སི་ཁྲོན་ནས་ལྷ་སར་ཞབས་ཐང་དུ་བསྐྱོད་པའི་ལམ་ཐིགས་གསལ་བཤད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »སི་ཁྲོན་ནས་ལྷ་སར་ཞབས་ཐང་དུ་བསྐྱོད་པའི་ལམ་ཐིགས་གསལ་བཤད།
སི་ཁྲོན་ནས་ལྷ་སར་ཞབས་ཐང་དུ་བསྐྱོད་པའི་ལམ་ཐིགས་གསལ་བཤད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-31ལྟ་ཀློག (7466)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼  སི་ཁྲོན་ཐུགས་ཆེན་ནས་ལྷ་ས་ལ་རྐང་དབུས་སུ་བསྐྱོད་མི་ཚོར་ལམ་གྱི་ས་མིང་དང་ལེ་བར་སོགས་ཤེས་ཚོར་ཙམ་ཡིག་ཐོག་ཏུ་བཀོད་པ།༽


    སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་ཁྲོ་སྐྱབས་གྲོང་རྡལ་གྱི་ཁོངས་གཏོགས་ཐུགས་ཆེན་ནས་ལེའུ་བར14མཚམས་དགའ་གནས་ཡུལ་ཚོ(二嘎里乡)ཡོད།  དེ་ནས་ལེའུ་བར་24མཚམས་ན་ཕོ་སུལ་ཡུལ་ཚོ་(蒲西乡)ཡོད། དེ་ནས་ལེའུ་བར་10མཚམས་ན་གཙང་ཁོག་ཟམ་པ་(宗科桥)ཡོད།ལག་པ་གཡོན་ཕྱོགས་ནས་ཟམ་པ་ལ་བུད་ནས་འགྲོ་དགོས།དེ་ནས་ལེའུ་བར་17མཚམས་ན་གཙང་ཁོག་ཞིང་(宗科乡)ཡོད།དེ་ནས་ལེའུ་བར་20མཚམས་ན་རི་ཤོབ་དགོན་(热哈寺)ཡོད།དེ་ནས་ལེའུ་བར་མི་གསལ་ལ་རི་མགོ་ནས་ཐུང་ལམ་ལེན་སས་ཡོད།དེ་ནས་24མཚམས་ན་ལི་སྟོད་ཞིང་(上罗柯乡)ཡོད།ལི་སྟོད་ཞིང་ནས་རི་སྡོད་ཟམ་པའི་(日都桥)གཡོན་ཕྱོགས་སུ་བུད་དེ་ལེ་བར་25ཙམ་ལ་སོང་ན་བྲག་འགོ་རྫོང་(炉霍县)ལ་ཐོན།དེ་ནས་13ཙམ་ན་ཡ་བདེ་ཞིང་(雅德乡)ཡོད།དེ་ནས་ལེ་བར་20ཙམ་ན་འདམ་མདོ་ཞིང་(旦都乡)ཡོད།དེ་ནས་ལེ་བར་17མཚམས་ན་ཏྲེ་ཧོར་ཞིང་(朱倭乡)ཡོད།དེ་ནས་ལེ་བར32་མཚམས་ན་ལྷོ་པ་ཞིང་(拖坝乡)ཡོད།དེ་ནས་ལེ་བར8ཙམ་ལ་སོང་ན་དཀར་མཛེས་(甘孜县)ལ་ཐོན་ཡོད།དཀར་མཛེས་དགོན་ཆེན་དང་རྐ་རག་ཇོ་བོ་སོགས་མཇལ་ས་མང་།དེ་ནས་ཁ་ནུབ་ལ་ཕྱོགས་ཏེ་རྫོང་མཐའི་ཟམ་པ་ཞིག་ལ་བུད་ནས་ལེ་བར་28ཙམ་ལ་སོང་ན་དར་རྒྱས་དགོན་པ་大金贡巴)ལམ་ཁ་ན་ཡོད། དེ་ནས་ལེ་བར་4ཙམ་ན་འདན་མ་ཞིང་(来马乡)ཡོདལ། ས་འདིར་རོང་པ་ཚ་(绒坝岔)ཡང་ཟེར། དེ་ནས་ལེ་བར་4ཙམ་ན་ཀཀརྨ་བའི་ལྭ་བ་ཆ་ཚང་མཇལ་རྒྱུ་ཡོད།དེ་ནས་ལེ་བར་27མཚམས་ན་ཁྲོ་བ་ཞིང་(错阿乡)ཡོད། དེ་ནས་ལེ་བར་25ཙམ་ལ་སོང་ན་ལམ་གྱི་སུམ་མདོ་ཞིག་ལ་ཐུག་དེ་ནད་ལག་གཡོན་ཕྱོགས་ལ་སོང་ན་མ་ཎི་གད་འགོ་(马尼干戈乡)ཡིན། དེ་ནས་ལེ་བར་12མཚམས་ན་ཡིད་ལྷུང་ལྷ་མཚོ་ཡོད།(拉错晋)དེ་ནས་ལེ་བར་21ཙམ་སོང་ན་སྡེ་དགེའི་ཁྲོ་ལའི་(雀儿山)ཉག་ཀར་ཐུག  གཡོན་ཕྱོགས་ནས་རྐང་ལམ་རྒྱུད་ནས་འགྲོ་དགོས། ཁྲོ་ལའི་རྒྱབ་ཕྱོགས་ཀྱི་་ལ་འདབ་ནས་ལེ་བར་29མཚམས་ན་འཁོར་ལོ་མདོ་ཞིང་(柯洛洞乡)ཡོད། དེ་ནས་ལེ་བར་25ཙམ་ན་སྡེ་དགེ་རྫོང་(德格县)ལ་ཐོན། དེ་རུ་སྡེ་དགེ་དཔར་ཁང་ཆེན་མོ་མཇལ་རྒྱུ་ཡོད། དེ་ནས་ལེ་བར་24མཚམས་ནས་འབྲི་ཆུའི་ཁར་ཐོན་ལ།ཆུ་རྒྱུད་ནས་ཅུང་ཙམ་སོང་ན་འབྲི་ཆུའི་ཟམ་ཆེན་ལ་ཐོན་ཡོད། འདི་ཟི་ཁྲོན་དང་བོད་ལྗོངས་གཉིས་ཀྱི་ས་མཚམས་ཡིན། ཟམ་པའི་ཕར་ཕྱོགས་ནས་ལག་པ་གཡོན་སར་ལེ་བར་10སོང་ན་སྐམ་ཐོག་གྲོང་རྡལ་(岗托镇)ལ་ཐོན། དེ་ནས་ལེ་བར་15མཚམས་ནས་ལྔའི་ལར་(埃拉山)བརྒལ་དགོས། དེ་ནས་ལེ་བར་33མཚམས་ན་ཝ་རྭ་དགོན་(瓦拉寺)ཡོད། དེ་ནས་ལེ་བར་10མཚམས་ན་ཐང་ཕུག་(同普乡)ཞིང་ཡོད། དེ་ནས་ལེ་བར་17མཚམས་ན་འཇོ་མདའ་རྫོང་(江达县)ཡོད། དེ་ནས་ལེ་བར་10སོང་ན་མཁར་སྒང་ཞིང་卡贡乡)ཡོད། དེ་ནས་ལེ་བར་30ཙམ་ན་ཀེ་ལེའི་ལ་(格勒山)ཡོད། དེ་ནས་ལེ་བར་7ཙམ་སོང་ན་ལམ་གྱི་སུམ་མདོ་ཞིག་ལ་ཐུག  ལག་པ་གཡས་སར་ལེ་བར་3ཙམ་སོང་ན་ཆུ་གཉིས་མདོ་ཞིང་(青泥洞乡)ཡོད།  དེ་ནས་ལེ་བར་32མཚམས་གཡུ་ལུང་ཟངས་སྒར་(玉龙)ཡིན། དེ་ནས་ལེ་བར་35མཚམས་ན་ཐོས་བ་ཆོས་ཞིང་(妥坝乡)ཡོད། དེ་ནས་ལེ་བར་34མཚམས་ན་ལྷ་ཐོག་ཞིང་(拉多乡)ཡིན།  དེ་ནས་ལེ་བར་24མཚམས་ན་ཆེ་ཝན་ཞིང་(柴维乡)ཡོད།དེ་ནས་ལེ་བར་18མཚམས་ན་རི་གྲོང་ཞིང་(日通乡)ཡོད། དེ་ནས་ལེ་བར་24མཚམས་ན་རི་བཞི་ཞིང་(如意乡)ཡོད།  