ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར། དང་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར། དང་བོ།
ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར། དང་བོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-18ལྟ་ཀློག (4124)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར།  དང་བོ།


                        སྐུ་འཁྲུངས་ནས་ལོ་བརྒྱད་པར་བསམ་ཡས་སུ་སླེབས་པའི་སྐོར།

                                                                       རྩོམ་པ་པོ་མི་གསལ།

      དེ་ཡང་ལོ་ཆེན་བཻ་ར་ཙ་ན་མཆོག་ནི་དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་ཡབ་གན་ཆག་རྡོ་རྗེ་རྒྱལ་དང་ཡུམ་སྒྲོན་ས་སྒྲོན་སྐྱིད་གཙང་གི་མྱང་ཆབ་དང་གཙང་ཆབ་འཛོམས་པའི་ཡུལ་མྱང་སྨད་ནས་གནས་འཕོས་ཏེ་སྙེ་མི་བྱེད་ཀར་དུ་བཞུགས་ཡུལ་མཛད་སྐབས་སྐུ་འཁྲུངས། ཕྱིས་སུ་ཨ་ཁུ་སྤ་གོར་ཧེ་འདོད་དང་ལྷན་ཅིག་བཞུགས། མཚན་ལ་གན་ཇག་ཐང་ཐ་རུ་བཏགས། ཁོང་སྐུ་གཞོན་ནུའི་དུས་སུ་ཡུལ་དེའི་ནག་པོ་རི་དང་བྲག་པོ་ཆེའི་བྲག་གཉིས་སུ་ཉི་ཟེར་ལ་བཅིབས་ནས།  ཕར་འབྱོན་ཚུར་འབྱོན་གྱི་ངོ་མཚར་བའི་མཛད་པ་མང་དུ་བསྟན། དགུང་ལོ་བརྒྱད་པར། མངའ་བདག་ཁྲི་སྲོང་སྡེ་བཙན་གྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་དགོངས་ནས། སློབ་དཔོན་པདྨའི་བཀའ་བཞིན་བོད་འབངས་ཡོངས་ལ་བུ་ཁྲལ་བསྡུས། ལོ་ཙཱ་བསླབས་ནས་དམ་ཆོས་བསྒྱུར་བཅུག་སྟེ་བོད་དུ་དམ་ཆོས་ཀྱི་མཛད་འཕྲིན་སྤེལ་བའི་དུས་སུ་འཁེལ་བ་དང་། གན་ཇག་ཐང་ཐ་འདི་ཉིད་སློབ་དཔོན་གྱི་ལུང་གིས་ཟིན་ཏེ། ཕ་མ་གཉིས་ལ་སློང་དང་སྟེར་བར་ངེས། སྤྲུལ་བའི་པཎ་ཆེན་རྩོད་མེད་གྲགས་པར་འབྱུང་གསུངས་ནས་རྒྱལ་བློན་རྟ་པ་དུ་མ་སྙེ་མོའི་བྱེད་ཀར་དུ་སླེབས་པའི་ཚེ། ཕྱི་དྲོའི་དུས་ན་བྱིས་པ་མང་པོས་སེམས་ཅན་སྣ་ཚོགས་བརྡེགས་ནས་ལོག་བྱུང་བ་དེའི་དཀྱིལ་ནས་བྱིས་པ་མགོ་ཆེ་བ། དཔྲལ་བ་འབུར་ལ་ཧོར་མིག་གིས་བལྟ་བ། མདོག་སྐྱ་ལ་ལག་པ་ཕྱག་རྒྱ་ཁ་ནས་གླུ་རྒྱང་འཐེན་པ་ཞིག་མཐོང་ཚེ་རྒྱལ་བོ་ཐུགས་དགྱེས་བཞིན་པས། བུ་ཁྱོད་སུའི་བུ་ཡིན་གསུངས་པར། ཕ་ཡི་བུ་ཡིན་ཟེར། ཕ་ཡི་མིང་ལ་ཅི་ཟེར་གསུངས་པས། ཕ་མ་གཉིས་པོའང་ཆང་དང་མར་ནག་ལ་སོགས་པ་ཁྱེར་འོངས་པར། མངའ་བདག་རྒྱལ་པོས་ཡབ་ཡུམ་གཉིས་ལ་ཁྱོད་ཀྱི་བུ་འདི་ང་ལ་མེད་ཐབས་མེད།། ས་བཅུའི་བྱང་ཆུབ་སེམས་དཔའ་དམ་པ་ཡིན།།  
