གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་དོན་འཇོན་ནུས་གསོ་སྦྱོང་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་དོན་འཇ
གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་དོན་འཇོན་ནུས་གསོ་སྦྱོང་སྤེལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-23ལྟ་ཀློག (5528)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་དོན་འཇོན་ནུས་གསོ་སྦྱོང་སྤེལ་བ།

    ༢༠༡༧ལོའི་༤བའི་ཚེས༢༢ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་ཚོགས་དང་གངས་ལྗོངས་གཅེས་ནོར་འོ་ལས་ཚད་ཡོད་མཐུན་གཉེར་ཁང་གཉིས་མཉམ་འབྲེལ་སྒོས་བསྡུས་པའི་བོད་ཁུལ་ཡོངས་ཀྱི་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་འབྲི་མོའི་འོ་མའི་ཐོན་རྫས་ཚབ་ཚོང་མི་སྣ་རང་སློབ་གླིང་གི་མཐར་ཕྱིན་སློབ་མའི་ཁྲོད་ནས་བདམས་པའི་སྐབས་དང་བོའི་གསོ་སྦྱོང་ཚོགས་འདུ་སྟེ་ཚོང་དཔོན་ནོར་བུ་བཟང་བོའི་ཚོང་དོན་གྱི་ལམ་ལུགས་བསྙེགས་པ་ཞེས་པ་མགོ་ལོག་ཁུལ་དུ་གཟབ་རྒྱས་ངང་འཚོགས་ཤིང་།   ཐེངས་འདིའི་གཟབ་སྦྱོང་སྟེང་དུ་བོད་ཁུལ་ཡོངས་ནས་སླེབས་པའི་མཐར་ཕྱིན་སློབ་མ་ལྔ་བཅུ་ལྷག་མཉམ་དུ་འདུས།   ཚོགས་ཐོག་ཏུ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གངས་ལྗོངས་འོ་ལས་འཕེལ་རྒྱས་མཐུན་གཉེར་ཁང་གི་སྤྱིའི་ཁ་ཕྱོགས་དང་ཚོང་དཔོན་ནོར་བུ་བཟང་བོས་ཚོང་དོན་གྱི་ལམ་ལུགས་བསྙེགས་པའི་ཁ་ཕྱོགས་གཉིས་འབྲེལ་ནས་སློབ་གསོ་དང་ཁེ་ལས་ཕྱོགས་ནས་གཏམ་བཤད་གནད་དུ་འཁེལ་བ་གནང་ཞིང་།  ཐོན་མིའི་སློབ་ཚོགས་ཀྱི་འགོ་བ་ཁཱ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཐོན་མིའི་སློབ་ཚོགས་ཀྱི་ལོ་རྒྱུས་དང་འབྲེལ་ནས་ཐོན་མིའི་སློབ་ཚོགས་དང་སྤྲི་ཆར་བཟོ་གྲྭ་མཉམ་སྦྲེལ་བྱས་པའི་དོན་སྙིང་ཕྱོགས་ནས་གཏམ་བཤད་བྱས།  ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འབའ་སྣང་གྲོལ་ལགས་ཀྱིས་ང་ཚོ་ཅི་ཞིག་གི་ཆེད་དུ་མཉམ་གཅིག་ཏུ་འདུས་པ་དང་། ང་ཚོས་ལས་ཀ་འདི་དོན་སྙིང་ཅན་ཞིག་ཡིན་པ་ངོས་ཟིན་རྒྱུ། ང་ཚོའི་བསམ་བློ་དང་རྩལ་ནུས་མི་འདྲ་བ་ཕུགས་བསམ་གཅིག་ལ་འདྲེན་ཐུབ་དགོས་པ་བཅས་བརྗོད་གཞི་གསུམ་གྱི་སྟེང་ནས་གཏམ་བཤད་བྱས་ཤིང་།
 འོ་ཕྱེ་བཟོ་གྲྭའི་འགོ་གཙོ་ཚེ་ཐར་འབུམ་ལགས་ཀྱིས་ཐོན་ལས་ཀྱི་བྱེད་ལས་དར་སྤེལ་དང་ཐོན་རྫས་གསར་གཏོད་དར་སྤེལ་ཕྱོགས་ནས་གཏམ་བཤད་གནང་།  གངས་ལྗོངས་གཅེས་ནོར་འོ་ལས་ཚད་ཡོད་་མཐུན་གཉེར་ཁང་གི་ནོར་སྲིད་འགོ་གཙོ་པད་མ་མཁའ་འགྲོ་ལགས་ཀྱིས་གངས་ལྗོངས་འོ་མའི་གཅེས་ནོར་མཐུན་གཉེར་ཁང་གི་བརྒྱུད་རིམ་མཚམས་སྦྱོར་དང་འབྲེལ་ནས་ཚོང་ར་སྤྱིའི་ལམ་ལུགས་ཀྱི་ཕྱོགས་ནས་གཏམ་བཤད་གནང་། ཕྱིར་ཚོང་འགོ་བ་ཏིང་འཛིན་ལགས་ཀྱིས་གངས་ལྗོངས་གཅེས་ནོར་འོ་ཕྱེ་བོད་ཁུལ་ཕྱིར་ཚོང་ཕྱོགས་ཀྱི་ཆེད་ཁྲིད་བྱས་ཤིང་།  ཆེད་ཁྲིད་ཀྱི་མཇུག་ཏུ་མཉམ་དུ་བགྲོ་གླེང་དང་དྲི་བ་དྲིས་ལན་གནད་དུ་འཁེལ་བ་བྱས་པར་མ་ཟད།   བོད་ཁུལ་ཡོངས་ནས་མཐར་ཕྱིན་སློབ་མ་གཉིས་རེ་ཁ་རྒྱུགས་དང་འབྲེལ་ནས་ཕྱོགས་ཡོངས་ཀྱི་རྒྱུས་ལོན་ཁྲོད་བདམས་ཐོན་བྱུང་ཞིང་།  མཐར་གངས་ལྗོངས་གཅེས་ནོར་འོ་ལས་ཚད་ཡོད་མཐུན་གཉེར་ཁང་དང་རྨ་རྒྱལ་འབྲོག་ལས་འཕེལ་རྒྱས་ཚད་ཡོད་མཐུན་ཁང་གཉིས་ལ་གཟིགས་སྐོར་དང་བཅས་ཐེངས་འདིའི་ཚོགས་འདུ་བདེ་བླག་ངང་མཇུག་ཡོངས་སུ་རྫོགས་སོ།།

རྒྱུན་ལས་འགོ་གཙོ་རྣམས་ཀྱིས་གཏམ་བཤད་གནང་བཞིན་པ།

ཚོགས་ཞུགས་མི་སྣར་ཚོང་ལས་བྱེད་ཐབས་སྐོར་གྱི་དྲི་བ་གཏོང་བཞིན་པ།

དྲི་གཞི་ལ་གཟབ་ནན་གྱིས་ཉན་པ།

ཚབ་ཚོང་བྱེད་ཐབས་ཐད་ཀྱི་ཁ་རྒྱུགས་ལེན་བཞིན་པ།

ཐོན་རྫས་ཐོན་བསྐྱེད་བྱེད་ཐབས་སྐོར་ངོ་སྤྲོད་གནང་བ།

  

ཚོགས་འདུའི་ཡུལ་ངོས།

ཚོགས་འདུའི་ཡུལ་ངོས།

ཚོགས་ཞུགས་མི་སྣའི་མཉམ་པར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522513
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།