དེ་ནས་ལམ་འགྲམ་གྱི་རྡོ་མདུང་ལེ་བར་1296ལ་ཐོན་དུས་ཆབ་མདོར་(昌都)སླེབས་ཡོད།  ཆབ་མདོ་རྫོང་སྲང་ལམ་ཇོ་རྟ་ཟམ་ཆེན་ལ་བུད་ནས་ཟམ་སྣེའི་ལག་པ་གཡས་ཕྱོགས་སུ་ལམ་སྟེང་འོག་གཉིས་ཡོད་ལ་ལམ་འོག་མའི་ནང་དུ་སོང་ན་གཞུང་ལམ་214(国道)ལབུད་ནས་འགྲོ་དགོས།དེ་ནས་ལེའུ་བར1330་མཚམས་ན  ཁ་རོལ་གྲོང་རྡལ་(卡若镇)ཡོད། དེ་ནས་ལེ་བར་1350མཚམས་ན་ལྕགས་ཁ་གྲོང་ཚོ་(加卡村)ཡོད།དེ་ནས་ལེ་བར་13མཚམས་ན་དབའ་ཡོ་གྲོང་(瓦约村)ཡོད། དེ་ནས་ལེ་བར་21མཚམས་ན་དཀྱིད་ཐང་གྲོང་རྡལ་(吉塘镇)ཡོད། དེ་ནས་1387མཚམས་ནས་ལ་ཆེན་ཞིག་བརྒལ་དགོས།  དེ་ནས་ལེ་བར་1393མཚམས་ན་ཡིག་ཤར་གྲོང་ཚོ་(酉西村)ཡོད། དེ་རུ་སྒྲོལ་མའི་ཆུ་ཁོལ་ཡོད།དེ་ནས་ལེ་བར་1396ལཐོན་ན་སྡེ་བ་ཞིག་ཡོད་ལ་མདུན་ཕྱོགས་ཀྱི་རི་ངོས་ན་རྐང་ལམ་ཞིག་ཡོད་པ་དེ་ནས་འགྲོ་དགོས།དེ་ནས་ལེ་བར1429ནས་ལམ་གྱི་སུམ་མདོ་ཞིག་ལ་ཐུག   དེ་རུ་ཚོང་ཁང་དང་ཟ་ཁང་ཡོད་ལ་ལག་པ་གཡོན་གྱི་ལམ་དེད་ནས་འགྲོ་དགོས། དེ་ནས་ལེ་བར་1439མཚམས་ན་ཡིད་ཆེན་ཞིང་(益庆乡)ཡོད། དེ་ནས་ལེ་བར་1444མཚམས་ན་སྤང་མདའ་གནམ་གྲུ་ཐང་(邦达机场)ཡོད། དེ་ནས་ལེ་བར་1473མཚམས་ན་དཀྱིལ་གྲོང་ཞིང་(吉中乡)ཡོད།དེ་ནས་1485མཚམས་ན་སྤང་མདའ་གྲོང་རྡལ་(邦达镇)ཡོད། དེ་ནས་སུམ་མདོ་ཞིག་ཡོད་མོད་ལག་པ་གཡས་སར་བུད་ནས་གཞུང་ལམ་214སྐྱུར་ཏེ318ནང་འགྲོ་དགོས།(从214国道转入318国道)ལམ་ཆེན་མིི་འདེད་པར་ཐད་ཀར་གཟས་ནས་སོང་ན་ལེ་བར་3709ན་ཉིན་ལའི་ཁར་ཐོན་(业拉山)ཡོད།ལ་ཧ་ཅང་གཟར་མོ་ཞིག་ཡིན་པས་ཟབ་གནན་བྱེད་དགོས།མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་4658ཡིན(海4658)དེ་ནས་ལེ་བར་3753ན་རྒྱ་མོ་དངུལ་ཆུ་ཟམ་ཆེན(怒江大桥)ཡོད། དེ་ནས་ལེ་བར་3766ན་ཝ་རྟ་གྲོང་ཚོ་(瓦达村)ཡོད། དེ་ནས་ལེ་བར་3780ན་ལ་ཀུན་ཞིང་(拉根乡)ཡོད། དེ་ནས་ལེ་བར་3791ན་རྡོ་ལྷ་གནས་རི་དང་དཔའ་ཤོད་རྫོང་(八宿县)ཡོད། དེ་ནས་ལེ་བར་3798ན་དབལ་གདོང་གྲོང་ཚོ་(巴东村)ཡོད། དེ་ནས་ལེ་བར་3820ན་བཀྲ་ཤིས་རྩེ་གྲོང་ཚོ་(扎西孜村)ཡོད།དེ་ནས་ལེ་བར་3827ན་དཀྱིད་དག་ཞིང་(吉达乡)ཡོད།དེ་ནས་ལེ་བར་3857ན་ཨ་མཆོད་ལ་ཡོད། དེ་ནས་ལེ་བར་3879ན་ར་འོག་གྲོང་རྡལ(然乌镇)་ཡོད། དེ་ནས་ལེ་བར་3886་དབོལ་བ་གྲོང་ཚོ་(瓦巴村)ཡོད། དེ་ནས་ལེ་བར་3898ཆབ་མདོ་དང་ཉིང་ཁྲིའི་ས་མཚམས་ཡིན།དེ་ནས་ལེ་བར་3918སྨིག་སྨད་གྲོང་ཚོ་(米美村)ཡོད།དེ་ནས་4943ན་གཡུ་ཕུག་ཞིང་(玉㬱乡)ཡོད།དེ་ནས་4964ན་སུང་ཀྲུང་གྲོང་ར྄ལ་(松宗镇)ཡོད།དེ་ནས་ལེ་བར་3979ན་ལུང་ཡག་གྲོང་ཚོ་(龙亚村)ཡོད།དེ་ནས་ལེ་བར་3990ན་ཐོང་མོ་གྲོང་ཚོ་(通木村)ཡོད།དེ་ནས་ལེ་བར་4006ན་སྤོ་བོ་རྫོང་(波密县)ཡོད།དེ་ནས་ལེ་བར་4022ན་ཁ་ཏཱ་གྲོང་ཚོ་(卡达村)ཡོད།དེ་ནས་ལེ་བར་4038ན་དགུ་ཞིང་(古乡)ཡོད།དེ་ནས་ལེ་བར་4067ན་སོ་ཐོང་གྲོང་ཚོ་(索诵村)ཡོད།དེ་ནས་ལེ་བར་4095ན་མཐོང་མིད་གྲོང་(通麦)ཡོད།དེ་ནས་ལེ་བར་4110ན་ཕྲེད་ལུང་གྲོང་ཚོ་(排龙村)ཡོད།དེ་ནས་ལེ་བར་4129ན་སྟོང་འཇུག་་ཞིང་(东久乡)ཡོད།དེ་ནས་4158ན་ཀླུ་ནང་གྲོང་རྡལ་(鲁朗镇)ཡོད།དེ་ནས་ལེ་བར་4182ནས་གསེར་སྐྱེས་ལ་ཁར་ཐོན་(舍季拉山)ཡོད།དེ་ནས་4184མཚམས་ན་མར་ཉེ་ལམ་ལེན་ས་ཡོད།དེ་ནས་ལེ་བར་4199ལ་ཅུང་མ་ཐོན་ས་ན་ཡང་ཉེ་ལམ་ཡོད།དེ་ནས་ལེ་བར་4214ན་ཉིང་ཁྲི་གྲོང་རྡལ་(林芝镇)ཡོད།དེ་ནས་ལེ་བར་4224ན་མིང་གྲགས་ཆེ་བའི་ཤུག་སྡོང་ཆེན་པོ་དེ་ཡོད།དེ་ནས་ལེ་བར་4230ནས་ཉིང་ཁྲི་ཁུལ་ཐོག་དུ་ཐོན་(林芝)ཡོད།དེ་ནས་ལེ་བར་4247ན་གནས་གཞི་གྲོང་ཚོ་(尼西村)ཡོད།དེ་ནས་ལེ་བར་4263ན་བཅུ་འཕར་གྲོང་ཚོ་(久巴村)ཡོད།དེ་ནས་ལར་བར་4265ན་པད་མ་གདན་གྲོང་རྡལ་(更章乡)ཡོད།དེ་ནས་ལེ་བར4291ན་སྤེ་པ་གྲོང་རྡལ་(百巴镇)ཡོད།དེ་ནས་4299ན་གུ་རུ་རིན་པོ་ཆེ་སྒྲུབ་ཕུག་ཡོད།དེ་ནས་ཅུང་ཙམ་སོང་ན་གེ་སར་གྱི་མཁར་ཤུལ་ཞིས་ཡོད།དེ་ནས་ལེ་བར་4311ན་གནམ་གསར་སུམ་མདོ་(巴河镇)ཡོད།དེ་ནས་ལེ་བར་4350ན་ཀོང་པོ་རྒྱ་མདའ་རྫོང་(工布江达县)ཡོད།དེ་ནས་ལེ་བར་4383ན་ཐའེ་ཀྲའོ་གྲོང་ཚོ་(太照村)ཡོད།དེ་ནས་ལེ་བར་4403ན་སྤྱི་མདའ་གྲོང་རྡལ་(金达镇)ཡོད།དེ་ནས་ལེ་བར་4420ན་ཐོག་རྒྱ་ཞིང་(加兴乡)ཡོད།དེ་ནས་ལེ་བར་4456ན་སུམ་མདོ་ཞིང་(松多乡)ཡོད།དེ་ནས་ལེ་བར་4484ན་ཀོང་པོ་པ་ལ་(米拉山)ཡོད། དེ་ནས་ལེ་བར་4508ན་རི་ཐོག་ཞིང་(日多乡)ཡོད། དེ་ནས་ལེ་བར་4543ན་བཀྲ་ཤིས་སྒང་ཞིང་(扎西岗乡)ཡོད།དེ་ནས་ལེ་བར་4562ན་མལ་གྲོ་གུང་དཀར་རྫོང་ཡོད། དེ་ནས་ལེ་བར་4572ན་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་ཡོད། དེ་ནས་ལེ་བར་4591ན་གཙང་ལྟོགས་ཞིང(章多乡)་ཡོད། འདི་ནས་གཡོན་གྱི་ལམ་དེ་ནི་དགའ་ལྡན་དགོན་པ་འགྲོ་ལམ་ཡིན་པས་ལེ་བར་12ཙམ་ལས་མེད། དེ་ནས་ལེ་བར་4597ན་བཀྲ་ཤེས་ཞིང་ཡོད། དེ་ནས་ལེ་བར་4611ན་སྟག་རྩེ་རྫོང་(达 孜县)ཡོད། དེ་ནས་ལེ་བར་4632ན་གུ་རུ་ཟམ་པ་ཡོད།    དེ་ནས་ལྷ་ས་གྲོང་ཁྱེར་དུ་ཐོན།།     དགེའོ།།།

རྩོམ་ཡིག་མཁོ་སྤྲོད་པ།  སེང་དཀར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སི་ཁྲོན་ནས་ལྷ་སར་ཞབས་ཐང་དུ་བསྐྱོད་པའི་ལམ་ཐིགས་གསལ་བཤད།   སྤེལ་མཁན།: བོད་ཁྲབ་རྨོག སྤེལ་དུས:2017/4/1
ཡིག་ནོར་ཅུང་ཙམ་མང་པོ་འདུག་པས་འདི་ལ་ཟུར་ལྟ་བྱེད་ས་ཙམ་ལས་མི་འདུག་མོད ལྷག་བསམ་ལྡན་པས་བཀའ་དྲིན་ཞུ་འོས།
  སི་ཁྲོན་ནས་ལྷ་སར་ཞབས་ཐང་དུ་བསྐྱོད་པའི་ལམ་ཐིགས་གསལ་བཤད།   སྤེལ་མཁན།: Liu mai sang zhu སྤེལ་དུས:2017/3/31
ཤང་བྲི་དགོས་སར་ཞིང་བྲིས་འདུག །ལེ་བར་13ཅན་རྣམས་1300ཡར་ནང་བྲིས་པས་ཡིག་ནོར་མང་བས་གོ་དཀའ་རུ་བཏང་མི་འདུག་གམ། ད་དུང་གཞན་པ་ཡང་ནོར་བ་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23504295
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།