བོད་ལ་འདི་མེད་དུད་འགྲོའི་གླིང་དང་འདྲ།།
རྒྱ་གར་འཕགས་པའི་ཡུལ་དུ་ཕར་བརྫངས་ནས།།
ཉན་ཐོས་ཨ་ཏིའི་བར་གྱི་ཐེག་པ་རྣམས།།
ཐམས་ཅད་མ་ལུས་བོད་དུ་བསྒྱུར་བཅུག་ནས།།
བོད་ཁམས་ཡོངས་ཀྱི་ལྷ་ཅིག་འདི་ལ་འཆོལ།།
ཞེས་སྟེར་དགོས་ལུགས་གསུངས་ནས། 
གསེར་སྲང་བཅུ་དང་གསེར་གྱི་པ་ཏྲ་བྱིན།།
ཕ་མ་གཉིས་པོས་བུ་བློསམ་ཐོང་བར་དྲན་མེད་གན་རྐྱལ་དུ་འགྱེལ་ཞིང་བརྒྱལ་སངས་ཙ་ན་སྤ་གོར་ཧེ་འདོད་ཀྱིས་སྨྲེ་ངག་འདོན་ཞིང་རྗེ་ལ་འདི་སྐད་ཞུས།  
རྒན་རྒོན་གཉིས་ལ་བསམ་པ་འདི་གཅིག་པུ།།
དཔྲལ་བའི་མིག་ཡིན་ཁོག་གི་སྙིང་ཡིན་པས།།
ལོ་བརྒྱད་ལོན་པས་སྒྲ་བསྒྱུར་མི་ཤེས་ཏེ།།
ཅིས་ཀྱང་བདག་ལ་བཀའ་དྲིན་མི་སྩོལ་ཞུ།།
དེ་སྐད་ཞུས་པས་རྒྱལ་པོས་བཀའ་སྩལ་བ།།
སློབ་དཔོན་ཆེན་པོ་པདྨའི་ལུང་བསྟན་ཡིན།།
རྒན་རྒོན་གཉིས་ཀྱང་ང་ཡི་རྗེས་ལ་འགྲོ།
མ་བུ་གསུམ་གྱི་སྐྱིད་སྡུག་ང་རང་ཤེས།།
ཡུལ་དབུས་གནམ་ལ་ཁ་བསྟན་ཡར་ཀླུང་བཟང་།
གསུངས་ནས། ཡབ་ཡུམ་གཉིས་པོ་ཡར་ཀླུང་རོག་པ་རྩ་རུ་བཞག གན་ཇག་ཐང་ཐ་བསམ་ཡས་སུ་ཁྲིད། མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུག ལོ་བདུན་ཡུན་ལ་དཀར་གསུམ་མངར་གསུམ་བྱིན། ཤེས་རབ་བསྐྱེད་ཐབས་བློ་འཕེལ་གཟུངས་སྒྲུབ་ཀྱིས་ལོ་གསུམ་བར་དུ་སྒྲ་རྣམས་མཁས་པར་བསླབས།
དེ་ནས་རྒྱལ་བོས་སློབ་དཔོན་རྣམ་པ་གཉིས་བསམ་ཡས་སྒྲ་བསྒྱུར་གླིང་དུ་སྤྱན་དྲངས། ས྄།ོབ་དཔོན་རྣམ་པ་གཉིས་དང་བཻ་རོ་ཙ་ན་ལ་མཉེས་པའི་ཞབས་ཏོག་མཛད་དེ། གསང་སྔགས་ནང་བའི་ཆོས་འཁོར་བསྐོར་དུ་གསོལ། ཞུས་པས། སློབ་དཔོན་གྱིས་གསང་སྔགས་ཀྱི་ཆོས་གསུངས་ཤིང་བཻ་རོ་ཙ་ན་ས་བསྒྱུར་བར་རྒྱལ་བོས་ཐུགས་དཀྱེས། དུས་དེ་ཙམ་ལ་བཻ་རོ་ཙ་ན་ལ་སོགས་པའི་སད་མི་བདུན་རབ་ཏུ་བྱུང་ལ། མདོ་ལྟར་ཡེ་ཤེས་སྡེ་དང་སྔགས་ལྟར་བཻ་རོ་ཙ་ན་ཞེས་པའི་མཚན་ཡང་གསོལ།།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wp3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23649665
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།