གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་དྲུག་པའི་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་དྲུག་པའི་གསེར་སྨྱུག
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་དྲུག་པའི་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-14ལྟ་ཀློག (6302)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་དྲུག་པའི་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་།

        སྤྱི་ཟླ་༤བའི་ཚེས་༡༤ཉིན་གྱི་ཕྱི་དྲོའི་སློབ་ཐུན་གཉིས་པ་དང་གསུམ་པའི་སྐབས་སུ་སློབ་དོན་ཁང་གི་གཙོ་འགན་པ་རྒན་སྒྲོལ་མ་སྐྱབས་ཀྱིས་མདོ་འཛིན་མཛད་ནས་གསེར་སྨྱུག་རྟགས་མའི་རྒྱ་བོད་དབྱིན་གསུམ་གྱི་ཡིག་གཟུགས་འགྲན་སྡུར་ཐེངས་དྲུག་པ་སྤེལ། ཐེངས་འདིའི་བྱ་འགུལ་ལ་སློབ་རིམ་དང་བོ་ནས་དགུ་བའི་བར་གྱི་འཛིན་གྲྭ་སོ་སོའི་སློབ་བུ་དྲུག་རེ་ཞུགས། སློབ་རིམ་དང་བོ་ནས་གསུམ་པའི་བར་སྐོར་ཚོ་གཅིག་དང་། བཞི་བ་ནས་དྲུག་པའི་བར་དང་། དམའ་འབྲིང་རིམ་པ་གཅིག་སྟེ་སྐོར་ཁག་གསུམ་དུ་ཕྱེས་ཏེ་འགྲན་སྡུར་སྤེལ།   ཐེངས་འདིའི་བྱ་འགུལ་སྟེང་འཁོད་པའི་དགེ་རྒན་ཡོད་དོ་ཅོག་གིས་དཔྱད་འདེམ་བགྱིས་ཤིང་།  འདི་ཀའི་བདམས་ཐོན་བཞིན་འགྲན་ཞུགས་པ་སྤྱི་སྒེར་ཐམས་ཅད་ལ་བྱ་དགས་གཟེངས་སུ་བསྟད་པ་དང་ཆབས་གཅིག  སློབ་གཙོ་རྒན་བཀྲ་ཤིས་ཚེ་རིང་མཆོག་དང་། སློབ་གཙོ་གཞོན་པ་རྒན་འབྲུག་འབུམ་རྒྱལ། སློབ་གཙོ་གཞོན་པ་རྒན་འཇམ་དཔལ་རྣམ་འཇོམས་བཅས་ཀྱིས་འགྲན་ཞུགས་པའི་བརྩམས་ཆོས་ལ་ཕྲན་དཔྱད་དང་། སློབ་མ་ཞིག་ཡིན་པའི་ཐད་ནས་སུག་བྲིས་ཡག་པོ་ཞིག་འཁྱོངས་རྒྱུ་དེ་གལ་ཆེན་དུ་འཛིན་འོས་པའི་ཚུལ་དེ་ཉིད་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་ཕྱིན་ཅི་མ་ལོག་པར་གདམས་པ་གྲུབ་རྗེས་བྱ་འགུལ་རྒྱལ་ཁའི་ངང་གྲོལ་ལོ།།

སློབ་གཙོ་རྣམ་པ་གསུམ་གྱིས་བྱ་དགའ་གནང་བཞིན་པ།


དགེ་རྒན་རྣམ་པས་དཔྱད་ཅིང་འདེམ་པ།

དགེ་རྒན་ཚོས་དཔྱད་འདེམ་གནང་བཞིན་པ།

སློབ་གྲོགས་ཚོའི་ཡིད་སྨོན་གྱི་མིག་མདངས།

འགྲན་ཞུགས་པ་དང་གཟབ་ནན།

སྨྱུག་རྩེ་ལྷ་ཡིས་བསྒྱུར་པའི་འགྲན་ཞུགས་པ།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།


སློབ་དོན་ཁང་གི་གཙོ་འགན་པ་རྒན་སྒྲོལ་མ་སྐྱབས་ཀྱིས་བྱ་འགུལ་ལ་གཙོ་སྐྱོང་བྱེད་པ།

བྱ་དགའ་དང་ཡོན་ཏན་གྱིས་ཕྱུག་པའི་སློབ་ཚོགས།

རྣམ་པར་རྒྱལ་བའི་འཛིན་གྲྭ་རེ་འགའ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། པད་དཀར་འབངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23535254
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།