་ལ་གསན་བཞིན་པ།

ཚོགས་རའི་ཡུལ་ངོས།

མཉམ་པར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527530
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།